ཚན་རྩལ་གྱིས་སྣེ་ཁྲིད་དེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་ཆེན་པོས་སྐུལ་འདེད་བྱས་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན།   གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་ཕྱུགས་ལས་སྟེགས་བུ་འཛུགས་པར་སྐུལ་འདེད་དང་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞིའི་ཚོད་ལྟའི་ས་ཚུགས་ཚན་རྩལ་གྱིས་འདེགས་སྐྱོར་བྱེད་པར་བརྟན་བརླིང་གིས་སྐུལ་འདེད་བྱས་ཏེ།   རང་ཞིང་གི་སྐྱེ་ཁམས་སྲུང་སྐྱོབ་བྱ་བར་ཚན་རྩལ་གྱིས་འདེགས་སྐྱོར་བྱེད་པར་འདོན་སྤྲོད་བྱས།   2017ལོའི་ཚུན་ལ་རང་ཞིང་གིས་ཚན་རྩལ་གྱིས་སྣེ་ཁྲིད་བྱེད་པ་གཙོར་བཟུང་སྟེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་ཆེན་པོས་སྐུལ་འདེད་བྱས།

ཚན་རྩལ་གསར་སྐྲུན་ནི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་འཕེལ་རྒྱས་དང་རྒྱལ་ཕམ་ཐག་གཅོད་བྱེད་པའི་རྩ་བའི་རྒྱུ་རྐྱེན་ཡིན།   ཉེ་བའི་ལོ་འདི་འགར་རང་ཞིང་གིས་ཚན་རྩལ་གསར་སྐྲུན་བྱ་རྒྱུ་དེ་འཐུབ་ཇུས་ཀྱི་རྟེན་གཞིར་བཟུང་སྟེ།  རྒྱུན་མཐུད་འཕེལ་རྒྱས་ཀྱི་གནད་དོན་གལ་ཆེན་ལ་དམིགས་ནས་ཚན་རྩལ་གྱི་རོགས་འདེགས་ཇེ་དྲག་ཏུ་བཏང་སྟེ།  གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཞིབ་འཇུག་གླིང་འཛུགས་སྐྲུན་བྱེད་པར་ཧུར་བསྐྱེད་ཀྱིས་སྐུལ་འདེད་བྱས།    ཀྲུང་གོ་ཚན་རིག་ཁང་དང་མཉམ་འབྲེལ་གྱིས་ཚན་རྩལ་ཞབས་ཞུའི་དྲ་རྒྱ་དང་ཞིང་ཆེན་རིམ་པའི་ཚན་རྩལ་ཆེད་དོན་གལ་ཆེན་ལག་བསྟར་བྱེད་པར་མཉམ་དུ་རྩ་འཛུགས་བྱས་ཏེ། “སྐར་མ། མཁའ་དབྱིངས། ས་གཞི”གཞི་གཅིག་ཅན་གྱི་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་དང་གཞི་གྲངས་ཆེན་མོའི་སྟེགས་བུ་སྐྲུན་ནས།  གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་སྐྱེ་ཁམས་སྲུང་སྐྱོབ་ཇུས་ཆོད་ལ་ཚད་ངེས་ཅན་དང་སྤུས་ཚད་མཐོ་བའི་ཆ་འཕྲིན་གྱི་འདེགས་སྐྱོར་དང་གནད་འཁེལ་ཅན་གྱི་ཞབས་ཞུ་འདོན་སྤྲོད་བྱས།    མཚོ་སྔོན་གྱི་ས་ཁོངས་རྒྱ་ཁྱོན་ཆེ་ལ་ས་གཤིས་ཁྱད་ཆོས་རྙོག་འཛིང་ཡིན་པ།  སྐྱེ་ཁམས་མ་ལག་རྣམ་པ་སྣ་མང་ཅན་དང་གཞི་གྲངས་ཀྱི་ཚད་གཞི་དོ་མཉམ་མིན་པའི་མཚོ་སྔོན་གྱི་གནས་ཚུལ་དངོས་ལ་དམིགས་ཏེ།   མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་སྲུང་སྐྱོབ་དམར་ཐིག་དབྱེ་འབྱེད་དང་ལག་རྩལ་ཞིབ་འཇུག་དོ་དམ་ཚོད་འཛིན་བྱེད་པ་རྒྱབ་སྐྱོར་དང་རང་ཞིང་གི་སྐྱེ་ཁམས་སྲུང་སྐྱོབ་དམར་ཐིག་དང་འཚམས་པའི་དཔྱད་འཇོག་བྱེད་ཐབས་ལེགས་འདེམས་བྱས་ནས།   ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་ལ་སྐྱེ་ཁམས་སྲུང་སྐྱོབ་དམར་ཐིག་གི་བསམ་འཆར་ཇུས་གཞི་གསུམ་ཡར་སྤྲད་དེ་ལེགས་འདེམས་བྱས་པའི་ཇུས་གཞི་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་སྙན་ཞུ་བྱས།  

