མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ།

ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཡིག་ཆ།(དོན་ལྔ་བ)

མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ།

——2018ལོའི་ཟླ1པའི་ཚེས28ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་སྟེང།

མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཅཱན་ཁྲ་ཀྲང། དབྱིན་པའེ།
    འཐུས་མི་རྣམ་པ། ད་ལྟ་ངས་མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཚབ་བྱས་ནས་ཚོགས་ཆེན་ལ་བྱ་བའི་སྙན་ཞུ་འབུལ་རྒྱུ་ཡིན་པས། གྲོས་ཞིབ་གནང་བ་དང། ཞིང་ཆེན་སྲིད་གྲོས་ཨུ་ཡོན་དང་གྲོས་ཚོགས་སུ་ཟུར་ཞུགས་མཛད་པའི་བློ་མཐུན་རྣམ་པས་ཀྱང་དགོངས་འཆར་གནང་བར་ཞུ།

 འདས་པའི་ལོ་ལྔའི་བྱ་བ་གཙོ་བོར་ཕྱི་མིག་ལྟ་བ།

2013ལོ་ནས་བཟུང། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་མཛུབ་ཁྲིད་བྱས་ཐོག ཞིང་ཆེན་ཏང་ཨུ་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཡང་དག་པའི་མགོ་ཁྲིད་དང། ཞིང་ཆེན་དམངས་འཐུས་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ནུས་ལྡན་ལྟ་སྐུལ་དང། སྲིད་གཞུང་གི་རྒྱབ་སྐྱོར་ཆེན་པོ། སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་འོག ང་ཚོས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཐབས་ཇུས་དང་བཀོད་སྒྲིག་རྦད་ཆོད་ཀྱིས་ལག་བསྟར་དངོས་འབེབས་བྱས་པ་དང། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྐྱོང་སྲིད་གཉེར་གྱི་འདུ་ཤེས་གསར་བ་དང་བསམ་བློ་གསར་བ། འཐབ་ཇུས་གསར་བ་བཅས་ཐོག་མཐའ་བར་གསུམ་དུ་བརྩི་སྲུང་བྱས་པ་དང། ཞིང་ཆེན་ཡོངས་ཀྱི་བྱ་བའི་ཁྱོན་ཡོངས་ལ་དམ་པོར་དམིགས་ནས།ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་རིམ་བྱུང་གི་གྲོས་ཆོད་ནན་ཏན་གྱིས་དངོས་འབེབས་བྱས་ཤིང། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་བསྩལ་བའི་འགན་འཁྲི་ལྷག་བསམ་གྱིས་ལག་བསྟར་བྱས་པ་དང། ཞིབ་དཔྱོད་བྱ་བའི་ཁྲོད་ཁ་ཕྱོགས་རང་བཞིན་དང་རྩ་བའི་རང་བཞིན་ལྡན་པའི་གནད་དོན་ཡང་དག་གིས་ཁོང་དུ་ཆུད་པར་བྱས་པ་དང། “ཤུགས་སྣོན་གསུམ”སྤྱིའི་བླང་བྱ་ནན་ཏན་གྱིས་ལག་ལེན་བྱས་པ་དང། “ལས་འགན་ཆེན་པོ་གསུམ”དངོས་སུ་དངོས་འབེབས་བྱས་ཏེ། ཞིབ་དཔྱོད་ལས་སྒོ་དང་ཞིབ་དཔྱོད་དཔུང་སྡེ། ཞིབ་དཔྱོད་ལས་དོན་འགན་སྲུང་བཅས “གཞི་གཅིག་ཅན་གྱི་འཛུགས་སྐྲུན” ལ་ཤུགས་ཆེན་པོ་བསྣན་ཡོད།
         2016 ལོ་ནས་བཟུང། ང་ཚོས“ཏན་ཏན་ཏིག་ཏིག་བཞིའི”བླང་བྱ་གལ་ཆེན་དང“སྒྱུར་བ་བཞིའི”མཚོ་སྔོན་སྐྱོང་བ་དང་སྲིད་དོན་གཉེར་བའི་བསམ་གཞིགས་གསར་བར་དམིགས་ནས། ཞིབ་དཔྱོད་འགན་ནུས་འདོན་སྤེལ་བྱེད་པ་དེ་ཞིང་ཆེན་གྱི་གནས་ཚུལ་དངོས་དང་མཉམ་འདྲེས་དམ་པོ་བྱེད་པའི་འདུ་ཤེས་སྔར་ལས་བརྟན་པོར་བཅངས་པ་དང།ཁྲིམས་འཛིན་སྒྲིག་སྲོལ་བཅོས་སྒྱུར་ཟབ་སྤེལ་བྱས་པ་དང། འགན་འཁྲི་གཙོ་བོ་དང་ལས་སྒོ་གཙོ་བོར་
ལྟ་སྐུལ་བྱེད་པར་སྟོབས་ཤུགས་གཅིག་སྒྲིལ་བྱས་པ། ཞིབ་དཔྱོད་འགན་ནུས་ལག་བསྟར་བྱས་པ་སོགས་ཀྱི་རྒྱུད་རིམ་ཁྲོད་ས་གནས་དེ་གར་རྩ་བ་ཚུགས་པ་དང་ས་གནས་དེ་གར་ཞབས་འདེགས་ཞུ་བ་རྒྱུན་འཁྱོངས་ལྷོད་མེད་བྱས་ཐོག ཞིབ་དཔྱོད་བྱ་བ་རྒྱུན་མཐུད་དང་བརྟན་འཇགས། སྐྱོན་བྲལ་ངང་འཕེལ་བར་འབད་བརྩོན་གྱིས་སྐུལ་སྤེལ་བཏང་སྟེ། མཚོ་སྔོན་གྱི་ཞིབ་དཔྱོད་ལས་དོན་ལ་གྲུབ་འབྲས་གསར་བ་ཐོབ་ཡོད།

གཅིག ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་ནུས་ཤུགས་ཡོད་རྒུས་ཞིབ་དཔྱོད་བྱེད་སྒོ་ཁྱབ་སྤེལ་བྱས།

ལོ་ལྔའི་རིང་ལ། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཐོག་མཐའ་བར་གསུམ་དུ་ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དེ་གལ་ཆེའི་ལས་འགན་ཨང་དང་པོར་བྱས་པ་དང། དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་རྒྱུན་རྣམ་གསར་བ་དང་སྣེ་མཐུད་གནད་འཕིགས་བྱས་པ། ཁྲིམས་ལྟར་རང་འགན་གཙང་སྒྲུབ་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཆམ་མཐུན་ངང་གོང་དུ་སྤེལ་བར་ཞིབ་དཔྱོད་ཞབས་ཕྱི་དང་འགན་སྲུང་འདོན་སྤྲོད་བྱས།
          ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་འདུ་ཤེས་བརྟན་པོར་བཅངས་ཐོག་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་འགན་སྲུང་བྱེད་པའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ། ཞིང་ཆེན་ཞིབ་དཔྱོད་ཁང་གིས་ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པར་ཞབས་འདེགས་ཞུ་བ་དང་སྐྱེ་ཁམས་དཔལ་ཡོན་སྔོན་སྐྱོད་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པར་ཞབས་འདེགས་ཞུ་བ། སྤྱི་དབང་ལམ་ལུགས་མིན་པའི་ཁེ་ལས་གོང་དུ་སྤེལ་བར་ཞབས་འདེགས་ཞུ་བ། ཚན་རྩལ་གསར་གཏོད་བྱེད་པར་ཞབས་འདེགས་ཞུ་བ་སོགས་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་བསམ་འཆར་དང་བྱེད་ཐབས་རབ་དང་རིམ་པ་སྔ་ཕྱིར་གཏན་འབེབས་དང་ལག་བསྟར་བྱས་ཏེ། རིམ་པ་སོ་སོའི་ཞིབ་དཔྱོད་ལས་ཁུངས་ཀྱིས་བཟོ་སྐྲུན་འཛུགས་སྐྲུན་དང་ཚོང་ལས་ཐད་ཀྱི་ལྐོག་རྔན་སོགས་ཁྱབ་ཁོངས་ཀྱི་འབུར་ཐོན་གནད་དོན་ཆེད་དོན་བཅོས་སྐྱོང་ཁྲོད་རྒྱུན་མཐུད་ངང་ཤུགས་འདོན་པར་མཛུབ་སྟོན་བྱས་པ་དང། ཤེས་ཡོན་ཐོན་དབང་ལ་གནོད་སྐྱེལ་བ་དང་རྫུན་ལྷད་ཞན་གསུམ་གྱི་ཚོང་རྫས་བཟོ་ཚོང་བྱས་པར་རྡུང་རྡེག་བཏང་བ་སོགས་ཀྱི་ཆེད་དོན་བྱེད་སྒོར་ཧུར་ཐག་གིས་ཞུགས་ཡོད། བསྡོམས་པས་བཟོ་སྐྲུན་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་ལས་གནས་ཐོག་གི་ཉེས་བསགས་གྱོད་གཞི129དང་མི142དང། ཚོང་ལས་ཐད་ཀྱི་ལྐོག་རྔན་གྱོད་གཞི86དང་མི98ལ་ཞིབ་གཅོད་བྱས་ཏེ། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་རང་འགུལ་རང་བཞིན་དང་ཁ་གཏད་རང་བཞིན། ཕན་འབྲས་རང་བཞིན་མངོན་གསལ་དུ་ཤུགས་ཇེ་ཆེར་བཏང།

 མི་དམངས་ལྟེ་བ་ཡིན་པའི་བསམ་བློ་ལག་ལེན་བྱེད་པར་འབད་བརྩོན་བྱས་ཐོག་དམངས་འཚོའི་ཐད་ཀྱི་ཞིབ་དཔྱོད་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་སུ་བཏང་བ། ཞིང་ཕྱུགས་ལ་འབྲེལ་བའི་ཁྱབ་ཁོངས་ཀྱི་ལྐོག་ཟ་ལྐོག་རྔན་ཉེས་བསགས་དང་དམངས་འཚོ་དམངས་ཕན་ལ་གནོད་སྐྱེལ་བའི་འགན་འཛོལ་ཤོར་བ་དང་དབང་ཆ་བརྩི་མེད་རྡོག་རོལ་བཏང་བའི་ཉེས་བསགས་ལ་ཞིབ་གཅོད་དང་སྔོན་འགོག་བྱས་པ་དང། དབུལ་སྐྱོར་ཁྱབ་ཁོངས་ཀྱི་ལས་གནས་ཐོག་གི་ཉེས་བསགས་དང་མང་ཚོགས་ཉེ་འགྲམ་དུ་བྱུང་བའི་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་སྐྱེལ་བའི་ལས་གནས་ཐོག་གི་ཉེས་བསགས་གཅིག་བསྡུས་ཀྱིས་འཆུན་འདོམས་བྱས་པ་དང་སྔོན་འགོག་བྱེད་པར་ཤུགས་བསྣན་པ། ཟས་རིགས་དང་སྨན་རྫས་གནོད་མེད་བདེ་འཇགས་ལ་གནོད་སྐྱེལ་བའི་ཉེས་བསགས་ལ་རྡུང་རྡེག་བཏང་བ་སོགས་ཀྱི་ཆེད་དོན་བྱ་བ་སྔ་ཕྱིར་རྩ་འཛུགས་དང་ཁྱབ་སྤེལ་བྱས་ཏེ། མི་དམངས་ཀྱི་སེམས་ཁུར་ལ་ཨ་ལན་བསློགས་པ་དང་དམངས་འཚོར་ཞབས་འདེགས་ཞུས་པ་དང་འགན་སྲུང་བྱས། བསྡོམས་པས་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་སྐྱེལ་བའི་ལས་གནས་ཐོག་གི་ཉེས་བསགས་གྱོད་གཞི285དང་མི439དང། ཞིང་ཕྱུགས་ལ་འབྲེལ་བའི་ཁྱབ་ཁོངས་ཀྱི་ལས་གནས་ཐོག་གི་ཉེས་བསགས་གྱོད་གཞི225དང་མི358། དབུལ་སྐྱོར་ཁྱབ་ཁོངས་ཀྱི་ལས་གནས་ཐོག་གི་ཉེས་བསགས་གྱོད་གཞི48དང་མི72བཅས་ལ་ཞིབ་གཅོད་བྱས་པ་དང།ཟས་རིགས་དང་སྨན་རྫས་གནོད་མེད་བདེ་འཇགས་ལ་གནོད་སྐྱེལ་བའི་ཉེས་བསགས་གྱོད་གཞི58དང་མི83ལ་འཛིན་བཟུང་ཆོག་མཆན་བཀོད་ཅིང། གྱོད་གཞི169དང་མི214ལ་ཞུ་གཏུག་བྱས།

སྐྱེ་ཁམས་ཁོར་ཡུག་ལ་ཁྲིམས་འཛིན་སྲུང་སྐྱོང་བྱེད་པར་དངོས་གནས་ཤུགས་བསྣན་ཐོག་སྐྱེ་ཁམས་ཐད་ཀྱི་ཞིབ་དཔྱོད་སྤུས་ཀ་ལེགས་པོར་བཏང་བ། སྲིད་འཛིན་ཁྲིམས་འཛིན་དང་ཉེས་དོན་ཁྲིམས་འཛིན་འབྲེལ་མཐུད་བྱེད་པའི་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་བཏང་ཐོག “ཆེད་ལས་ཅན་གྱི་བཅའ་ཁྲིམས་ལྟ་སྐུལ+སླར་གསོ་རང་བཞིན་གྱི་ཁྲིམས་འཛིན་ལག་ལེན+སྤྱི་ཚོགས་ཅན་གྱི་ཕྱོགས་བསྡུས་བཅོས་སྐྱོང”གི་སྐྱེ་ཁམས་ཐད་ཀྱི་ཞིབ་དཔྱོད་རྣམ་པ་ཧུར་ཐག་གིས་འཚོལ་ཞིབ་དང་ལག་ལེན་བྱས་ཏེ། ཁོར་ཡུག་བཅོས་སྐྱོང་དང་སྐྱེ་ཁམས་ཉམས་གསོ་བྱེད་པར་སྐུལ་འདེད་བཏང། ཞིབ་དཔྱོད་ལས་ཁུངས་ཀྱིས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པར་ཞབས་འདེགས་ཞུ་བ་དང་འགན་སྲུང་བྱེད་པའི་བསམ་འཆར་གཏན་འབེབས་བྱས་ཐོག་ལག་བསྟར་བྱས་ཤིང། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པར་ཞབས་འདེགས་ཞུ་བ་དང་འགན་སྲུང་བྱེད་པའི་ཆེད་དོན་ཞིབ་དཔྱོད་བྱེད་སྒོ་བཀོད་སྒྲིག་དང་ཁྱབ་སྤེལ་བྱས་པ། ཁོར་ཡུག་ཐོན་ཁུངས་ལ་གཏོར་བརླག་བཏང་བའི་ཉེས་བསགས་ལ་ཁྲིམས་ལྟར་རྡུང་རྡེག་བཏང་བའི་ཆེད་དོན་ཞིབ་དཔྱོད་བྱ་བ་རྒྱུན་མཐུད་ངང་ཁྱབ་སྤེལ་བྱས་པ་དང། བསྡོམས་པས་ཁོར་ཡུག་ཐོན་ཁུངས་ལ་གཏོར་བརླག་བཏང་བའི་ཉེས་ཅན337ལ་འཛིན་བཟུང་ཆོག་མཆན་བཀོད་པ་དང་མི344ལ་ཞུ་གཏུག་བྱས་པ་དང། སྐྱེ་ཁམས་ཁོར་ཡུག་ཐོན་ཁུངས་ཁྱབ་ཁོངས་ཀྱི་ལས་གནས་ཐོག་གི་ཉེས་བསགས་གྱོད་གཞི32དང་མི61ལ་ཞིབ་གཅོད་བྱས།

