2020ལོའི་བར་ཡིག་ཚགས་ཅན་གྱི་དཀའ་ཁག་ཆེ་བའི་ལས་བཟོ་བ་ཁྱོན་ཡོངས་ནས་དཀའ་ཁག་ལས་ཐར་དུ་འཇུག་རྒྱུ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། གསར་འགོད་པས་ཞིང་ཆེན་སྤྱི་ཁྱབ་བཟོ་ཨུ་ལས་རྒྱུས་ལོན་བྱུང་བ་ལྟར་ན། དུས་རབས་གསར་བར་ཞུགས་རྗེས་རང་ཞིང་གིས་ལས་བཟོ་མང་ཚོགས་ཀྱིས་མཛེས་སྡུག་གི་འཚོ་བར་རེ་སྙེག་བྱེད་པ་དེ་བཟོ་ཚོགས་ཀྱི་འགན་འཁྲི་གསར་བ་རུ་བཟུང་ནས་དཀྱིལ་ཡངས་བའི་སྒོ་ནས་ལས་བཟོ་མང་ཚོགས་ལ་འབྲེལ་འདྲིས་ཟབ་མོ་བྱས་ནས་གཞི་རིམ་བཟོ་ཚོགས་བྱ་བའི་གནས་ཚུལ་ཐད་ཀྱི་ཐད་གཏོང་ས་ཚིགས་གསར་འཛུགས་བྱས་ཏེ། གཞི་རིམ་ནི་ལས་བཟོ་བའི་ལས་དོན་དངོས་སྒྲུབ་ས་རུ་བྱས་ཤིང་། བློ་བརྟན་འགྱུར་མེད་སྒོས་དབུལ་སྐྱོར་མཁྲེགས་གཏོར་ལ་རྒྱལ་ཁ་ལེན་པ་མ་ཟད། དཀའ་ཁག་ཆེ་བའི་ལས་བཟོ་བ་དག་ཧུར་ཐག་གིས་བཟོ་ཨུའི་རོགས་སྐྱོར་བྱ་བའི་སྤྱི་ཚོགས་རོགས་སྐྱོར་མ་ལག་དང་སྤྱི་གཞུང་ཞབས་ཞུའི་མ་ལག་ཁྲོད་ཟབ་ཞུགས་བྱེད་དུ་འཇུག་པ་དང་དཀའ་ཁག་ཆེ་བའི་ལས་བཟོ་བ་དག་གི་དགོས་མཁོའི་བརྡ་འཕྲིན་དང་རིགས་མི་འདྲ་བའི་རོགས་སྒྲུབ་ཐོན་ཁུངས་ཐད་ཀྱི་གནད་འཁེལ་དབུལ་སྐྱོར་གྱིས་ཆོག་མཆན་གཅིག་གི་བྱ་འགུལ་འཆར་གཞི་དེ་གཏིང་ཟབ་ཀྱིས་ལག་བསྟར་བྱས་ནས། 2020ལོར་ཞིང་ཆེན་ཡོངས་ཀྱི་དཀའ་ཁག་ཆེ་བའི་ལས་བཟོ་བ་དག་ཁྱོན་ཡོངས་ནས་དཀའ་ཁག་ཆེ་བའི་དཀའ་གནད་དམིགས་འབེན་ལས་ཡོངས་སུ་ཐར་ཐུབ་པ་མངོན་འགྱུར་བྱེད་རྒྱུ་རེད།

གཅིག་ནས་དཀའ་ཁག་ཆེ་བའི་ལས་བཟོ་བ་དག་ལ་རོགས་སྐྱོར་བྱེད་པའི་ལྟེ་གནས་དེ་ཧུར་ཐག་གིས་ལས་བཟོ་བར་ཞབས་ཞུ་བྱེད་པའི་ལྟེ་གནས་སུ་བསྒྱུར་བ་དང་། ལྷན་ཚོགས་དང་ས་ཚིགས། ཁྱིམ་ཚང་བཅས་ཀྱི་ངོ་བོ་གཅིག་གྱུར་གྱི་འཛུགས་བསྐྲུན་ལ་ཤུགས་སྣོན་བྱེད་པ། བཟོ་ཨུའི་རྩ་འཛུགས་མངོན་འགྱུར་དང་ལས་བཟོ་བའི་ཞབས་ཞུའི་ས་ཚིགས། ལས་བཟོ་བའི་ཁྱིམ་གཞིས་བཅས་མཉམ་འཛུགས་མཉམ་སྤྱོད་དང་ཕན་ཚུན་གྲོས་མཐུན་ཞབས་ཞུ་བྱེད་པ་དང་