གྲོང་མིའི་ནད་ལ་བལྟ་བའི་སྨན་བཅོས་ཀྱི་ཁུར་པོ་སྔར་བས་ཡང་དུ་བཏང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། གསར་འགོད་པས་ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་ནས་རྒྱུས་ལོན་བྱུང་བ་ལྟར་ན། རྒྱལ་ཁབ་ཀྱི་སྤྱིའི་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་ལ་གཞིགས་ནས། རང་ཞིང་གིས2017ལོའི་ཕྱོགས་བསྡུས་སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བསྒྱུར་བཅོས་དེ་ཞིང་ཆེན་གྱི་གནས་ཚུལ་དང་ཟུང་འབྲེལ་བྱས་ནས། སྙིང་སྟོབས་ཆེར་བསྐྱེད་ཀྱིས་འཚོལ་ཞིབ་དང་། རྒྱུན་མཐུད་ངང་ཤུགས་སྣོན་ཀྱིས་བསྒྱུར་བཅོས་ཀྱི་ལས་འགན་ཁག་ཕྱོགས་ཡོངས་ནས་བསྒྲུབས་པའི་རྨང་གཞིའི་ཐོག་ཕྱོགས་མང་པོའི་ཐད་ཀྱི་ཁྱད་ཆོས་འབུར་དུ་ཐོན་ཡོད་པ་རེད། དེའི་ཁྲོད་དུ། རང་ཞིས་གིས་སྨན་བཅོས་འགྲོ་གྲོན་ལ་ནུས་ལྡན་ཚོད་འཛིན་བྱས་ཏེ།རང་ཞིང་གི་གྲོང་མིའི་ནད་ལ་བལྟ་བའི་སྨན་བཅོས་ཀྱི་ཁུར་པོ་སྔར་བས་ཡང་དུ་བཏང་།

རང་ཞིང་གིས་གཞུང་བཙུགས་སྨན་ཁང་གི་སྨན་བཅོས་གྲོན་དངུལ་གང་བྱུང་སྤར་བར་ཚོད་འཛིན་བྱ་རྒྱུ་དེ་སྨན་བཅོས་བསྒྱུར་བཅོས་ཟབ་སྤེལ་བྱེད་པའི་དམིགས་འབེན་དང་ལས་འགན་གལ་ཆེན་བཟུང་སྟེ། གཅིག་གྱུར་གྱིས་འཆར་འགོད་བྱེད་པ། ཕྱོགས་བསྡུས་ཇུས་བསྟར། སྨན་བཅོས་ཚད་ལྡན་ལ་ཤུགས་སྣོན་རྒྱག་པ། སྨན་བཅོས་འགན་བཅོལ་འཐུས་ཚང་དུ་གཏོང་བ། སྨན་བཅོས་སྒྱུར་སོགས་སྲིད་ཇུས་མཉམ་འགུལ་དང་། སྨན་བཅོས་གྲོན་དངུལ་གང་བྱུང་སྤར་བར་ཚོད་འཛིན་བྱེད་པའི་ལག་བསྟར་ཇུས་གཞི་པར་འགྲེམས་བྱས་པ་བཅས་རིགས་དབྱེ་གཏན་འཁེལ་བྱས་ཏེ།ཞིང་ཆེན་རིམ་པའི་གཞུང་བཙུགས་སྨན་ཁང་14དང་གྲོང་ཁྱེར་དང་ཁུལ8 བཅས་ཀྱི་སྨན་རིན་ཚོད་འཛིན་དམིགས་ཚད་དུ་བཟུང་ནས། སྨན་དོན་མི་སྣའི་སྨན་བཅོས་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་དང་། སྨན་བཅོས་ལས་ཁུངས་ཀྱི་ནང་ཁུལ་ཚོད་འཛིན་གྱི་ལམ་ལུགས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ།གཞུང་བཙུགས་སྨན་ཁང་གི་གཞི་ཁྱོན་ཚོད་འཛིན་ནན་པོ་བྱེད་པ། སྨན་རྫས་དང་སྨན་བཅོས་ཡོ་ཆས་ཀྱི་ཟད་གྲོན་མཐོ་དྲགས་པ་དམའ་རུ་གཏོང་བ། སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་བྱེད་སྟངས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། ནད་ཐོག་སྨན་བཅོས་དོ་དམ་ལ་ཤུགས་སྣོན་བྱེད་པ། གཞུང་གཉེར་སྨན་ཁང་གི་གུན་གསབ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། རིམ་དབྱེའི་སྨན་བཅོས་མ་ལག་འཛུགས་པ། དམངས་ཡོངས་ཀྱི་བདེ་ཐང་སྐུལ་འདེད་དང་བདེ་ཐང་དོ་དམ་ལག་བསྟར་སོགས་ཕྱོགས9 ཡི་སྨན་རིན་ཚོད་འཛིན་གྱི་བྱེད་ཐབས་སྤྱད་པ་མ་ཟད།གཞུང་གཉེར་སྨན་ཁང་གི་སྨན་བཅོས་འགྲོ་གྲོན་གྱི་ཚོད་འཛིན་ལྟ་ཞིབ་ཚད་ལེན་འཐུས་ཚང་དུ་གཏོང་བ། བྱ་དགའི་ཁ་གསབ་ལམ་སྲོལ་དང་དཔྱད་ཞིབ་འགན་འདེད། དུས་བཀག་ལྟར་སྨན་བཅོས་ལས་ཁུངས་ཀྱིས་ས་ཁུལ་ཁག་གི་འགྲོ་གྲོན་དམིགས་ཚད་ཚོད་འཛིན་བྱས་ནས་དཔྱད་འབྲས་བརྡ་ཁྱབ་བཏང་སྟེ།དཔྱད་ཞིབ་ལག་བསྟར་ནན་ཏན་བྱས་པ་རེད། དཔྱད་ཞིབ་བྱེད་ཐབས། དཔྱད་ཞིབ་འབྲས་བུ་བཅས་ནོར་སྲིད་ཁ་གསབ་རོགས་དངུལ་སོགས་དང་འབྲེལ་མཐུད་བྱེད་དགོས་པའི་བླང་བྱ་བཏོན་པ། གཞུང་གི་སྨན་བཅོས་སྒྲིག་གཞིས་ལུགས་མཐུན་གྱི་ནད་བརྟག་སྨན་བཅོས་ཀྱི་བྱ་སྤྱོད་དེ། སྨན་དོན་མི་སྣར་བྱས་རྗེས་དཔྱད་ཞིབ་གདེང་འཇོག་བྱེད་པའི་ནང་དོན་གལ་ཆེན་དུ་བརྩི་དགོས་པ་བཅས་ཁ་གསལ་བཏོན་ཡོད། སྨན་བཅོས་འགྲོ་གྲོན་ལུགས་དང་མི་མཐུན་པར་འཕར་བའི་གནས་ཚུལ་བཀག་འགོག་ནུས་ལྡན་བྱུང་བ་དང་། གྲོང་མིའི་ནད་ལ་བལྟ་བའི་སྨན་བཅོས་ཀྱི་ཁུར་པོ་སྔར་བས་ཡང་དུ་བཏང་བ་རེད།

ལོ་ཙཱ་བ།རྟ་མགྲིན་དཔལ།