གཉིས། སྤྱི་ཚོགས་བརྟན་འཇགས་ཡོང་བར་སྲུང་སྐྱོང་བྱེད་པའི་ཁྲོད་ནུས་ཤུགས་ཡོད་རྒུས་ཞིབ་དཔྱོད་འགན་ནུས་འདོན་སྤེལ་བྱས།

ལོ་ལྔའི་རིང་ལ། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་ཚོགས་འཆམ་མཐུན་དང་བརྟན་འཇགས་ཡོང་བར་སྲུང་སྐྱོང་བྱེད་པ་དེ་འགན་འཁྲི་ཨང་དང་པོར་བྱས་ཏེ། བདེ་འཇགས་མཚོ་སྔོན་གྱི་འཛུགས་སྐྲུན་ནུས་ཤུགས་ཡོད་རྒུས་ཟབ་སྤེལ་བྱས། བསྡོམས་པས་ཉེས་དོན་ཉེས་བསགས་སྣ་ཚོགས་ཀྱི་དོགས་ཡོད་ཉེས་ཅན19366ལ་འཛིན་བཟུང་ཆོག་མཆན་བཀོད་པ་དང་མི29335ལ་གཞུང་གཏུག་བྱས།

སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོར་བཅངས་ཐོག་རྒྱལ་ཁབ་ཀྱི་བདེ་འཇགས་རྦད་ཆོད་ཀྱིས་སྲུང་སྐྱོང་བྱས་པ། སིམ་འཛུལ་ལ་ངོ་རྒོལ་བྱེད་པ་དང་ཁ་བྲལ་ལ་ངོ་རྒོལ་བྱེད་པ། འཇིགས་སྐུལ་ལ་ངོ་རྒོལ་བྱེད་པ། ལོག་ཆོས་ལ་ངོ་རྒོལ་བྱེད་པ། རང་བསྲེགས་ལ་ངོ་རྒོལ་བྱེད་པ་བཅས་ཀྱི་ཆེད་དོན་འཐབ་རྩོད་ལ་ཧུར་ཐག་གིས་ཞུགས་པ་དང། རྒྱལ་ཁབ་བདེ་འཇགས་ལ་གནོད་སྐྱེལ་བའི་ཉེས་བསགས་གྱོད་གཞི་ཐག་གཅོད་བྱེད་པའི་དགོངས་སྐོར་དང་ཞུ་འབུལ་ལམ་ལུགས་གསར་འཛུགས་བྱས་ཐོག “ཀུན་ཐུབ་ལྷའི”ལོག་ཆོས་རྩ་འཛུགས་ཀྱི་ཉེས་བསགས་དེ་ཚོར་སྣང་སྐྱེན་པོའི་གྱོད་གཞི་ཚབས་ཆེན་གྱི་ཁྱབ་ཁོངས་སུ་བཞག་ནས། རྒྱལ་ཁབ་བདེ་འཇགས་ལ་གནོད་སྐྱེལ་བའི་ཉེས་ཅན41ལ་ཁྲིམས་ལྟར་འཛིན་བཟུང་ཆོག་མཆན་བཀོད་པ་དང། “རང་བསྲེགས” དང“ཀུན་ཐུབ་ལྷའི”ཉེས་བསགས་གྱོད་གཞི69དང་མི133ལ་ཁྲིམས་ལྟར་ཞུ་གཏུག་བྱས།

འཛིན་བཟུང་ཆོག་མཆན་འགོད་པ་དང་ཞུ་གཏུག་བྱེད་པའི་འགན་འཁྲི་ཁྲིམས་ལྟར་ལག་བསྟར་བྱས་ཐོག་སྤྱི་ཚོགས་འཆམ་མཐུན་དང་བརྟན་འཇགས་ཡོང་བར་རྦད་ཆོད་ཀྱིས་སྲུང་སྐྱོང་བྱས་པ། གཏུམ་དྲག་གི་ཉེས་བསགས་ཚབས་ཆེན་དང་ནག་ཚོགས་སྟོབས་ཤུགས་ཀྱི་ཉེས་བསགས། འཕྲོག་བཅོམ་དང་བཙན་འཕྲོག རྐུ་ཁྱེར་སོགས་བྱུང་ཐེངས་མང་བའི་རྒྱུ་ནོར་ལ་གནོད་སྐྱེལ་བའི་ཉེས་བསགས་ལ་ཁྲིམས་ལྟར་རྡུང་རྡེག་དྲག་པོ་བཏང་བ་དང། འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ནག་ཚོགས་རྡུང་འཇོམས་བྱས་པ་དང། མེ་མདའ་སྔོག་བཤེར་དང་འབར་གས་ཚོད་འཛིན་བྱས་པ། གློག་འཕྲིན་བེད་སྤྱད་དེ་མགོ་སྐོར་གཡོ་ལེན་བྱས་པ། ཁྲིམས་དང་འགལ་ནས་མ་དངུལ་བསྡུ་རུབ་བྱས་པ། དངུལ་འཛིན་གྱི་ཉེས་བསགས།དུག་རྫས་ཀྱི་ཉེས་བསགས། སྨན་བཅོས་ལ་འབྲེལ་བའི་ཁྲིམས་འགལ་ཉེས་བསགས་སོགས་ཀྱི་ཆེད་དོན་འཆུན་འདོམས་བྱེད་སྒོ་སྤེལ་ཏེ། ཉེས་དོན་ཉེས་བསགས་ཚབས་ཆེན་ལ་ཆད་པ་དྲག་པོ་བཅད་པ་དང།བསྡོམས་པས་མི13913ལ་འཛིན་བཟུང་ཆོག་མཆན་བཀོད་པ་དང་མི20760ལ་ཞུ་གཏུག་བྱས།

གུ་ཡངས་དང་ནན་པོ་ཟུང་དུ་སྦྲེལ་བའི་ཉེས་དོན་ཁྲིམས་འཛིན་སྲིད་ཇུས་ནན་ཏན་གྱིས་ལག་བསྟར་བྱས་ཐོག ནན་པོ་བྱེད་དགོས་པར་ནན་པོ་བྱས་པ་དང་གུ་ཡངས་གཏོང་དགོས་པར་གུ་ཡངས་བཏང་སྟེ།མི3840ལ་འཛིན་བཟུང་ཆོག་མཆན་མ་བཀོད་པ་དང་མི2106ལ་ཞུ་གཏུག་མ་བྱས།

ཞིབ་དཔྱོད་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཐོག་ཞིབ་དཔྱོད་ལྷུ་ཚིགས་ཀྱི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་རྒྱུན་ཆད་མེད་པར་ཟབ་སྤེལ་བྱས་པ། འགལ་བ་འདུམ་འགྲིག་བྱེད་པ་དེ་ཁྲིམས་འཛིན་གྱོད་གཞི་ཐག་གཅོད་པའི་ཐོག་མཐའ་བར་གསུམ་དུ་ཁྱབ་པ་རྒྱུན་འཁྱོངས་བྱས་ཐོག  གྱོད་གཞི་ཐག་གཅོད་པའི་ཉེན་ཁ་དཔྱད་དཔོག་སྔོན་བརྡ་དང། ཞིབ་དཔྱོད་དང་འདུམ་འགྲིག་མཐུད་པ། ཞིབ་དཔྱོད་བཅའ་ཁྲིམས་ཡིག་རིགས་ལ་བརྟེན་ནས་བཅའ་ཁྲིམས་འགྲེལ་བཤད་དང་རྒྱུ་མཚན་གསལ་བཤད་བྱེད་པ། ཞིབ་དཔྱོད་དཔོན་པོས་གྱོད་གཞིར་བརྟེན་ནས་ཁྲིམས་དོན་འགྲེལ་བར་བྱེད་པ་སོགས་ཀྱི་ལམ་ལུགས་གསར་འཛུགས་དང་ལག་བསྟར་བྱས། སྡེ་ཚན17ལ་རྒྱལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི“ཚུལ་ལྡན་སྣེ་ལེན་ཁང”གི་མཚན་སྙན་ཐོབ་པ་དང། སྡེ་ཚན4ལ་རྒྱལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི“ཚུལ་ལྡན་སྣེ་ལེན་གྱི་དཔེ་སྟོན་སྒེའུ་ཁུང”གི་མཚན་སྙན་ཐོབ་ཡོད། ཉེས་དོན་གྱི་གནོད་འཚེ་ཕོག་མཁན་ལ་ཁྲིམས་འཛིན་རོགས་སྐྱོབ་བྱེད་པའི་བྱ་བ་ཧུར་ཐག་གིས་སྤེལ་ཏེ། མི་ཐེངས330ལ་རོགས་སྐྱོབ་བྱས་པ་དང། ཁྲིམས་འཛིན་རོགས་སྐྱོབ་ཀྱི་མ་དངུལ་སྒོར་ཁྲི་ཚོ464.7གཏོང་སྤྲོད་བྱས། ལོ་ན་མ་སོན་པའི་མི་ལ་དམིགས་ནས་ཞིབ་དཔྱོད་བྱ་བར་དངོས་གནས་ཤུགས་བསྣན་པ་དང། སློབ་གསོ་སྡེ་ཁག་དང་མཉམ་འབྲེལ་བྱས་ནས“ཁྲིམས་སྐྱོང་གི་ཤེས་བྱ་སློབ་གྲྭར་སྐྱེལ་བའི”སྐོར་སྐྱོད་སྒྲོག་འགྲེལ་བྱེད་སྒོ་སྤེལ་ཏེ། སྐོར་སྐྱོད་སྒྲོག་འགྲེལ་ཐེངས600ལྷག་བྱས་ཤིང། ཞར་བྱུང་གི་ཆ་རྐྱེན་ལྟར་ཞུ་གཏུག་མི་བྱེད་པ་དང་ཉེས་བསགས་ཟིན་ཐོ་བཀག་སྡོམ་ཉར་ཚགས་བྱེད་པ། སེམས་ཁམས་འདྲི་རྨེད་རོགས་ཁྲིད་བྱེད་པ་སོགས་ཀྱི་ལམ་ལུགས་དངོས་འབེབས་བྱས་ཐོག་སློབ་གསོ་དང་བློ་འགུག སྐྱོབ་ཐབས་བཅས་ཀྱི་ཁྲིམས་འཛིན་སྲུང་སྐྱོབ་བྱེད་ཐབས་ཇེ་དྲག་ཏུ་བཏང་བ་དང། ཞིབ་དཔྱོད་དཔོན་པོ210ཡིས་ཁྲིམས་ལུགས་ཐད་ཀྱི་སློབ་དཔོན་གཞོན་པའི་འགན་ཁུར་བར་བདམས་མངག་བྱས་ཏེ། སྡེ་ཚན5ལ་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང“གཞོན་ནུ་ལོ་ཆུང་གི་ཁེ་དབང་སྲུང་སྐྱོང་ལས་གནས”ཞེས་པའི་མིང་བཏགས་ཡོད། སྤྱི་ཚོགས་བཅོས་སྐྱོང་དང་གསར་གཏོད་བྱེད་པར་ཧུར་ཐག་གིས་ཞུགས་པ་དང། “སུས་བཅའ་ཁྲིམས་ལག་བསྟར་བྱེད་ན་དེས་བཅའ་ཁྲིམས་ཁྱབ་གདལ་དུ་གཏོང་བའི”བཅའ་ཁྲིམས་ཁྱབ་གདལ་གྱི་འགན་ཁུར་ལམ་ལུགས་ཕྱོགས་ཡོངས་ནས་དངོས་འབེབས་བྱས་ཐོག ཁྲིམས་འཛིན་གྱོད་གཞི་ཐག་གཅོད་བྱེད་པའི་ཁྲོད་རྟོགས་པའི་སྤྱི་ཚོགས་བཅོས་སྐྱོང་གནད་དོན་ལ་དམིགས་ནས། མངོན་མེད་རྐྱེན་ངན་སེལ་བ་དང་སྐྱོན་ཆ་འབྱུང་བར་བཀག་འགོག་བྱེད་པ། ལམ་ལུགས་འཐུས་ཚང་དུ་གཏོང་བ་བཅས་ཀྱི་ཞིབ་དཔྱོད་གྲོས་གཞི་དུས་ཐོག་ཏུ་བཏོན་ཡོད།
གསུམ། ལས་གནས་ཐོག་གི་ཉེས་བསགས་ཆད་གཅོད་དང་སྔོན་འགོག་བྱེད་པའི་ཁྲོད་ནུས་ཤུགས་ཡོད་རྒུས་ཞིབ་དཔྱོད་འགན་ཁུར་མངོན་པར་བྱས།