དུས་མཚུངས་སུ་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་ཕྱུགས་ལས་ཕྱོགས་བསྡུས་ཆ་འཕྲིན་སྟེགས་བུ་དང་རྩྭ་སའི་གནས་ཚུལ་ལྟ་སྐུལ་ཞིབ་བཤེར་དང་རྩྭ་ཕྱུགས་ཆ་སྙོམས་ཀྱིས་ངོས་འཛིན་བྱེད་པའི་མ་ལག་འཛུགས་སྐྲུན་ལེགས་འགྲུབ་བྱས་ཏེ།  ཆ་འཕྲིན་སྟེགས་བུ་དང་དཔེར་མཚོན་དཔེ་སྟོན་ས་ཁུལ་རྫོང་རིམ་པ་སྟེགས་བུའི་དྲ་འབྲེལ་བཀོལ་སྤྱོད་མངོན་འགྱུར་བྱས།  

ཐོག་མའི་དུས་སུ་“རང་བྱུང་རྩྭ་སའི་སྟེང་ལུགས་མཐུན་གྱིས་ཕྱུགས་འཚོ་བ་དང་གཟན་རྩྭའི་རྟེན་གཞི་འཛུགས་སྐྲུན།  དོ་དམ་ལ་ཤེས་རབ་ཀྱིས་འདེགས་སྐྱོར་བྱེད་པ།  སྤུས་ལྡན་གྱིས་གཟན་རྩྭའི་རྒྱུ་ཆར་ལས་སྣོན་བྱེད་པ།  གཟན་རྩྭ་གནད་འཁེལ་གྱིས་བཀོད་སྒྲིག་བྱེད་པ། ནོར་ལུག་ལ་དགུན་དུས་ཀྱི་གཟན་རྩྭ་དང་བདེ་ཐང་གི་གསོ་སྤེལ་ཁ་གསབ་བྱེད་པ།  མཐོ་སྒང་གི་ཁྱད་ལྡན་ཕྱུགས་ལས་ཐོན་རྫས་ལས་སྣོན་ལ་ཆ་འཕྲིན་ཅན་དོ་དམ་བྱེད་པ།  ཕྱུགས་ལས་ཐོན་རྫས་སྤུས་ཚད་འཚོལ་ཞིབ་དང་གློག་རྡུལ་ཚོང་དོན་སྟེགས་བུ”འཛུགས་སྐྲུན་ལེགས་འགྲུབ་བྱས་ཏེ་གཅིག་བསྡུས་ཅན་གྱི་སྐྱེ་ཁམས་ཕྱུགས་ལས་ཐོན་ལས་འབྲེལ་མཐུད་བྱེད་ཐུབ་པ་བྱས་ནས།   གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་རྣམ་པ་གསར་བ་འཛུགས་སྐྲུན་བྱས་པར་ཆ་འཕྲིན་དང་ལག་རྩལ་གྱིས་ཁྱོན་ཡོངས་ནས་འདེགས་སྐྱོར་བྱས།   གཞན་ད་རུང་རྒྱལ་ཁབ་ཀྱི་རྒྱུན་མཐུད་འཕེལ་རྒྱས་གྲོས་དོན་གོ་རིམ་གསར་སྐྲུན་དཔེ་སྟོན་ཁུལ་གྱི་བྱ་བ་བདེ་བླག་གིས་འཕེལ་རྒྱུས་འགྲོ་བར་སྐུལ་འདེད་བྱས་ཏེ། རྒྱལ་ཁབ་ཀྱི་བླང་བྱ་གཞིར་བཟུང་སྟེ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དེ་རྒྱལ་ཁབ་གསར་སྐྲུན་དཔེ་སྟོན་ཁུལ་གཙོ་བོ་རུ་གསར་སྐྲུན་བྱེད་པར་ཚན་རྩལ་པུའུ་ལ་གསར་སྐྲུན་རེ་ཞུ་བཏོན་ཡོད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།