ཐུན་མོང་འོག་འཕེལ་རྒྱས་སུ་གཏོང་བ། གཉིས་ནས་བཟོ་ཚོགས་ཀྱི་ཟླ་རེའི་ལས་ཞུགས་རོགས་སྒྲུབ་བྱ་འགུལ་སོགས་ཏན་ཏིག་གིས་སྤེལ་ནས། ངལ་རྩོལ་མཁན་ལ་ཆེས་མཐོའི་སྤུས་ཚད་མཐོ་ཞིང་ལས་ཞུགས་འཐུས་ཚང་ཅན་མངོན་འགྱུར་ལག་བསྟར་བྱེད་པ། གསུམ་ནས་དུས་ཚིགས་བཞི་ལ་ཚོང་རྟགས་གྲགས་ཅན་གྱི་ལེགས་སྐྱེས་སྟེར་རྒྱུར་ཤུགས་བསྣན་ནས་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར3ལྷག་བསྡུ་རུབ་ཀྱིས་རོགས་སྐྱོར་སྒྲིག་གཞི་འཐུས་ཚང་དང་རོགས་སྐྱོར་བསྡུས་གཟུགས་གསར་གཏོད་ཀྱིས་རོགས་སྒྲུབ་དང་ཁེ་དབང་འགེབས་སྲུང་། ཞབས་ཞུ་གསུམ་གྱི་ངོ་བོ་གཅིག་གྱུར་འཕེལ་རྒྱས་མངོན་འགྱུར་བྱེད་པ། བཞི་ནས་ལས་བཟོ་བའི་སྨན་བཅོས་འཚོ་བའི་ཐད་ཕན་ཚུན་རོགས་རམ་གྱི་འཆར་གཞི་མངོན་འགྱུར་བྱས་ནས་ཆུ་ཚད་འགན་སྲུང་མཐོར་འདེགས་སུ་གཏོང་བ། བཟོ་ཚོགས་ཀྱི་ཚོགས་མིར་ཡོངས་ཁྱབ་ཁེ་ཕན་རང་བཞིན་གྱི་ཞབས་ཞུ་ལ་ཧུར་ཐག་གིས་སྐུལ་འདེད་བྱས་ཏེ་བྱང་བུ་གཅིག་གྱུར་བྱེད་པའི་ཞབས་ཞུར་སྐུལ་འདེད་ཀྱིས་ཁྲིམས་སྲོལ་སྒྲིག་སྲོལ་ཐད་ལས་བཟོ་བའི་ཁེ་ཕན་མངོན་འགྱུར་བྱེད་པ། ལྔ་ནས་ལས་བཟོ་བའི་སྨན་བཅོས་ཁམས་གསོ་བྱ་བར་ཤུགས་བསྣན་ནས་ལོ་ལྔའི་ནང་ངལ་རྩོལ་དཔེ་ལེགས་ཅན3000རྩ་འཛུགས་ཀྱིས་ཕུལ་བྱུང་ལས་བཟོ་བ་ལུས་གསོ་སྨན་བཅོས་རིམ་པ་དང་པོར་ཟབ་ཞུགས་ཀྱིས་བུད་མེད་ལས་བཟོ་བར་དོ་ཁུར་དང་ངལ་རྩོལ་བ་མང་ཚོགས་ཀྱི་དྲོད་འཇམ་ཁང་མིག་ལ་ཤུགས་བསྣན་ནས་ཕྱི་རོལ་དུ་ངལ་རྩོལ་བའི་ངལ་གསོའི་ས་ཚིགས་འཛུགས་བསྐྲུན་བྱེད་པ། དྲུག་ནས་སྤོབས་པ་ཆེར་བསྐྱེད་ཀྱིས་བཟོ་ཚོགས་ཀྱི་བྱ་བའི་སྤྱི་ཚོགས་ཅན་གྱི་འཚོལ་ལམ་སྔོག་འདོན་གྱིས་མངགས་བཅོལ་དང་འགན་ལེན། ཉོ་བསྡུའི་ཞབས་ཞུའི་ཐབས་ལམ་ལ་བརྟེན་ནས་སྤྱི་ཚོགས་ཀྱི་རྩ་འཛུགས་སྒྲུབ་མཁན་བཞེས་པ་དང་མང་ཚོགས་ལས་བཟོ་བ་དག་ལ་ཆེད་ལས་དང་ཞབས་ཞུ་སྔར་ལས་ལེགས་པོ་མཁོ་སྤྲོད་བྱེད་རྒྱུ་བཅས་ཡིན།

ལོ་ཙཱ་བ། ལྷ་དཔལ་སྐྱབས།