ལོ་ལྔའི་རིང་ལ། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས“སྟག”དང“སྦྲང་མར”མཉམ་དུ་རྡུང་རྡེག་གཏོང་བ་དང། ཆད་གཅོད་དང་སྔོན་འགོག་ཕྱོགས་གཉིས་ནས་འཛིན་པ་རྒྱུན་འཁྱོངས་བྱས་ཏེ།རུལ་སུངས་ཀྱི་ཉེས་བསགས་ལ་ཆད་གཅོད་བྱེད་པའི་ཟིལ་ཉམས་རྒྱུན་འཁྱོངས་བྱས།
         ལས་གནས་ཐོག་གི་ཉེས་བསགས་ལ་ཞིབ་གཅོད་བྱེད་པའི་ཤུགས་ཚད་རྒྱུན་མཐུད་ངང་ཇེ་ཆེར་བཏང་བ། བསྡོམས་པས་ལྐོག་ཟ་དང་ལྐོག་རྔན་སོགས་ལས་གནས་ཐོག་གི་ཉེས་བསགས་གྱོད་གཞི766དང་མི1046ལ་གྱོད་ཐོ་བཀོད་ནས་མྱུལ་ཞིབ་བྱས་པ་དང། འགན་འཛོལ་ཤོར་བ་དང་དབང་ཆ་བརྩི་མེད་རྡོག་རོལ་བཏང་བའི་ཉེས་བསགས་གྱོད་གཞི116དང་མི201ལ་གྱོད་ཐོ་བཀོད་ནས་མྱུལ་ཞིབ་བྱས། དེ་ལས་གྱོད་གཞི་ཆེན་པོ488དང་གྱོད་གཞི་ཚབས་ཆེན་གྱི་མི87(ཐིན་རིམ་པའི་མི11དང་ཞིང་ཆེན་གཞོན་པ་རིམ་པའི་མི1)ཡོད་པ་དང། གྱོང་གུན་ཚུར་བསྡུ་བྱས་པའི་མ་དངུལ་སྒོར་དུང་ཕྱུར3.47ལ་བསླེབས་ཡོད། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་དམིགས་འཛུགས་བདག་སྐྱོང་བྱེད་ཁོངས་ལྟར་ཞིན་ཅང་རང་སྐྱོང་ལྗོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྔོན་གྱི་ཀྲུའུ་རིན་གཞོན་པ་ལི་ཀྲི་ཡིས་ལྐོག་རྔན་བླངས་པའི་དོགས་ཡོད་གྱོད་གཞི་ཚབས་ཆེན་ལ་གྱོད་ཐོ་བཀོད་ནས་མྱུལ་ཞིབ་དང་གཞུང་གཏུག་བྱེད་པའི་བྱ་བ་ཡོངས་འགྲུབ་བྱས་ཏེ། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཚད་མཐོའི་གདེང་འཇོག་དང་ཁས་ལེན་གང་ལེགས་ཐོབ་ཡོད། ལྐོག་རྔན་སྤྲད་པའི་ཉེས་བསགས་ལ་རྡུང་རྡེག་གཏོང་བའི་ཤུགས་ཚད་ཇེ་ཆེར་བཏང་སྟེ། ལྐོག་རྔན་སྤྲད་པའི་དོགས་ཡོད་ཉེས་ཅན137ལ་གྱོད་ཐོ་བཀོད་ནས་ཞིབ་གཅོད་བྱས་ཤིང། བྲོས་བྱོལ་རྗེས་སྙེག་དང་བརྐུས་ནོར་ཚུར་ལེན་བྱེད་པའི་བྱ་བ་བསྟུད་མར་སྤེལ་ཏེ། བསྡོམས་པས་དུས་ཡུན་རིང་པོར་བྲོས་བྱོལ་དུ་སོང་བའི་དོགས་ཡོད་ཉེས་ཅན10འདེད་འཛིན་བྱས། མྱུལ་ཞིབ་གཞི་གཅིག་ཅན་དང། མྱུལ་ཞིབ་དང་སྔོན་འགོག་གཞི་གཅིག་ཅན་གྱི་འཛུགས་སྐྲུན་ལ་ཤུགས་ཆེན་པོས་སྐུལ་སྤེལ་བཏང་སྟེ། ཞིང་ཆེན་ཞིབ་དཔྱོད་ཁང་གིས་གཅིག་གྱུར་གྱིས་མགོ་ཁྲིད་བྱེད་པ་དང། གྲོང་ཁྱེར་དང་ཁུལ་ཞིབ་དཔྱོད་ཁང་གཙོ་གཞི་བྱེད་པ། གཞི་རིམ་ཞིབ་དཔྱོད་ཁང་རྨང་གཞི་བྱེད་པའི་མྱུལ་ཞིབ་དང་སྔོན་འགོག་གཞི་གཅིག་ཅན་གྱི་བྱ་བའི་རྣམ་པ་ཆགས་པར་བྱས། དུས་མཉམ་དུ་སྒྲ་ཕབ་བརྙན་ཕབ་བྱེད་པའི་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང། གྱོད་གཞི་ཐག་གཅོད་པའི་བདེ་འཇགས་ལ་གཙིགས་འཛིན་བྱས་ཏེ། གྱོད་གཞི་ཐག་གཅོད་པའི་སྤུས་ཚད་དང་ལས་ཕྱོད་མངོན་གསལ་དུ་མཐོར་འདེགས་བཏང། 2017ལོར་ང་ཚོས་ཕྱོགས་གཅིག་ནས་རྒྱལ་ཁབ་ལྟ་ཞིབ་སྒྲིག་སྲོལ་བཅོས་སྒྱུར་བྱེད་རྒྱུར་ནུས་ཤུགས་ཡོད་རྒུས་གཞོགས་འདེགས་བྱེད་པའི་བྱ་བ་དམ་འཛིན་བྱས་ཏེ། བསམ་བློ་མི་འཁྲུག་པ་དང་དཔུང་སྡེ་མི་འཐོར་བ། བྱ་བ་མཚམས་མི་ཆད་པར་ཁག་ཐེག་བྱས་པ་དང། ཕྱོགས་གཞན་ཞིག་ནས་ལས་གནས་ཐོག་གི་ཉེས་བསགས་ལ་ཞིབ་གཅོད་བྱེད་པའི་བྱ་བ་དམ་འཛིན་བྱས་ཏེ། ཤུགས་ཚད་ཆུང་དུ་མི་འགྲོ་བ་དང་གོམ་སྟབས་མི་འགྱུར་བར་ཁག་ཐེག་བྱས། བསྡོམས་པས་ལས་གནས་ཐོག་གི་ཉེས་བསགས་གྱོད་གཞི195དང་མི260ལ་གྱོད་ཐོ་བཀོད་ནས་མྱུལ་ཞིབ་བྱས་པ་དང། ལོ་སྔོན་མའི་དུས་མཉམ་ལས་སོ་སོ་ནས18.2%དང6.1%འཕར་ཡོད།
         ལས་གནས་ཐོག་གི་ཉེས་བསགས་སྔོན་འགོག་བྱེད་པའི་བྱ་བ་རྒྱུན་ཆད་མེད་པར་ཟབ་སྤེལ་བྱས་པ། རིམ་པ་སོ་སོའི་ཞིབ་དཔྱོད་ལས་ཁུངས་ཀྱིས་ལས་གནས་ཐོག་གི་ཉེས་བསགས་སྔོན་འགོག་བྱེད་པའི་སྐོར་གྱི་ལོ་འཁོར་སྙན་ཞུ་དང་ཆེད་དོན་སྙན་ཞུ། ཉེན་བརྡ་སློབ་གསོ། སྔོན་འགོག་གྲོས་གཞི་སོགས་ཀྱི་བྱ་བ་ཡོངས་ཁྱབ་ཏུ་སྤེལ་བ་དང། ལོ་འཁོར་སྙན་ཞུ5སོ་སོ་ནས་རྒྱལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི“ཕུལ་བྱུང་བརྒྱ”དང“ཕུལ་བྱུང་བཅུའི”སྙན་ཞུར་བདམས་ཡོད། 《མཚོ་སྔོན་ཞིང་ཆེན་གྱི་ལས་གནས་ཐོག་གི་ཉེས་བསགས་སྔོན་འགོག་བྱེད་པའི་སྐོར་གྱི་བྱ་བའི་སྲོལ་ཡིག》གཏན་འབེབས་དང་ལག་བསྟར་གནས་ཚུལ་ལ་གཞིགས་ནས་ཁྲིམས་འཛིན་བརྟག་དཔྱད་ཞིབ་འཇུག་བྱེད་པའི་བྱ་བ་སྤེལ་བར་ཧུར་ཐག་གིས་ཞུགས་ཤིང། མཚོ་སྔོན་ཞིང་ཆེན་ཞིབ་དཔྱོད་ལས་ཁུངས་ཀྱི་ལས་གནས་ཐོག་གི་ཉེས་བསགས་སྔོན་འགོག་བྱེད་པའི་སྐོར་གྱི་སྒྲོག་འགྲེལ་ཚོགས་པ་བཙུགས་པ་དང། ཞིང་ཆེན་ཡོངས་སུ་ཉེན་བརྡ་སློབ་གསོ་རྟེན་གཞི11བཙུགས་པ་དང། ཆེད་དོན་ཉེན་བརྡ་སློབ་གསོའི་བརྙན་འཕྲིན་པར་གཞི་དང་གློག་བརྙན་ཕྲ་ཐུང30བཟོས་ནས། ཉེ་འགྲམ་གྱི་དོན་དག་གིས་ཉེ་འགྲམ་གྱི་མི་ལ་སློབ་གསོ་བཏང་བས། སྤྱི་ཚོགས་ལས་རིགས་སོ་སོའི་ཡོངས་ཁྱབ་ཀྱི་གདེང་འཇོག་བཟང་པོ་ཐོབ་ཡོད། “སྐྱོད་པ་ལྔའི”བྱ་འགུལ་དེ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་སྒྱུར་བར་རྒྱུན་མཐུད་ངང་སྐུལ་སྤེལ་བཏང་ཐོག སྐབས་བརྗེ་འདེམས་བསྐོར་ཞབས་འདེགས་ཞུ་བ་དང་འགན་སྲུང་བྱེད་པ་སོགས་ཀྱི་ཆེད་དོན་སྔོན་འགོག་བྱ་བ་རྩ་འཛུགས་དང་ཁྱབ་སྤེལ་བྱས། སྔོན་འགོག་བརྟག་དཔྱད་ཐེངས2007སྤེལ་བ་དང། ཞིབ་དཔྱོད་གྲོས་གཞི841བཏོན་པ། ཉེན་བརྡ་སློབ་གསོ་ཐེངས4050སྤེལ་བ་དང་མི་ཁྲི་ཚོ28ལྷག་གིས་སློབ་གསོ་དང་ལེན་བྱས་པ། ལྐོག་རྔན་སྤྲོད་པའི་ཉེས་བསགས་ཡིག་ཚགས་འདྲི་རྩད་ཐེངས76710འདོན་སྤྲོད་བྱས།

  བཞི། གཏུག་བཤེར་བྱེད་སྒོ་སྤེལ་བའི་ཁྲོད་ནུས་ཤུགས་ཡོད་རྒུས་ཞིབ་དཔྱོད་ལྟ་སྐུལ་བྱེད་ཤུགས་ཇེ་ཆེ་རུ་བཏང།

     ལོ་ལྔའི་རིང་ལ། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་མི་དམངས་མང་ཚོགས་ལ་བསམ་འཆར་ཆེན་པོ་ཡོད་པའི་ཁྲིམས་འཛིན་ནན་མོ་མིན་པ་དང་ཁྲིམས་འཛིན་གཞུང་དྲང་མིན་པ་སོགས་ཀྱི་གནད་དོན་ལ་དམིགས་ནས་ནུས་ཤུགས་ཡོད་རྒུས་ཞིབ་དཔྱོད་ལྟ་སྐུལ་བྱེད་ཤུགས་ཇེ་ཆེ་རུ་བཏང་སྟེ། འབད་བརྩོན་གྱིས་མི་དམངས་མང་ཚོགས་ལ་ཁྲིམས་འཛིན་གྱོད་གཞི་རེ་རེའི་ཁྲོད་དྲང་སྙོམས་དྲང་བདེན་ཚོར་དུ་བཅུག་ཡོད།ཉེས་དོན་ཞིབ་དཔྱོད་ལྟ་སྐུལ་བྱེད་ཤུགས་ཇེ་ཆེ་རུ་བཏང་བ། གྱོད་ཐོ་འགོད་པར་ལྟ་སྐུལ་དང་མྱུལ་ཞིབ་བྱེད་སྒོར་ལྟ་སྐུལ། ཉེས་དོན་འདྲི་གཅོད་ལྟ་སྐུལ་བཅས་བྱེད་པར་མུ་མཐུད་དུ་ཤུགས་སྣོན་དང་ལེགས་བཅོས་བྱས་ཏེ། གྱོད་ཐོ་འགོད་དགོས་ཀྱང་མ་བཀོད་པ་ལ་མྱུལ་ཞིབ་ལས་ཁུངས་ཀྱིས་གྱོད་ཐོ་མི་འགོད་པའི་རྒྱུ་མཚན་བཤད་དགོས་པར་བླང་བྱ་བཏོན་པའི་གྱོད་གཞི446ཡོད་པ་དང། མྱུལ་ཞིབ་ལས་ཁུངས་ཀྱིས་གྱོད་ཐོ་འགོད་པར་བརྡ་སྦྱོར་བཏང་བའི་གྱོད་གཞི73ཡོད་པ། མྱུལ་ཞིབ་ལས་ཁུངས་ཀྱིས་རང་འགུལ་གྱིས་གྱོད་ཐོ་བཀོད་པའི་གྱོད་གཞི168ཡོད། གྱོད་ཐོ་འགོད་མི་དགོས་ཀྱང་བཀོད་པ་ལ་གྱོད་གཞི་ཕྱིར་འཐེན་པར་སྐུལ་འདེད་བཏང་བའི་གྱོད་གཞི56ཡོད། འཛིན་བཟུང་བྱེད་རྒྱུར་ལུས་པའི་མི295དང་གཏུག་བཤེར་བྱེད་རྒྱུར་ལུས་པའི་མི90ལ་དམིགས་ནས་ཡོ་བསྲང་བྱས། ཉེས་ཆད་གཅོད་ནོར་བྱས་པ་དང་ཉེས་ཆད་གཅོད་ཚད་དོ་མི་མཉམ་པ། འདྲི་གཅོད་གོ་རིམ་ཁྲིམས་དང་འགལ་བ་སོགས་ནོར་འཁྲུལ་ངོ་མ་ཡོད་པའི་ཉེས་དོན་ཁྲུན་ཆད་གཅོད་པ་ལ་རྒོལ་གཏུག་བྱེད་པར་བཏོན་པའི་གྱོད་གཞི186ཡོད་པ་དང། དེ་ལས་རྒོལ་གཏུག་གྱོད་གཞི2དེ་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་རྒོལ་གཏུག་གྱོད་གཞི་གྲགས་ཅན་དང་ཕུལ་བྱུང་རྒོལ་གཏུག་གྱོད་གཞིར་བདམས་ཡོད། ཉེས་ཆད་གཅོད་པའི་གྲོས་གཞི21192ཡོད། བཀག་སྐྱིལ་བྱེད་པའི་དགོས་ངེས་རང་བཞིན་ལ་ཞིབ་བཤེར་བྱེད་པར་ཤུགས་བསྣན་ཏེ། བཀག་སྐྱིལ་བྱེད་མི་དགོས་པའི་དོགས་ཡོད་ཉེས་ཅན་དང་གྱོད་ཡ598ལ་བཙོན་འགྲོལ་བྱེད་པའམ་བཙན་ཤེད་ཀྱི་བྱེད་ཐབས་སྒྱུར་བའི་གྲོས་གཞི་བཏོན་ཡོད།
              ཉེས་དོན་ལག་བསྟར་གྱི་ཞིབ་དཔྱོད་ལྟ་སྐུལ་བྱེད་ཤུགས་ཇེ་ཆེ་རུ་བཏང་བ། ཡུན་རིང་པོར་བཀག་སྐྱིལ་བྱས་ནས་ཐག་གཅོད་མི་བྱེད་པའི་གྱོད་གཞི་ཆེད་དམིགས་གཙང་སེལ་བྱེད་པ་དང། ཁྲིམས་ཆད་ཇེ་ཡང་དུ་གཏོང་བ་དང་དངོས་མིན་བཙོན་འགྲོལ། བཙོན་ཁང་ཕྱི་རོལ་ཏུ་ཉེས་ཆད་གནས་སྐབས་སུ་ལག་བསྟར་བྱེད་པ། སྡེ་ཁུལ་གྱི་ཁྲིམས་ཆད་ཁུར་བའི་མི་སྣ་དོ་དམ་འོག་ནས་ཤོར་བ་དང་དོ་དམ་བྱེད་རྒྱུར་ལུས་པ། དངོས་ཁྲིམས་བཅད་པའི་ཉེས་བསགས་ལ་ཁྲིམས་ཆད་ལག་བསྟར་མ་བྱས་པ་དང་རྒྱུ་ནོར་གྱི་ཁྲིམས་ཆད་ལག་བསྟར་བྱས་པའི་གྱོད་གཞི་གཅིག་བསྡུས་ཀྱིས་གཙང་སེལ་བྱས་པ་སོགས་ཀྱི་ཆེད་དོན་ཞིབ་དཔྱོད་བྱེད་སྒོ་བཀོད་སྒྲིག་དང་ཁྱབ་སྤེལ་བྱས་ཏེ། བསྡོམས་པས་ཁྲིམས་ཆད་ཇེ་ཡང་དུ་གཏོང་བ་དང་དངོས་མིན་བཙོན་འགྲོལ་བྱེད་པའི་གྱོད་གཞི22978དང་བཙོན་ཁང་ཕྱི་རོལ་ཏུ་ཉེས་ཆད་གནས་སྐབས་སུ་ལག་བསྟར་བྱེད་པའི་གྱོད་གཞི381ལ་ཞིབ་གཅོད་བྱས་ཤིང། དོ་དམ་འོག་ནས་ཤོར་བ་དང་དོ་དམ་བྱེད་རྒྱུར་ལུས་པའི་མི33ལ་དམིགས་ནས་ཡོ་བསྲང་བྱས་པ། བཙོན་ཁང་ནང་དུ་བཅུག་ནས་ཉེས་ཆད་ལག་བསྟར་བྱེད་པར་གྲོས་གཞི་བཏོན་པའི་མི9ཡོད། མངག་གཏོང་ཞིབ་དཔྱོད་ཁང་གི་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ལ་ཤུགས་བསྣན་པ་དང། ཞིབ་དཔྱོད་དཔོན་པོ་དང་ཐུག་པའི་ལམ་ལུགས་འཐུས་ཚང་དུ་བཙུགས་ནས། བཙོན་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱས།

   དམངས་དོན་སྲིད་འཛིན་གྱི་ཞིབ་དཔྱོད་ལྟ་སྐུལ་བྱེད་ཤུགས་ཇེ་ཆེ་རུ་བཏང་བ། བསྡོམས་པས་དམངས་དོན་དང་སྲིད་འཛིན་ཐད་ཞིབ་དཔྱོད་ལྟ་སྐུལ་བྱེད་པར་ཞུས་པའི་གྱོད་གཞི2362ལ་ཞིབ་བཤེར་དང་ཐག་གཅོད་བྱས་ཤིང། རྒོལ་གཏུག་བྱེད་དགོས་པར་བཏོན་པ་དང་ཞུས་པའི་གྱོད་གཞི61ཡོད་པ་དང། དེ་ལས་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་ལ་རྒོལ་གཏུག་བྱེད་དགོས་པར་ཞུས་པའི་གྱོད་གཞི8ཡོད་པ་དང། བསྐྱར་ཞིབ་བྱེད་དགོས་པའི་ཞིབ་དཔྱོད་གྲོས་གཞི32བཏོན་ཡོད། “འགན་འཁྲི་ལག་བསྟར་དང་ཞུ་གཏུག་བྱེད་པར་སྐུལ་འདེད་གཏོང་བའི”ཆེད་དོན་བྱ་བ་གཏིང་ཟབ་སྒོས་ཁྱབ་སྤེལ་བྱས་ཏེ།བསྡོམས་པས་འགན་འཁྲི་ལག་བསྟར་བྱེད་པར་སྐུལ་འདེད་བཏང་བའི་གྱོད་གཞི434ཡོད་པ་དང། ཞུ་གཏུག་བྱེད་པར་རྒྱབ་སྐྱོར་བྱས་པའི་གྱོད་གཞི118ཡོད་པ། རྒྱལ་དབང་འཛུགས་སྐྲུན་ལ་མཁོ་བའི་སྤྱོད་ས་མུའུ152ཚུར་ལེན་བྱས་པ། རྒྱལ་དབང་མ་དངུལ་སྒོར་དུང་ཕྱུར4.41སློག་ཏུ་བཅུག་ནས་ཚུར་ལེན་བྱེད་པར་སྐུལ་འདེད་བཏང། 2017ལོའི་ཟླ8པར་རྒྱལ་ཡོངས་ཀྱི་དམངས་འཐུས་ཚོགས་ཆེན་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་ཕན་གཏུག་བཤེར་ཞུ་བའི་བྱ་བ་ཕྱོགས་ཡོངས་ནས་སྤེལ་བར་བཀོད་སྒྲིག་བྱས་པ་ནས་བཟུང། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་བློ་རྩེ་གཅིག་སྒྲིམ་གྱིས་རྩ་འཛུགས་དང་བཀོད་སྒྲིག་ཞིབ་ཚགས་བྱས་པ་དང། དོན་དངོས་དང་སྦྲེལ་ནས་སྤྱི་ཕན་གཏུག་བཤེར་ཞུ་བའི་བྱ་བ་ཕྱོགས་ཡོངས་ནས་སྤེལ་ཏེ། མིག་སྔའི་བར་དུ་ཁུངས་སྣེ166རྙེད་པ་དང་གྱོད་གཞི102གྱོད་ཐོ་བཀོད་པ། ཞིབ་དཔྱོད་གྲོས་གཞི74བཏོན་པ། བཤིགས་པའི་ནགས་ས་མུའུ64དང་རྨོ་ཞིང་མུའུ199། རྩྭ་ཐང་མུའུ232ཉམས་གསོ་བྱེད་པར་སྐུལ་འདེད་བཏང་བ།ས་ཞིང་ནང་བཤུག་མ་དངུལ་སྒོར་ཁྲི་ཚོ750ལྷག་རྩིས་ལེན་བྱེད་པར་སྐུལ་འདེད་བཏང།

  ལྔ། བཅོས་སྒྱུར་གསར་གཏོད་བྱེད་པའི་ཁྲོད་ནུས་ཤུགས་ཡོད་རྒུས་ཞིབ་དཔྱོད་ཐད་ཀུན་གྱི་ཡིད་ཆེས་བྱེད་ཚད་ཇེ་ཆེ་རུ་བཏང།

    ལོ་ལྔའི་རིང་ལ། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་རྩེ་རིམ་ཇུས་འགོད་དང་དུ་ལེན་པ་དེ་གཞི་རིམ་འཚོལ་ཞིབ་ལ་དོ་སྣང་བྱེད་པ་དང་ཟུང་འབྲེལ་དམ་པོ་བྱས་ཏེ། གནད་དོན་འཛིན་ཕྱོགས་རྒྱུན་འཁྱོངས་བྱས་ཐོག་བཅོས་སྒྱུར་བྱེད་ཐབས་སྣ་ཚོགས་ཞིབ་ཚགས་དང་ཟབ་སྤེལ་བྱས་པ་དང། བློ་རྩེ་གཅིག་སྒྲིམ་དང་སྟོབས་ཤུགས་གཅིག་སྒྲིལ་གྱིས་དོན་འཁྱོལ་དམ་འཛིན་བྱེད་པར་དམིགས་ནས། བཅོས་སྒྱུར་སྣ་ཚོགས་གཏིང་ཟབ་སྒོས་སྐུལ་སྤེལ་བཏང་ཞིང་གྲུབ་འབྲས་མངོན་གསལ་བྱུང་ཡོད།ཁྲིམས་འཛིན་སྒྲིག་སྲོལ་གྱི་བཅོས་སྒྱུར་རྒྱུན་ཆད་མེད་པར་ཟབ་སྤེལ་བྱས་པ། རྒྱལ་ཡོངས་ཀྱི་ཁྲིམས་འཛིན་སྒྲིག་སྲོལ་བཅོས་སྒྱུར་བྱེད་པའི་ཚོད་ལྟའི་ཞིང་ཆེན་བདུན་གྱི་ཡ་གྱལ་ཡིན་པའི་ཆ་ནས། ང་ཚོས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་ཡིས་གཏན་ཁེལ་བྱས་པའི་བཅོས་སྒྱུར་སྒྲོམ་གཞི་རུ་དོན་དངོས་དང་སྦྲེལ་ནས། ཁྲིམས་འཛིན་ཐད་ཀུན་གྱི་ཡིད་ཆེས་བྱེད་ཚད་དང་ཁྲིམས་འཛིན་བྱེད་ནུས་ལ་ཤུགས་རྐྱེན་དང་ཚོད་འཛིན་བྱེད་པའི་གནད་དོན་སྐོར་ཞིག་ཐག་གཅོད་པའི་ཐོག་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཁས་ལེན་གང་ལེགས་ཐོབ་ཡོད། ཞིབ་དཔྱོད་དཔོན་པོའི་གྲངས་བཅད་ལམ་ལུགས་བཅོས་སྒྱུར་བྱེད་པའི་བྱ་བ་ཕྱོགས་ཡོངས་ནས་འགྲུབ་པར་བྱས་ཏེ། ཁག་གསུམ་དུ་བགོས་ནས་གྲངས་བཅད་ཞིབ་དཔྱོད་དཔོན་པོ884གདམ་གསེས་བྱས་ཤིང། གྲངས་བཅད་ཞིབ་དཔྱོད་དཔོན་པོ་ཕྱིར་འཐེན་པའི་རྐྱེན་སྲོལ་གསར་འཛུགས་བྱས་ཏེ། བཅད་གྲངས་ལས་ཕྱིར་འཐེན་པའི་མི54ཡོད་པ་དང། བཅད་གྲངས་སུ་ཚུད་པའི་ཚད་ནི་ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་ཀྲུང་དབྱང་སྲིད་ཁྲིམས་ཆེད་དོན་སྒྲིག་ཁོངས་བསྡོམས་གྲངས་ཀྱི34.1%ཡིན། ཞིབ་དཔྱོད་དཔོན་པོས་གྱོད་གཞི་ཐག་གཅོད་པའི་འགན་ཁུར་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་སྤེལ་བྱས་ཐོག“སུས་གྱོད་གཞི་ཐག་གཅོད་བྱས་ན་དེས་འགན་ཁུར་བ་དང་སུས་གཏན་ཁེལ་བྱས་ན་དེས་འགན་ཁུར་བའི”ཁྲིམས་འཛིན་འགན་འཁྲི་དངོས་འབེབས་བྱས་ཏེ།བཅད་གྲངས་སུ་ཚུད་པའི་ཞིབ་དཔྱོད་དཔོན་པོ་ཚང་མས་སྐབས་བསྟུན་གྱོད་གཞི་བགོད་པའི་གྱོད་གཞི་ཐག་གཅོད་དང་གཏན་ཁེལ་རྐྱེན་སྲོལ་ལྟར་གྱོད་གཞི་སྣ་ཚོགས་ཐག་བཅད་པ་དང། ཞིབ་དཔྱོད་དཔུང་སྡེའི་ཆེད་ལས་ཅན་གྱི་ཆུ་ཚད་སྔར་ལས་ལྷག་པར་མཐོར་འདེགས་བཏང། ནང་འཛུགས་ལས་ཁུངས་ཀྱི་བཅོས་སྒྱུར་ལ་ཧུར་ཐག་གིས་སྐུལ་སྤེལ་བཏང་བ་དང། ལེབ་སྙོམས་ཅན་གྱི་དོ་དམ་དང་ཆེད་ལས་ཅན་གྱི་འཛུགས་སྐྲུན་ཟུང་དུ་སྦྲེལ་བ་རྒྱུན་འཁྱོངས་བྱས་ཐོག་ལས་ཁུངས་ཉིང་བསྡུ་དང་འགན་ནུས་ལེགས་སྒྱུར་བྱེད་པར་གཅིག་གྱུར་གྱིས་སྐུལ་སྤེལ་བཏང་སྟེ། ནང་འཛུགས་ལས་ཁུངས་ཆེས་ཆེར་ཉིང་བསྡུ་བྱས་པ་དང་ཉིང་བསྡུ་བྱེད་ཚད31.7%ལ་བསླེབས་ཡོད། སྲིད་འཛིན་མངའ་ཁོངས་ལས་བརྒལ་ནས་ཞིབ་དཔྱོད་ཁང་འཛུགས་པའི་བཅོས་སྒྱུར་ཚོད་ལྟའི་བྱ་བའི་ཐད་འགག་སྒྲོལ་བྱས་ཏེ། མང་ཨའེ་དང་ལེང་ཧུའུ་གཏེར་ཁུལ་གྱི་ཞིབ་དཔྱོད་ཁང་ཕྱིར་འཐེན་བྱས་པ་དང། མཚོ་ནུབ་ཁུལ་ནུབ་རྒྱུད་གཏེར་ཁུལ་གྱི་ཞིབ་དཔྱོད་ཁང་བཙུགས་ཤིང། ཟི་ལིང་གྲོང་ཁྱེར་ནན་ཐན་ས་ཁུལ་གྱི་ཞིབ་དཔྱོད་ཁང་ཕྱིར་འཐེན་པ་དང་མཚོ་སྔོན་ཞིང་ཆེན་ཞི་ཕིང་ས་ཁུལ་གྱི་ཞིབ་དཔྱོད་ཁང་བཙུགས་ཡོད། ཞིང་ཆེན་རིམ་པ་མན་ཆད་ཀྱི་ས་གནས་ཞིབ་དཔྱོད་ཁང་གི་མི་རྒྱུ་དངོས་གསུམ་དེ་ཞིང་ཆེན་རིམ་པས་གཅིག་གྱུར་གྱིས་དོ་དམ་བྱེད་པའི་བཅོས་སྒྱུར་ལ་ཕྱོགས་ཡོངས་ནས་སྐུལ་སྤེལ་བཏང་སྟེ། སྒྲིག་ཁོངས་དང་གྲོན་དངུལ་ལེགས་བསྡུས་ཞིབ་གཉེར་གྱིས་དོ་དམ་བྱེད་པའི་ཕན་ནུས་ཐོག་མར་བྱུང་ཞིང། ཞིབ་དཔྱོད་དཔོན་པོའི་ཁེར་རྐྱང་གོ་གནས་རིམ་སྒྲིག་གི་རིགས་འགྲེ་བཅོས་སྒྱུར་བྱ་བ་ཡོངས་འགྲུབ་བྱས་ཏེ། ཞིབ་དཔྱོད་ལས་རིགས་འགན་སྲུང་ལམ་ལུགས་ཐོག་མར་བཙུགས་ཡོད།

 འདྲི་གཅོད་ལྟེ་བ་བྱེད་པའི་ཉེས་དོན་གཏུག་བཤེར་ལམ་ལུགས་བཅོས་སྒྱུར་བྱེད་པར་ཧུར་ཐག་གིས་སྐུལ་སྤེལ་བཏང་བ། འདྲི་གཅོད་མ་བྱས་པའི་སྔོན་གྱི་གཙོ་ཁྲིད་དང་འཚག་བྱེད་ནུས་པ་དང་ཁྲིམས་སར་འདྲི་གཅོད་བྱེད་པའི་ཁྲོད་ཉེས་བསགས་ལ་ཉེས་བགྲང་དང་ར་སྤྲོད་བྱེད་པའི་ནུས་པ་གཙོ་བོ་འདོན་སྤེལ་གང་ལེགས་བྱས་པ་དང། ཁྲིམས་སྦྱོར་ཞུ་ཡིག་དང་བཅད་ཁྲ་སོགས་བཅའ་ཁྲིམས་ཡིག་རིགས་ཐོ་འགོད་དང་ཞིབ་བཤེར་རྐྱེན་སྲོལ་ལག་བསྟར་བྱེད་མགོ་བརྩམས་ཏེ། ཉེས་མེད་གྱོད་གཞི་དང་ཞུ་གཏུག་ཕྱིར་འཐེན་པའི་གྱོད་གཞིར་རེ་རེ་བཞིན་ཞིབ་བཤེར་བྱས། དོགས་གནད་ཆེ་བའི་གྱོད་གཞི་ལ་དམིགས་ནས་མྱུལ་ཞིབ་ལས་ཁུངས་ཀྱིས་ཞིབ་དཔྱོད་ལས་ཁུངས་ཀྱི་བསམ་འཆར་དང་གྲོས་གཞི་ཉན་པའི་ལམ་ལུགས་འཚོལ་ཞིབ་བྱས་ཐོག་གསར་འཛུགས་བྱས། ཉེས་དོན་གཏུག་བཤེར་ཐད་ཞིབ་དཔྱོད་དུས་རིམ་གྱི་གཞི་རྩའི་དཔང་རྟགས་ཚད་གཞི་གཏན་འབེབས་བྱེད་མགོ་བརྩམས་ཤིང། དཔང་རྟགས་ཀྱི་ཁྲིམས་གཅོད་སྒྲིག་ལམ་དངོས་འབེབས་བྱས་པ་དང། ལོག་རྫུན་འཆུག་གསུམ་གྱི་གྱོད་གཞི་འབྱུང་བར་སྔོན་འགོག་བྱེད་པའི་ཚད་མཐའ་ནན་སྲུང་བྱས་ཏེ། ཁྲིམས་འགལ་གྱི་དཔང་རྟགས་བརྟག་དཔྱད་གོ་རིམ་ཐེངས58ལག་བསྟར་བྱེད་མགོ་བརྩམས་པ་དང། ཁྲིམས་འགལ་གྱི་དཔང་རྟགས21ཕྱིར་འཐེན་བྱས།

ཁྲིམས་རྩོད་པའི་ལས་གཉེར་དབང་ཆ་ཁྲིམས་ལྟར་འགན་སྲུང་བྱས་པ་དང། དག་སེལ་ཁྲིམས་རྩོད་པས་བཏོན་པའི་ནག་ཉེས་མེད་པའམ་ནག་ཉེས་ཡང་བ་སོགས་ཀྱི་བསམ་འཆར་ནན་ཏན་གྱིས་ཉན་ལེན་བྱས་ཏེ། ཁྲིམས་ལྟར་ཞིབ་བཤེར་དང་ཞིབ་དཔྱད་ཐག་གཅོད་བྱས།ཞིབ་དཔྱོད་ཐད་ཀྱི་བཅོས་སྒྱུར་སྣ་ཚོགས་ལ་ཏན་ཏིག་གིས་སྐུལ་སྤེལ་བཏང་བ། གྱོད་གཞི་དོ་དམ་རྐྱེན་སྲོལ་གྱི་བཅོས་སྒྱུར་ལ་ཕྱོགས་ཡོངས་ནས་སྐུལ་སྤེལ་བཏང་ཐོག་རྒྱལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་གཅིག་གྱུར་ལས་སྒོ་བེད་སྤྱོད་མ་ལག་ལ་བརྟེན་ནས། ཁྲིམས་འཛིན་ཚད་ལྡན་དུ་གཏོང་བའི་གོ་རིམ་རང་བཞིན་གྱི“ནུས་མེད་བླང་བྱ”ད“འགྱུར་མེད་གཅུན་སྡོམ”དུ་འགྱུར་བར་བཅུག་སྟེ། གྱོད་གཞི་ཡོད་ཚད་དྲ་ཐོག་ནས་དང་ལེན་བྱས་པ་དང། རྒྱུན་འཁོར་དང་ཐག་གཅོད་བྱས་པ། ཞིབ་བཤེར་ཆོག་མཆན་བཀོད་དེ་བསྡོམས་པས་གྱོད་གཞི་སྣ་ཚོགས65263ཐག་གཅོད་བྱས། བསྟུད་མར་ལོ5ལ་ཁྲིམས་འཛིན་བྱེད་སྒོ་ཚད་ལྡན་དུ་གཏོང་བའི་ཆེད་དོན་བཅོས་སྒྲིག་གི་བྱ་བ་སྤེལ་ཏེ། ཁྲིམས་འཛིན་ཚད་ལྡན་མིན་པའི་འབུར་ཐོན་གནད་དོན་གཅིག་བསྡུས་ཀྱིས་ཐག་གཅོད་བྱས། གྱོད་གཞིའི་ཆ་འཕྲིན་མངོན་གསལ་དུ་འདྲི་རྩད་བྱེད་པའི་བྱ་བ་ཕྱོགས་ཡོངས་ནས་ཁྱབ་སྤེལ་བྱས་པ་དང། ཀུན་གསལ་ཞིབ་དཔྱོད་རྒྱུན་མཐུད་ངང་ཟབ་སྤེལ་བྱས་ཏེ། གྱོད་གཞིའི་གོ་རིམ་རང་བཞིན་གྱི་ཆ་འཕྲིན28298དང་བཅའ་ཁྲིམས་ཡིག་རིགས8906། གྱོད་གཞི་གལ་ཆེན་གྱི་ཆ་འཕྲིན1602བཅས་ཁྱབ་སྒྲོག་བྱས་པ་དང། གློག་རྡུལ་ཡིག་ཁུག23503བཟོས་ཡོད། “ཞིབ་དཔྱོད་སྒོ་འབྱེད་ཉིན་མོའི”བྱ་འགུལ་རྒྱུན་མཐུད་ངང་སྤེལ་བ་དང། “པོད་ཆུང་དང་འཕྲིན་ཕྲན། གསར་འགྱུར་སྤྱོད་སྣེ”ཕྱོགས་ཡོངས་ནས་བཙུགས་ཏེ། མཚོ་སྔོན་ཞིབ་དཔྱོད་ཁང་གི་གཞུང་ཕྱོགས་པོད་ཆུང་ལ“རྒྱལ་ཡོངས་ཀྱི་ཞིབ་དཔྱོད་པོད་ཆུང་བཟང་པོ་བཅུ”མཚན་སྙན་ཐོབ་ཡོད། མི་དམངས་ལྟ་སྐུལ་པའི་ལམ་ལུགས་ཀྱི་བཅོས་སྒྱུར་ཟབ་སྤེལ་བྱས་ཐོག ཁྲིམས་འཛིན་ཐིང་དང་མཉམ་འབྲེལ་བྱས་ནས་བདམ་བསྐོའི་དོ་དམ་བྱེད་ཐབས་གཏན་འབེབས་བྱས་ཏེ། ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་ཀྱིས་མི་དམངས་ལྟ་སྐུལ་པ369ཁེར་ཚུགས་ཀྱིས་བདམ་བསྐོ་བྱས་པ་མ་ཟད།མི་དམངས་ལྟ་སྐུལ་པས་གྱོད་གཞི61ལ་ལྟ་སྐུལ་བྱས། བཅའ་ཁྲིམས་དང་གཏུག་བཤེར་ལ་འབྲེལ་བའི་ཡིག་སྐུར་ངོ་གཏུག་གི་བཅོས་སྒྱུར་ལ་གཏིང་ཟབ་སྒོས་སྐུལ་སྤེལ་བཏང་ཐོག “གཏུག་བཤེར”དང་"ཡིག་སྐུར་ངོ་གཏུག”ཁ་གྱེས་པ་དང“གཅིག་འཐུས་རྣམ་པའི”གྱོད་གཞི་དང་ལེན་བྱེད་སྟངས་ཁྱབ་སྤེལ་བྱས་ཏེ།དང་ལེན་བྱས་པའི་བཅའ་ཁྲིམས་དང་གཏུག་བཤེར་ལ་འབྲེལ་བའི་གྱོད་གཞི7702ཚང་མ་ཁྲིམས་ལྟར་གཏུག་བཤེར་གོ་རིམ་ནང་དུ་བཞག་པ་མ་ཟད་ཐག་གཅོད་བྱས་ཤིང། ལྡོག་ཕྱོགས་ཞིབ་ལྟའི་བྱ་བ་སྤེལ་ཏེ་སྐྱོན་ཆུང་གི་གྱོད་གཞི36ཡོ་བསྲང་བྱས། ཁྲིམས་རྩོད་པ་བཅའ་ཁྲིམས་དང་གཏུག་བཤེར་ལ་འབྲེལ་བའི་ཡིག་སྐུར་ངོ་གཏུག་གི་གྱོད་གཞི་འདུམ་འགྲིག་དང་ལས་ཚབ་བྱེད་པའི་བྱ་བ་ཕྱོགས་ཡོངས་ནས་སྐུལ་སྤེལ་བཏང་བ་དང། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་རྒྱང་རིང་བརྙན་ཟློས་སྤྱད་དེ་འདྲི་གཏུག་དང་ལེན་བྱེད་པའི་མ་ལག་གི་སྟེགས་བུ་བཙུགས་ཤིང། དམངས་བདེའི་ཁྲིམས་འཛིན་བྱེད་ཐབས་གསར་གཏོད་བྱས་ཏེ། སྤྱི་ཚོགས་ཀྱི་འགལ་བ་དང་རྩོད་གླེང་ནུས་ཡོད་ཀྱིས་འདུམ་འགྲིག་བྱས།

 དྲུག དཔུང་སྡེ་འཛུགས་སྐྲུན་དང་གཞི་རིམ་གྱི་རྨང་གཞི་འཛུགས་སྐྲུན་བྱེད་པའི་ཁྲོད་ནུས་ཤུགས་ཡོད་རྒུས་ཞིབ་དཔྱོད་ནུས་པ་ཇེ་ཆེ་རུ་བཏང།

 ལོ་ལྔའི་རིང་ལ། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་ཞིབ་དཔྱོད་ནན་སྐྱོང་བྱེད་པ་ཐོག་རྒྱུན་འཁྱོངས་ལྷོད་མེད་བྱས་པ་དང། ཏང་གི་འཛུགས་སྐྲུན་དམ་འཛིན་བྱེད་པར་བརྟེན་ནས་དཔུང་སྡེའི་འཛུགས་སྐྲུན་སྐུལ་ཁྲིད་བྱེད་པ་དང་ལས་སྒོ་སྤེལ་བར་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། ཉམས་སད་ཐེག་ཐུབ་པའི་ཞིབ་དཔྱོད་དཔུང་སྡེ་འཛུགས་སྐྲུན་བྱས་པ་དང། གཞི་རིམ་གྱི་རྨང་གཞིའི་འཛུགས་སྐྲུན་ཇེ་བརྟན་དུ་བཏང།བསམ་བློ་དང་ཆབ་སྲིད་ཀྱི་འཛུགས་སྐྲུན་ཨང་དང་པོར་འཇོག་པ་རྒྱུན་འཁྱོངས་བྱས་པ། ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱེད་སྒོ་དང“ནན་གསུམ་རྣལ་གསུམ”ཆེད་དོན་སློབ་གསོ།

“གཉིས་སློབ་གཅིག་བྱེད”ཀྱི་སློབ་སྦྱོང་སློབ་གསོའི་བྱེད་སྒོ་ཏན་ཏིག་གིས་སྤེལ་བ་དང། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་གཏིང་ཟབ་སྒོས་སློབ་སྦྱོང་ལག་བསྟར་བྱས་པ། ཞི་ཅིན་ཕིང་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གོ་བ་ཟབ་མོ་བླངས་ཐོག རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་རྒྱུར་མུ་མཐུད་དུ་ཤུགས་བསྣན་པ་དང“འདུ་ཤེས་བཞི”ཇེ་དྲག་ཏུ་བཏང་བ། ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་ནན་སྲུང་བྱས་པ། ཞིབ་དཔྱོད་ལས་རིགས་ཀྱི་ཀུན་སྤྱོད་ལག་ལེན་བྱས་ཏེ། “རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན"དང་"རྒྱལ་ཡོངས་ཀྱི་མིག་དཔེ་ཞིབ་དཔྱོད་དཔོན་པོ”ཁྲིན་ཡུང་ཅེ་དང“རྒྱལ་ཡོངས་ཀྱི་མིག་དཔེ་ཞིབ་དཔྱོད་དཔོན་པོ”ཧྲ་ཧྥེང་སོགས་མིག་དཔེ་དཔེར་མཚོན་སྐོར་ཞིག་བྱུང་ཡོད།དངོས་གཞི་ཅན་དང་ཆེད་ལས་ཅན། ལས་རིགས་ཅན་གྱི་འཛུགས་སྐྲུན་རྒྱུན་འཁྱོངས་བྱས་པ། ཞིབ་དཔྱོད་ནུས་པ་སྐྱེད་སྲིང་བྱེད་ཁྲོད་ལས་གནས་ཀྱི་བྱང་ཚད་དང་ནུས་པའི་ཚད་གཞི་ཅན་གྱི་དོ་དམ་འདུ་ཤེས་མཉམ་འདྲེས་བྱས་ཐོག “སློབ་སྦྱོང་ཆེན་མོ་དང་གསོ་སྦྱོང་ཆེན་མོ། སྦྱོང་བརྡར་ཆེན་མོའི”བྱ་འགུལ་རྒྱུན་མཐུད་ངང་སྤེལ་བ་དང། “གཞི་གསུམ་འཛུགས་སྐྲུན”དང“ལས་ཁུངས་ཀྱི་ཕྱོད་ནུས་འཛུགས་སྐྲུན”གྱི་བྱ་བ་གཏིང་ཟབ་སྒོས་སྤེལ་བ། “དངོས་འཐབ+དངོས་སྒྲུབ”བྱེད་པའི་མི་སྣ་ཚང་མ་གསོ་སྦྱོང་བྱེད་པར་ཏན་ཏིག་གིས་སྐུལ་སྤེལ་བཏང་སྟེ། བསྡོམས་པས་གཞི་ཁྱོན་ཅན་གྱི་གསོ་སྦྱོང་སྐབས104རྩ་འཛུགས་བྱས་པ་དང། བསྡོམས་པས་གསོ་སྦྱོང་ལ་ཞུགས་པའི་མི་ཐེངས10100ལ་བསླེབས་ཡོད། སྐད་གཉིས་གཏུག་བཤེར་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པར་ཤུགས་བསྣན་ཞིང། མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོ་དང《མི་རིགས་སྐད་ཆའི་བཅའ་ཁྲིམས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་སྐོར་གྱི་སྒྲོམ་གཞི་གྲོས་མཐུན》བཞག་ནས། གསོ་སྐྱོང་དང་གསོ་སྦྱོང་གི་རྟེན་གཞི་བཙུགས་པ་དང།མཚོ་ནུབ་དང་མཚོ་ལྷོ། ཡུས་ཧྲུའུ་ཁུལ་ཞིབ་དཔྱོད་ཁང་གིས་སོ་སོ་ནས་དངོས་སྦྱོང་གི་རྟེན་གཞི་བཙུགས་ཡོད།

 ཞིབ་དཔྱོད་ནན་སྐྱོང་བྱེད་པར་ལྷོད་དུ་མི་གཏོང་བ་རྒྱུན་འཁྱོངས་བྱས་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱེད་ཐབས21རྦད་ཆོད་ཀྱིས་དོན་འཁྱོལ་མཐར་ཕྱིན་བྱས་ཐོག ཏང་སྲོལ་སྤྱོད་གཙང་གི་འཛུགས་སྐྲུན་དེ་ཞིབ་དཔྱོད་ལས་སྒོའི་བྱ་བ་དང་དུས་མཉམ་དུ་ཞིབ་འཇུག་དང་བཀོད་སྒྲིག ཞིབ་བཤེར། དངོས་འབེབས་བཅས་བྱས་ཤིང། གཙོ་གཞིའི་འགན་འཁྲི་དངོས་འབེབས་ནན་པོ་བྱས་ཏེ། སྤྱོད་ཚུལ་ཡོ་བསྲང་དང་སྒྲིག་ཁྲིམས་གཟབ་ནན་བྱེད་ཤུགས་ཆེ་རུ་བཏང། ཁྲིམས་འགལ་སྒྲིག་འགལ་གྱི་ཞིབ་དཔྱོད་མི་སྣ14ལ་ཞིབ་གཅོད་ནན་པོ་བྱས་པ་དང། དེ་ལས་མི2ལ་ཉེས་དོན་འགན་འཁྲི་རྩད་གཅོད་བྱས། གྲོང་ཁྱེར་དང་ཁུལ་ཞིབ་དཔྱོད་ཁང་ལ་སྐོར་ལྟ་བྱེད་པ་ཁྱོན་ཡོངས་སུ་ཁྱབ་པར་བྱས་ཏེ། གཞི་རིམ་གྱི་ཞིབ་དཔྱོད་ཁང་སྐོར་ཞིག་ལ་དམིགས་ནས་སྐོར་ལྟའི་བྱ་བ་སྤེལ་བ་དང། གྲོང་ཁྱེར་དང་ཁུལ་ཞིབ་དཔྱོད་ཁང་གི་ཅཱན་ཁྲ་ཀྲང་གིས་ཞིང་ཆེན་ཞིབ་དཔྱོད་ཁང་ལ་བྱ་བ་སྒྲུབ་ཚུལ་དང་སྤྱོད་གཙང་གི་གནས་ཚུལ་གསལ་ཞུ་དང་བྱ་བའི་གནས་ཚུལ་ཞུ་འབུལ་བྱེད་པར་རྩ་འཛུགས་བྱས་པ། གྲོང་ཁྱེར་དང་ཁུལ་ཞིབ་དཔྱོད་ཁང་གི་ལས་སྒོའི་བྱ་བ་དང་དཔུང་སྡེའི་འཛུགས་སྐྲུན་ལ་རིགས་དབྱེ་དཔྱད་ཞིབ་དང་གདེང་འཇོག་བྱས། གྱོད་གཞིར་འབྲེལ་བའི་རྒྱུ་ནོར་དེ་སྡེ་ཁག་ལས་བརྒལ་ནས་གཅིག་བསྡུས་ཀྱིས་དོ་དམ་བྱེད་པའི་ཆ་འཕྲིན་སྟེགས་བུའི་འཛུགས་སྐྲུན་ལ་སྐུལ་སྤེལ་བཏང་སྟེ། ཞིབ་དཔྱོད་ལྷུ་ཚིགས་ཀྱི་སྲིད་གཙང་ཉེན་ཁ་དོགས་ཟོན་བྱེད་པར་ལག་རྩལ་འདེགས་སྐྱོར་འདོན་སྤྲོད་བྱས།
          གཞི་རིམ་འཛིན་པ་དང་རྨང་གཞི་འདིང་བ་རྒྱུན་འཁྱོངས་ལྷོད་མེད་བྱས་པ། གཞི་རིམ་གྱི་ཞིབ་དཔྱོད་ཁང་གི་འཛུགས་སྐྲུན་ལ་དཔེ་འཐེན་དཔྱད་དཔོག་བྱེད་པའི་བྱ་བར་ཤུགས་བསྣན་པ་དང། གཞི་རིམ་བྱ་བའི་ཐད་ཀྱི་རིན་ཐང་གི་ལྟ་བ་འཛིན་ཕྱོགས་རྒྱུན་འཁྱོངས་བྱས་ཐོག་སྔར་ལས་མང་བའི་ཞིབ་དཔྱོད་སྟོབས་ཤུགས་གཅིག་བསྡུས་བྱས་ཏེ་གཞི་རིམ་དུ་བཞག་ནས། ཀྲུང་དབྱང་སྲིད་ཁྲིམས་ཀྱི་སྤོ་བསྒྱུར་གཏོང་སྤྲོད་དང་ཞིང་ཆེན་རིམ་པའི་ཆ་འགྲིག་མ་དངུལ་སྔ་ཕྱི་སྡེབ་རྩིས་བྱས་ན་སྒོར་དུང་ཕྱུར7.79བརྩོན་ལེན་བྱས་པ་དང། ཀྲུང་དབྱང་གི་ཁ་གསབ་མ་དངུལ་དུང་ཕྱུར0.74དངོས་འབེབས་བྱས་པ། འཛུགས་སྐྲུན་ལས་གཞི11ཡོངས་འགྲུབ་བྱས། ཞིབ་དཔྱོད་བྱ་བའི་ཁྲིམས་འཛིན་སྒྲིག་སྲོལ་བཅོས་སྒྱུར་དང་དེང་རབས་ཚན་རྩལ་བེད་སྤྱོད་མཉམ་འདྲེས་ཟབ་མོ་བྱེད་པར་སྐུལ་སྤེལ་བཏང་སྟེ། ཞིང་ཆེན་རིམ་པའི་ཞིབ་དཔྱོད་གཞི་གྲངས་ཆེན་པོའི་རྨང་གཞི་སྟེགས་བུ་དང་མྱུལ་ཞིབ་ལྟ་སྐུལ་སྟེགས་བུ། ཁྲིམས་ཆད་ཇེ་ཡང་དུ་གཏོང་བ་དང་དངོས་མིན་བཙོན་འགྲོལ་གྱི་གྱོད་གཞི་ཐག་གཅོད་སྟེགས་བུ་བཅས་འཛུགས་སྐྲུན་བྱེད་མགོ་བརྩམས་པ་དང། ཞིབ་དཔྱོད་ཀྱི་རིག་ནུས་སྐད་གདངས་དང་ཞིབ་དཔྱོད་ལས་དོན་འགན་སྲུང།གྱོད་གཞིའི་སྤུས་ཚད་དཔྱད་བསྡུར། དཔུང་སྡེ་དོ་དམ་སོགས་ཀྱི་མ་ལག་བཀོད་སྒྲིག་བྱས་ཐོག་བེད་སྤྱོད་བྱས་ནས། ཞིབ་དཔྱོད་ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་ཐད“གློག་རྡུལ་གྱི་ཞིབ་དཔྱོད་ལས་དོན”དེ“ཤེས་རིག་གི་ཞིབ་དཔྱོད་ལས་དོན”དུ་མཐོར་འདེགས་གཏོང་བར་སྐུལ་འདེད་བཏང་སྟེ། ཞིབ་དཔྱོད་བྱ་བའི་གསར་གཏོད་དངགོང་སྤེལ་དམིགས་འབེན་མངོན་འགྱུར་བྱེད་པར་རྨང་གཞི་བཏིང་ཡོད། པེ་ཅིན་དང་ཧྲང་ཧའེ། ཧྲན་ཏུང་སོགས་ཞིང་ཆེན་དང་གྲོང་ཁྱེར་དྲུག་གི་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་རྒྱུའི་ཞིབ་དཔྱོད་ལས་ཁུངས་དང་འབྲེལ་མཐུད་མཐུན་སྦྱོར་བྱེད་པར་རྒྱུན་མཐུད་ངང་ཤུགས་བསྣན་ཏེ། ཁ་གཏད་རོགས་སྐྱོར་གྱི་བྱ་བར་གྲུབ་འབྲས་མངོན་གསལ་བྱུང་ཡོད།
              འཐུས་མི་རྣམ་པ། ལོ་ལྔའི་རིང་ལ། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཏང་གིས་ཞིབ་དཔྱོད་བྱ་བར་མགོ་ཁྲིད་གཙང་བཙན་བྱེད་པ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཐོག ཏང་ཨུ་ལ་ཞིབ་དཔྱོད་བྱ་བའི་བཀོད་སྒྲིག་གལ་ཆེན་དང་དོན་ཚན་གལ་ཆེན། གྱོད་གཞི་ཚབས་ཆེན་བཅས་ཧུར་ཐག་རང་འགུལ་གྱིས་ཞུ་འབུལ་བྱས་པ་དང། ཏང་གི་མགོ་ཁྲིད་ལ་དམ་པོར་བརྟེན་ནས་བྱ་བ་སྤེལ་ཏེ།ཞིབ་དཔྱོད་བྱ་བའི་ཆབ་སྲིད་ཁ་ཕྱོགས་ཡང་དག་པར་ཁག་ཐེག་བྱས། དམངས་འཐུས་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་རང་རྟོགས་ཀྱིས་དང་དུ་བླངས་པ་དང། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ལོ་འཁོར་བྱ་བ་ཞུ་འབུལ་བྱས་པ་དང། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ལྐོག་ཟ་ལྐོག་རྔན་ལ་ངོ་རྒོལ་བྱེད་པ་དང་ཉེས་དོན་འདྲི་གཅོད་ལ་བཅའ་ཁྲིམས་ལྟ་སྐུལ་བྱས་པ། ཁྲིམས་བསྟར་ཁྲིམས་འཛིན་ཚད་ལྡན་ཅན་དུ་སྒྱུར་བའི་འཛུགས་
སྐྲུན། དམངས་དོན་སྲིད་འཛིན་ཞིབ་དཔྱོད་སོགས་ཀྱི་བྱ་བ་ཆེད་དོན་ཞུ་འབུལ་བྱས་པ་མ་ཟད། གྲོས་ཞིབ་བསམ་འཆར་དོན་ཐོག་ཏུ་འཁྱོལ་བར་དམ་འཛིན་བྱས། དམངས་འཐུས་ཚོགས་ཆེན་གྱི་འཐུས་མིར་འཚམས་འདྲི་བྱེད་པའི་བྱ་བ་རྒྱུན་མཐུད་ངང་སྤེལ་ཐོག ལྷག་བསམ་རྣམ་དག་གིས་བསམ་འཆར་ལ་ཉན་པ་དང། འཐུས་མིའི་གྲོས་གཞི་ནན་ཏན་གྱིས་ཐག་བཅད་པ། འབྲེལ་གཏུག་གི་བྱ་བ་རྒྱུན་རྣམ་ཅན་དུ་བསྒྱུར་ཏེ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཞིབ་དཔྱོད་ཁང་ལ“མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་འཐུས་མིའི་གྲོས་གཞི་ཐག་གཅོད་བྱ་བའི་སྔོན་ཐོན་སྡེ་ཚན” གྱི་མཚན་སྙན་གནངས། ཞིང་ཆེན་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་རང་འགུལ་གྱིས་བྱ་བ་བརྡ་ཁྱབ་བཏང་བ་དང། སྲིད་གྲོས་ཨུ་ཡོན་དང་འབྲེལ་གཏུག་བྱེད་པར་ཤུགས་བསྣན་ཏེ། སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་དང་ལེན་བྱས། དུས་མཚུངས་སུ་ང་ཚོས་རྒྱལ་སྲུང་གི་འདུ་ཤེས་ཇེ་དྲག་ཏུ་བཏང་ཐོག་ཟི་ལིང་དམག་དོན་ཞིབ་དཔྱོད་ཁང་དང་དམག་དཔུང་དང་ས་གནས་ཀྱི་རོགས་ལས་དང་ཆ་སྒྲིག་མཉམ་སྐྲུན་གྱི་གྲོས་མཐུན་བཞག་པ་དང། ཁྲིམས་སྐྱོང་གི་ཤེས་བྱ་དམག་སྒར་དུ་སྐྱེལ་བའི་བྱེད་སྒོ་སྤེལ་ཏེ། དམག་མི་དང་དམག་མིའི་ཁྱིམ་མིའི་ཁྲིམས་མཐུན་ཁེ་དབང་ལ་དངོས་གནས་སྲུང་སྐྱོང་བྱས།

འདས་པའི་ལོ་ངོ་ལྔ་ལ་ཞིབ་དཔྱོད་བྱ་བ་དེ་བཅོས་སྒྱུར་བྱེད་པའི་ཁྲོད་གོང་དུ་སྤེལ་བ་དང་གསར་གཏོད་བྱེད་པའི་ཁྲོད་མདུན་དུ་བསྐྱོད་པ། ཞིབ་དཔྱོད་ལས་ཁུངས་ཀྱི་བཅའ་ཁྲིམས་ལྟ་སྐུལ་གྱི་ཁྱད་ཆོས་སྔར་ལས་མངོན་གསལ་ཡིན་པ་དང་འགན་ནུས་སྔར་ལས་འདོན་སྤེལ་གང་ལེགས་བྱེད་པའི་དུས་སྐབས་ཡིན་ལ། ཞིབ་དཔྱོད་ལས་ཁུངས་ཀྱི་ཁྲིམས་འཛིན་འདུ་ཤེས་གཏིང་ཟབ་སྒོས་བསྒྱུར་བ་དང་ཁྲིམས་འཛིན་བྱེད་སྒོ་སྔར་ལས་ཚད་ལྡན་དུ་བསྒྱུར་བ། ཁྲིམས་འཛིན་སྤྱོད་ཚུལ་མངོན་གསལ་དུ་ལེགས་སྒྱུར་བྱས་པ།ཁྲིམས་འཛིན་ཐད་ཀུན་གྱི་ཡིད་ཆེས་ཚད་རྒྱུན་མཐུད་ངང་མཐོར་འདེགས་བཏང་བའི་དུས་སྐབས་ཀྱང་ཡིན། ཞིང་ཆེན་ཕྱོགས་བསྡུས་བཅོས་སྐྱོང་གཞུང་ལས་ཁང་དང་ཞིང་ཆེན་སྡོམ་རྩིས་ཅུས་ཀྱི་དཔེ་འཐེན་བརྟག་དཔྱད་བྱས་འབྲས་ལས་མངོན་པ་ལྟར་ན། ཞིབ་དཔྱོད་ལས་ཁུངས་ལ་མི་དམངས་མང་ཚོགས་ཀྱི་ཡིད་ཚིམ་ཚད་ཞིང་ཆེན་སྲིད་ཁྲིམས་ཁོངས་གཏོགས་ནང་དུས་གཏན་དུ་སྔོན་གྲས་སུ་བསླེབས་ཡོད།
            གྲུབ་འབྲས་འདི་དག་ཐོབ་པ་ནི་ཞིང་ཆེན་ཏང་ཨུ་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཡང་དག་པར་མགོ་ཁྲིད་བྱས་པ་དང། རིམ་པ་སོ་སོའི་ཏང་ཨུ་དང་དམངས་འཐུས་ཚོགས་ཆེན། སྲིད་གཞུང།སྲིད་གྲོས་དང་དེ་མིན་འཐུས་མི་རྣམ་པ་དང་ཨུ་ཡོན་རྣམ་པ། སྤྱི་ཚོགས་ལས་རིགས་སོ་སོས་ཐུགས་ཁུར་དང་རྒྱབ་སྐྱོར། རོགས་རམ་བྱས་པ། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་བྱེད་པ་དང་ཉེན་རྟོག་པས་མཐུན་སྒྲིལ་འབད་འཐབ་དང་སྙིང་རུས་ཆེན་པོས་བརྩོན་ལེན་བྱས་པའི་འབྲས་བུ་ཡིན། འདིར་ངས་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཞིབ་དཔྱོད་ལས་ཁུངས་ཀྱི་ཚབ་བྱས་ནས་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བ་ཡིན།
          ལོ་ལྔའི་ལག་ལེན་ལ་ཕྱི་མིག་བལྟས་ན། ང་ཚོར་མྱོང་ཚོར་ཟབ་མོ་ཡོད་དེ། ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་ནི་ཞིབ་དཔྱོད་བྱ་བ་ལེགས་པོར་སྒྲུབ་པའི་ཆབ་སྲིད་འགན་སྲུང་ཡིན་པས། ངེས་པར་དུ“འདུ་ཤེས་བཞི”བརྟན་པོར་བཅངས་ཐོག་རྩ་ཁྲིམས་དང་བཅའ་ཁྲིམས་ལག་བསྟར་ཡང་དག་བྱེད་པར་སྲུང་སྐྱོང་བྱེད་དགོས་པ་དང། ཐོག་མཐའ་བར་གསུམ་དུ་ཞིབ་དཔྱོད་བྱ་བའི་ཆབ་སྲིད་ཁ་ཕྱོགས་ཡང་དག་པ་འཛིན་དགོས། ལྟེ་བར་དམིགས་ནས་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་རྒྱུན་འཁྱོངས་བྱེད་པ་ནི་ཞིབ་དཔྱོད་བྱ་བ་ལེགས་པོར་སྒྲུབ་པའི་དགོས་ངེས་ཀྱི་བླང་བྱ་ཡིན་པས། ངེས་པར་ཐོག་མཐའ་བར་གསུམ་དུ་ཞིབ་དཔྱོད་བྱ་བའི་བསམ་གཞིགས་དང་ཇུས་འགོད་དེ་ཞིང་ཆེན་ཡོངས་ནས་གོང་དུ་སྤེལ་བའི་འཐབ་ཇུས་བཀོད་སྒྲིག་ནང་དུ་བཞག་ནས་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། བཅོས་སྒྱུར་གསར་གཏོད་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་ནི་ཞིབ་དཔྱོད་བྱ་བ་ལེགས་པོར་སྒྲུབ་པའི་ཉམས་མེད་སྒུལ་ཤུགས་ཡིན་པས། ངེས་པར་དུ་རྒྱུན་མཐུད་ངང་བཅོས་སྒྱུར་ཐད་ནས་སྒུལ་ཤུགས་བརྩོན་ལེན་དང་གསར་གཏོད་ཐད་ནས་སྐྱེ་སྟོབས་བརྩོན་ལེན་བྱས་ཏེ།བྱ་བ་སྣ་ཚོགས་གསར་གཏོད་དང་གོང་སྤེལ་བྱེད་པར་སྐུལ་འདེད་གཏོང་དགོས། ཉམས་སད་ཐེག་ཐུབ་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་ནི་ཞིབ་དཔྱོད་བྱ་བ་ལེགས་པོར་སྒྲུབ་པའི་རྩ་འཛུགས་འགན་སྲུང་ཡིན་པས། ངེས་པར་དུ་རྒྱུན་འཁྱོངས་ལྷོད་མེད་ཀྱིས་འདུ་ཤེས་མཐོ་རུ་འདེགས་པ་དང་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། སྒྲིག་ཁྲིམས་དང་སྤྱོད་ཚུལ་བཅས་དམ་འཛིན་བྱས་ཏེ། དཔུང་སྡེར་བརྟེན་ནས་ལས་སྒོ་འགན་སྲུང་བྱེད་པ་དང་ལས་སྒོར་བརྟེན་ནས་དཔུང་སྡེ་སྦྱོང་བརྡར་དང་དཔུང་སྡེའི་ཆུ་ཚད་མཐོར་འདེགས་གཏོང་བའི་འཁོར་རྒྱུག་བཟང་པོ་ཆགས་པར་བྱེད་དགོས། གཞི་རིམ་གྱི་རྨང་གཞི་བརྟན་པོར་འདིང་རྒྱུ་རྒྱུན་འཁྱོངས་བྱེད་པ་ནི་ཞིབ་དཔྱོད་བྱ་བ་ལེགས་པོར་སྒྲུབ་པའི་ནུས་ཡོད་འདེགས་སྐྱོར་ཡིན་པས། ངེས་པར་དུ་ཁྲིམས་འཛིན་ཚད་ལྡན་ཅན་དུ་སྒྱུར་བ་དང་དཔུང་སྡེ་ཆེད་ལས་ཅན་དུ་སྒྱུར་བ། དོ་དམ་ཚན་རིག་ཅན་དུ་སྒྱུར་བ། འགན་སྲུང་དེང་རབས་ཅན་དུ་སྒྱུར་བ་བཅས་ཀྱི་འཛུགས་སྐྲུན་ལ་ཤུགས་ཆེན་པོ་བསྣན་ཏེ། གཞི་རིམ་གྱི་རྨང་གཞིའི་བྱ་བར་སྤྱི་ཡོངས་ནས་ཤུགས་སྣོན་པ་དང་ཞིབ་དཔྱོད་བྱ་བ་ཚན་རིག་ལྟར་གོང་དུ་སྤེལ་བའི་རྩ་བ་སྔར་ལས་ཇེ་བརྟན་དུ་འགྱུར་བར་འཇུག་དགོས།གྲུབ་འབྲས་སྤྱི་བསྡོམས་བྱེད་པའི་ཆབས་ཅིག་ཏུ། ང་ཚོས་ཀྱང་ཞིབ་དཔྱོད་བྱ་བའི་ཐད་ད་དུང་གནད་དོན་དང་དཀའ་ངལ་མི་ཉུང་བ་གནས་ཡོད་པ་ངོས་འཛིན་གསལ་བོ་བྱས་པ་སྟེ། གཙོ་བོ་ནི་ཞིབ་དཔྱོད་ནུས་པའི་འཛུགས་སྐྲུན་དེ་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་བླང་བྱ་དང་ད་དུང་ཡོངས་སུ་མི་འཚམ་པ་དང། ལྷག་པར་དུ་གནས་ཚུལ་གསར་བར་ཞིབ་འཇུག་དང་གནད་དོན་གསར་བ་ཐག་གཅོད་བྱེད་ནུས་ད་དུང་མི་འདང་བས། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་ནུས་པ་སྔར་ལས་ལྷག་པར་ཇེ་ཆེ་རུ་གཏོང་དགོས་པ་དང་གཅིག བཅའ་ཁྲིམས་ལྟ་སྐུལ་ད་དུང་དམིགས་སར་འབྱོར་མི་ཐུབ་པ་དང། ས་གནས་ཁ་ཤས་ཀྱི་དམངས་དོན་སྲིད་འཛིན་གྱི་ཞིབ་དཔྱོད་ལྟ་སྐུལ་དང་ལོ་ན་མ་སོན་པའི་མིའི་ཞིབ་དཔྱོད་བྱ་བ་བལྟོས་བཅས་ཀྱིས་ཞན་པ་དང་གཉིས། གཞི་རིམ་གྱི་རྨང་གཞིའི་བྱ་བར་ཞན་ཆ་ཡོད་པ་དང། དཀའ་ཚེགས་ཆེ་བའི་ས་ཁུལ་ཁ་ཤས་སུ་ཤེས་ལྡན་མི་སྣ་ནང་དུ་འདྲེན་དཀའ་བ་དང་ཤེས་ལྡན་མི་སྣ་སྡོད་དུ་འཇུག་དཀའ་བའི་གནད་དོན་འབུར་དུ་ཐོན་པ་དང་གསུམ། ཁྲིམས་འཛིན་ཚད་ལྡན་མིན་པའི“གཅོང་གནད” ད་དུང་ཡོངས་སུ་རྩ་བཅོས་བྱེད་མི་ཐུབ་པས། ཞིབ་དཔྱོད་མི་སྣས་བཅའ་ཁྲིམས་དང་སྒྲིག་ཁྲིམས་འགལ་བའི་གནད་དོན་སྔར་བཞིན་བྱུང་བ་དང་བཞི། ཞིབ་དཔྱོད་ཆ་འཕྲིན་ཅན་བེད་སྤྱོད་བྱེད་ནུས་དེ“ཤེས་རིག་གི་ཞིབ་དཔྱོད་ལས་དོན”ལ་སྐུལ་སྤེལ་གཏོང་བའི་བླང་བྱ་དང་ཟླ་སྒྲིག་བྱེད་པར་མི་འདང་བས། ཁྲིམས་འཛིན་གྱོད་གཞི་ཐག་གཅོད་པའི་ཚན་རྩལ་འདེགས་སྐྱོར་ཕྱོད་ནུས་ད་དུང་འདོན་སྤེལ་བྱེད་མི་ཐུབ་པ་དང་ལྔའོ། གནས་པའི་གནད་དོན་ལ་དམིགས་ནས་ང་ཚོས་གཙིགས་སུ་འཛིན་ཞིང་དངོས་གནས་ཐག་གཅོད་བྱ་དགོས།

2018ལོའི་བྱ་བ་གཙོ་བོའི་སྐོར།

གཅིག ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་མཛུབ་ཁྲིད་བྱས་ནས་ཞིབ་དཔྱོད་བྱ་བའི་ཆབ་སྲིད་ཁ་ཕྱོགས་སྔར་ལས་ཇེ་བརྟན་དུ་གཏོང་དགོས།
              ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་གཏིང་ཟབ་སྒོས་སློབ་སྦྱོང་ལག་བསྟར་དང་དངོས་འབེབས་བཟང་པོ་བྱས་ཐོག ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཞིབ་དཔྱོད་བྱ་བ་སྤྱི་འདོམས་བྱེད་པ་དང། “འདུ་ཤེས་བཞི” བརྟན་པོར་བཅང་བ། ཏང་གིས་ཞིབ་དཔྱོད་བྱ་བ་མགོ་ཁྲིད་གཙང་བཙན་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་བསྡུས་གཅིག་གྱུར་གྱི་མགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། ཆབ་སྲིད་འཛུགས་སྐྲུན་དེ་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ཐོག་ཞིབ་དཔྱོད་དཔུང་སྡེ་ཏང་ལ་བློ་དཀར་བ་དང་ལས་སྒོ་བྱང་ཆུབ་པ། འགན་འཁྲི་འཁུར་ཕོད་པ། སྒྲིག་ཁྲིམས་ནན་པོ་བྱེད་པར་ཁག་ཐེག་བྱས་ཏེ། སྤྱི་ཚོགས་ཁྱོན་ཡོངས་ཀྱི་བརྟན་འཇགས་ཡོང་བར་སྲུང་སྐྱོང་བྱེད་པ་དང་སྤྱི་ཚོགས་ཀྱི་དྲང་སྙོམས་དྲང་བདེན་ལ་སྐུལ་འདེད་གཏོང་བ། མི་དམངས་བདེ་འཁོད་ལས་བརྩོན་འགན་སྲུང་བྱེད་པ་བཅས་ཀྱི་ཁྲོད་ཞིབ་དཔྱོད་སྟབས་ཤུགས་འདོན་དགོས།
      གཉིས། ཞིབ་དཔྱོད་འགན་ནུས་འདོན་སྤེལ་གང་ལེགས་བྱས་ནས་དུས་རབས་གསར་བར་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་གོང་དུ་སྤེལ་བར་ཞིབ་དཔྱོད་ཞབས་ཕྱི་དང་འགན་སྲུང་འདོན་སྤྲོད་བྱེད་དགོས།
       འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་བརྟན་པོར་བཅང་བ་དང། “ཏན་ཏན་ཏིག་ཏིག་བཞིའི”བླང་བྱ་གལ་ཆེན་དང“སྒྱུར་བ་བཞིའི”མཚོ་སྔོན་སྐྱོང་བ་དང་སྲིད་དོན་གཉེར་བའི་བསམ་གཞིགས་གསར་བར་དམ་པོར་དམིགས་ནས། ཞིབ་དཔྱོད་འགན་ནུས་འདོན་སྤེལ་བྱེད་པ་དེ་འདོན་སྤྲོད་ཕྱོགས་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་དང་གསར་གཏོད་ལ་བརྟེན་ནས་གོང་དུ་སྤེལ་བར་སྐུལ་འདེད་གཏོང་རྒྱུ་དང་གྲོང་གསེབ་དར་སྤེལ་བྱེད་རྒྱུ། ས་ཁོངས་མཐུན་སྦྱོར་ངང་གོང་དུ་སྤེལ་རྒྱུ། རྒྱུན་མཐུད་ངང་གོང་དུ་སྤེལ་ཆོག་རྒྱུ། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་བྱེད་རྒྱུ་སོགས་ཀྱི་འཐབ་ཇུས་གལ་ཆེན་དང། ལྷག་པར་དུ་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཉེན་ཁ་ཆེན་པོ་དོགས་ཟོན་དང་འདུམ་འགྲིག་བྱེད་པ་དང། དབུལ་སྒྲོལ་གནད་འཕིགས་དང་སྦག་བཙོག་བཅོས་སྐྱོང་བྱེད་པ་བཅས་འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་རྦད་ཆོད་ཀྱིས་ལེགས་པོར་རྒྱག་པའི་སྐོར་གྱི་བཀོད་སྒྲིག་ཁྲོད་མཉམ་འདྲེས་བྱས་ཏེ། ཞིབ་དཔྱོད་བྱ་བས་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་འགན་སྲུང་བྱེད་པའི་ཁ་གཏད་རང་བཞིན་དང་ཕན་འབྲས་རང་བཞིན་སྔར་ལས་ཇེ་དྲག་ཏུ་གཏོང་དགོས། རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་སྲོལ་བཅོས་སྒྱུར་སྐོར་གྱི་བཀོད་སྒྲིག་རྦད་ཆོད་ཀྱིས་ལག་བསྟར་བྱེད་དགོས་ཤིང། རིམ་པ་སོ་སོའི་སྒྲིག་ཁྲིམས་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ལས་ཁུངས་གཉིས་དང་གཞོགས་འདེགས་དམ་པོ་བྱེད་པར་ཤུགས་སྣོན་པ་དང། རུལ་སུངས་ལ་ངོ་རྒོལ་བྱེད་པར་སྐུལ་སྤེལ་གཏོང་བའི་འཐབ་རྩོད་ཀྱི་ཆབ་སྲིད་འགན་འཁྲི་དང་བཅའ་ཁྲིམས་འགན་འཁྲི་ལག་བསྟར་བཟང་པོ་བྱས་ཏེ། ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་བརྟག་དཔྱད་དེ་ཞིབ་དཔྱོད་ལས་ཁུངས་ཀྱི་ཉེས་དོན་གཏུག་བཤེར་དང་སྣེ་མཐུད་བྱེད་པའི་རྐྱེན་སྲོལ་འཛུགས་པར་སྐུལ་འདེད་གཏོང་དགོས།

གསུམ། ཞིབ་དཔྱོད་ལྟ་སྐུལ་གྱི་འགན་འཁྲི་གཙོ་བོ་དང་ལས་སྒོ་གཙོ་བོར་དམིགས་ནས་ཞིབ་དཔྱོད་བྱ་བའི་སྤུས་ཀ་མུ་མཐུད་དུ་ལེགས་པོར་གཏོང་དགོས། ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་ལ་སྲུང་སྐྱོང་བྱེད་པ་དེ་ཨང་དང་པོར་བཞག་ནས། སིམ་འཛུལ་དང་རྩ་སློགགཏོར་བརླག་བཅས་ཀྱི་བྱ་འགུལ་སྣ་ཚོགས་དང། གཏུམ་དྲག་འཇིགས་སྐུལ་གྱི་བྱ་འགུལ། མི་རིགས་ཁ་བྲལ་གྱི་བྱ་འགུལ། ཆོས་ལུགས་ཐལ་སྐྱོད་ཀྱི་བྱ་འགུལ་བཅས་ལ་རྦད་ཆོད་ཀྱིས་རྡུང་རྡེག་བཏང་སྟེ་དུས་རབས་གསར་བའི་རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོང་བྱེད་དགོས། གཡེམ་འཆལ་དང་རྒྱན་འགྱེད།དུག་རྫས། ནག་ཚོགས་སྟོབས་ཤུགས། མགོ་སྐོར་བསླུ་བྲིད་སོགས་ཀྱི་ཉེས་བསགས་ལ་ཁྲིམས་ལྟར་རྡུང་རྡེག་གཏོང་བའི་རྒྱུན་རྣམ་ཅན་གྱི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང། མེ་མདའ་དང་འབར་གས་ལ་འབྲེལ་བ་དང། གློག་འཕྲིན་དང་དྲ་རྒྱ་བེད་སྤྱད་དེ་མགོ་སྐོར་གཡོ་ལེན་བྱེད་པ་སོགས་ཀྱི་ཆེད་དོན་འཆུན་འདོམས་བྱེད་སྒོ་ཟབ་སྤེལ་བྱས་ནས། སྤྱི་ཚོགས་འགལ་བ་སྔར་ལས་ནུས་ཡོད་ཀྱིས་འདུམ་འགྲིག་བྱས་ཏེ་མི་དམངས་མང་ཚོགས་ཀྱི་མི་ལུས་དབང་ཆ་དང་རྒྱུ་ནོར་དབང་ཆ། མི་གཞིའི་དབང་ཆ་བཅས་ལ་དངོས་གནས་སྲུང་སྐྱོང་བྱེད་དགོས། ཉེས་དོན་ཞིབ་དཔྱོད་དང་དམངས་དོན་སྲིད་འཛིན་ཞིབ་དཔྱོད།ཉེས་གཏུག་ཞུ་སྦྱོར་ཞིབ་དཔྱོད། ཉེས་དོན་ལག་བསྟར་ཞིབ་དཔྱོད། ལོ་ན་མ་སོན་པའི་མིའི་ཞིབ་དཔྱོད་སོགས་ཀྱི་བཅའ་ཁྲིམས་ལྟ་སྐུལ་བྱ་བ་སྣ་ཚོགས་ཕྱོགས་ཡོངས་ནས་གོང་དུ་སྤེལ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་ཤིང། བཅའ་ཁྲིམས་ཀྱིས་བསྩལ་བའི་རྒོལ་གཏུག་དང་ཁྲིམས་འགལ་གྱི་བྱ་སྤྱོད་ཡོ་བསྲང། ཞིབ་དཔྱོད་གྲོས་གཞི་སོགས་ཀྱི་ལྟ་སྐུལ་བྱེད་ཐབས་ཕྱོགས་བསྡུས་བེད་སྤྱོད་བྱས་ནས་ཞིབ་དཔྱོད་ལྟ་སྐུལ་བྱེད་པའི་ཆུ་ཚད་ནུས་ཤུགས་ཡོད་རྒུས་མཐོར་འདེགས་བཏང་སྟེ། འབད་བརྩོན་གྱིས་མི་དམངས་མང་ཚོགས་ལ་ཁྲིམས་འཛིན་གྱོད་གཞི་རེ་རེའི་ཁྲོད་དྲང་སྙོམས་དྲང་བདེན་ཚོར་དུ་འཇུག་དགོས།

བཞི། མི་དམངས་ལྟེ་བ་ཡིན་པ་རྒྱུན་འཁྱོངས་བྱས་ནས་དམངས་འཚོའི་ཐད་ཀྱི་ཞིབ་དཔྱོད་ལ་སྔར་ལས་ལྷག་པར་ཤུགས་སྣོན་དགོས། མི་དམངས་མང་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་པ་དང།ཆེས་ཐད་ཀར་ཡིན་པ། ཆེས་དངོས་ཡོད་ཡིན་པའི་ཁེ་ཕན་གནད་དོན་དམ་འཛིན་བྱེད་པ་དང། དམངས་འཚོའི་ཐད་ཀྱི་ཞིབ་དཔྱོད་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱས་ཏེ། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པའི་ཆུ་ཚད་མཐོ་རུ་འདེགས་པར་སྐུལ་འདེད་གཏོང་དགོས། བུད་མེད་དང་བྱིས་པ། རྒན་རྒོན། དབང་བོ་སྐྱོན་ཅན་སོགས་མི་ཚོགས་དམིགས་བསལ་ཅན་གྱི་ཁྲིམས་མཐུན་ཁེ་དབང་ལ་ཁྲིམས་འཛིན་སྲུང་སྐྱོང་བྱེད་པར་ཤུགས་སྣོན་དགོས། ཟས་རིགས་དང་སྨན་རྫས་གནོད་མེད་བདེ་འཇགས་ལ་གནོད་སྐྱེལ་བའི་ཉེས་བསགས་ལ་ཆེད་དོན་གྱོད་ཐོ་བཀོད་ནས་ལྟ་སྐུལ་བྱེད་པར་ཤུགས་སྣོན་དགོས། ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་ཕན་གཏུག་བཤེར་ཞུ་བའི་བྱ་བར་གཏིང་ཟབ་སྒོས་སྐུལ་སྤེལ་གཏོང་བ་དང། གཙོ་བོ་སྐྱེ་ཁམས་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང། ཟས་རིགས་དང་སྨན་རྫས་གནོད་མེད་བདེ་འཇགས། རྒྱལ་དབང་རྒྱུ་ནོར་སྲུང་སྐྱོང། རྒྱལ་དབང་ས་ཞིང་བེད་སྤྱོད་དབང་ཆ་ནང་བཤུག་སོགས་ཀྱི་ཁྱབ་ཁོངས་སུ་དམངས་འཚོར་གནོད་སྐྱེལ་བའི་གྱོད་གཞི་ཚབས་ཆེན་ལ་དམིགས་ནས་ལྟ་སྐུལ་འགན་འཁྲི་ལག་བསྟར་བྱས་ནས། མང་ཚོགས་ཀྱི་ཁེ་ཕན་ལ་ཤུགས་རྐྱེན་བཟོ་བའི་འབུར་ཐོན་གནད་དོན་ཐག་གཅོད་པར་སྐུལ་འདེད་བཏང་སྟེ། དམངས་འཚོར་སྲུང་སྐྱོང་བྱེད་ཐད་ཀྱི་སྤྱི་ཕན་གཏུག་བཤེར་གྱི་དམིགས་བསལ་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།
          ལྔ། སྐྱེ་ཁམས་ཁོར་ཡུག་ལ་ཁྲིམས་འཛིན་སྲུང་སྐྱོང་བྱེད་པར་ཤུགས་བསྣན་ནས་མཛེས་སྡུག་ལྡན་པའི་མཚོ་སྔོན་བསྐྲུན་པར་སྐུལ་སྤེལ་གཏོང་དགོས། 《ཞིབ་དཔྱོད་འགན་འཁྲི་ལག་བསྟར་གང་ལེགས་བྱས་ནས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བ་དང་འགན་སྲུང་བྱེད་པའི་སྐོར་གྱི་བསམ་འཆར》དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པར་ནུས་ཤུགས་ཡོད་རྒུས་ལེགས་པོར་འཛིན་པ་དང། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བ་དང་འགན་སྲུང་བྱེད་པའི་ཆེད་དོན་ཞིབ་དཔྱོད་བྱེད་སྒོ་ཏན་ཏིག་གིས་སྤེལ་ཏེ། ཆུ་དྭངས་པོ་ཤར་དུ་འབབ་པར་ཁག་ཐེག་བྱེད་དགོས། ཁོར་ཡུག་ཐོན་ཁུངས་ལ་ལྟ་སྐུལ་དོ་དམ་བྱེད་པའི་ཁྲིམས་འཛིན་བྱེད་སྒོ་ལ་བཅའ་ཁྲིམས་ལྟ་སྐུལ་བྱེད་པར་ཤུགས་སྣོན་པ་དང། ཁོར་ཡུག་ཐོན་ཁུངས་ལ་གཏོར་བརླག་གཏོང་བའི་ཉེས་བསགས་ལ་གྱོད་གཞི་ཐོ་བཀོད་ནས་ལྟ་སྐུལ་བྱེད་པའི་རྒྱུན་རྣམ་ཅན་གྱི་རྐྱེན་སྲོལ་བཙུགས་ཐོག སྐྱེ་ཁམས་རྩོལ་ནུས་ཁུལ་གཙོ་བོའི་འཛུགས་སྐྲུན་དང་སྐྱེ་ཁམས་སྲུང་སྐྱོང་དང་ ཉམས་གསོའི་ལས་གྲྭ། ཁོར་ཡུག་སྦག་བཙོག་བཅོས་སྐྱོང་སོགས་ཁྱབ་ཁོངས་ཀྱི་ཉེས་བསགས་ལ་རྡུང་རྡེག་དྲག་པོ་བཏང་སྟེ། སྤྱི་པའི་ཁོར་ཡུག་ཁེ་ཕན་ལ་གནོད་སྐྱེལ་བའི་འབུར་ཐོན་གནད་དོན་ཐག་གཅོད་པར་སྐུལ་འདེད་གཏོང་དགོས།

དྲུག ཁྲིམས་འཛིན་སྒྲིག་སྲོལ་གྱི་ཕྱོགས་བསྡུས་ཆ་འགྲིག་བཅོས་སྒྱུར་ཟབ་སྤེལ་བྱས་ནས་བཅོས་སྒྱུར་ཁོངས་གཏོགས་ཀྱི་ཕྱོད་ནུས་རྒྱུན་ཆད་མེད་པར་ཇེ་ཆེ་རུ་གཏོང་དགོས། ཞིབ་དཔྱོད་བྱ་བ་སྣ་ཚོགས་དེ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལག་ལེན་ཁྲོད་དུ་རང་འགུལ་གྱིས་མཉམ་འདྲེས་བྱས་ཐོག་ཁྲིམས་འཛིན་འགན་ཁུར་ལམ་ལུགས་ཕྱོགས་ཡོངས་ནས་དངོས་འབེབས་བྱེད་པ་དང། དབང་ཆ་དང་འགན་འཁྲི་གཅིག་གྱུར་བྱེད་པའི་ཁྲིམས་འཛིན་དབང་ཆ་རྒྱུན་འཁོར་རྐྱེན་སྲོལ་གསར་བ་མགྱོགས་པོར་བཙུགས་ཏེ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་བཀོད་སྒྲིག་བྱེད་པའི་ཁྲིམས་འཛིན་བཅོས་སྒྱུར་བྱེད་ཐབས་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པར་ཁག་ཐེག་བྱེད་དགོས། ཤེས་རིག་གི་ཞིབ་དཔྱོད་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་སྤེལ་བཏང་ཐོག་ཞིབ་དཔྱོད་མི་སྣའི་ཚན་རྩལ་འདུ་ཤེས་དང་ཚན་རྩལ་བསམ་གཞིགས་ཇེ་དྲག་ཏུ་གཏོང་བ་དང། “མིས་བཟོས་རིག་ནུས+ཞིབ་དཔྱོད་བྱ་བའི” རྣམ་པ་གསར་བ་འཚོལ་ཞིབ་བྱས་ཏེ། ཞིབ་དཔྱོད་བྱ་བ་དང་ཁྲིམས་འཛིན་བཅོས་སྒྱུར་དེ་དེང་རབས་ཚན་རྩལ་བེད་སྤྱོད་དང་མཉམ་འདྲེས་ཟབ་མོ་བྱེད་པར་སྐུལ་འདེད་དང། ཞིབ་དཔྱོད་བྱ་བའི་ཁྲོད་གཞི་གྲངས་ཆེན་པོ་དང་མིས་བཟོས་རིག་ནུས་བེད་སྤྱོད་པར་སྐུལ་འདེད་གཏོང་དགོས།

 བདུན། ཞིབ་དཔྱོད་དཔུང་སྡེ་འཛུགས་སྐྲུན་བྱེད་པར་ཤུགས་བསྣན་ནས་ཞིབ་དཔྱོད་ནན་སྐྱོང་བྱེད་པར་ཕྱོགས་ཡོངས་ནས་སྐུལ་སྤེལ་གཏོང་དགོས། དུས་རབས་གསར་བའི་ཏང་གི་འཛུགས་སྐྲུན་སྤྱིའི་བླང་བྱ་གཏིང་ཟབ་སྒོས་ལག་བསྟར་བྱས་ཏེ་ཉམས་སད་ཐེག་ཐུབ་པའི་ཞིབ་དཔྱོད་དཔུང་སྡེ་འཛུགས་སྐྲུན་བྱེད་པར་འབད་བརྩོན་བྱེད་དགོས། “ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པའི”བརྗོད་བྱ་གཙོ་བོའི་སློབ་གསོ་གཏིང་ཟབ་སྒོས་སྤེལ་བ་དང། ཞིབ་དཔྱོད་ལས་ཁུངས་ཀྱི་ཏང་སྲོལ་སྤྱོད་གཙང་གི་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བར་ཤུགས་སྣོན་པ། སྒྲིག་ཁྲིམས་ལག་བསྟར་བྱེད་ཤུགས་ཇེ་ཆེར་བཏང་སྟེ། ཞིབ་དཔྱོད་མི་སྣས་གུས་ཞེད་རྟོགས་པ་དང། དོགས་ཟོན་འཆང་བ། ཚད་མཐའ་སྲུང་བ་བཅས་བྱས་ནས་ལྟ་སྐུལ་དང་གཅུན་སྡོམ་དང་དུ་ལེན་པའི་གནས་ཚུལ་འོག་བྱ་བ་སྒྲུབ་པ་དང་འཚོ་བ་སྐྱེལ་བར་གོམས་སུ་འཇུག་དགོས། སློབ་གསོ་དང་སློབ་སྦྱོང། ཞིབ་འཇུག སྦྱོང་བརྡར་གཞི་གཅིག་ཅན་གྱི་སློབ་གསོ་གསོ་སྦྱོང་རྐྱེན་སྲོལ་འཐུས་ཚང་དུ་བཏང་ཐོག་དཔུང་སྡེའི་དངོས་གཞི་ཅན་དང་ལས་རིགས་ཅན། ཆེད་ལས་ཅན་གྱི་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། ཞིབ་དཔྱོད་ལྟ་སྐུལ་བྱེད་ནུས་ཇེ་ཆེར་གཏོང་དགོས། ལྕགས་བརྡུང་ན་ཐོ་བ་མཁྲེགས་དགོས་པའི་རིག་པ་གསལ་བོས་དུས་གཏན་དུ་རྒྱུན་སྲུང་བྱས་ཏེ། ཞིབ་དཔྱོད་མི་སྣའི་ཁྲིམས་འགལ་སྒྲིག་འགལ་གྱི་གྱོད་གཞིར་ཞིབ་གཅོད་ནན་པོ་བྱེད་དགོས། ཁྲིམས་འཛིན་ཚད་ལྡན་དུ་གཏོང་བའི་རྒྱུན་ཕན་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། དངོས་གནས་ཁྲིམས་འཛིན་ཚད་ལྡན་ནན་མོ་གཏོང་བ་དེ་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་གོམས་གཤིས་ཤིག་ཏུ་ཡང་དག་པར་འགྱུར་རུ་འཇུག་དགོས།

 འཐུས་མི་རྣམ་པ། ལོ་གསར་བའི་རིང་ལ། ཞིང་ཆེན་ཏང་ཨུ་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་མགོ་ཁྲིད་བརྟན་པོའི་འོག ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་དང། ཐེངས་འདིའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཆོད་ནན་ཏན་གྱིས་ལག་བསྟར་དངོས་འབེབས་བྱེད་དགོས་ཤིང། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་བསྩལ་བའི་འགན་འཁྲི་ལག་བསྟར་རྣམ་དག་བྱེད་པ་དང། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པ། གསར་གཏོད་ཡར་བརྩོན་བྱས་ཏེ། འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་མཚོ་སྔོན་གསར་བ་བསྐྲུན་པར་བྱས་རྗེས་གསར་བ་འཇོག་དགོས།།