མང་རྫོང་གིས་དབུལ་སྐྱོར་བྱ་བར་ཕན་འབྲས་ནུས་ལྡན་བླངས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། མང་རྫོང་གི་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་དབུལ་སྐྱོར་མཁྲེགས་གཏོར་བྱ་བ་དེ་ཆབ་སྲིད་ཀྱི་འགན་ཁུར་དང་དམངས་འཚོའི་བཟོ་སྐྲུན་གཙོ་བོར་བཟུང་ནས། གཟབ་ནན་སྒོས་ཏང་སྲིད་ཀྱི་འགན་འཁྲི་དུས་མཉམ་དུ་ལག་བསྟར་གྱི་བྱ་བའི་ལམ་ལུགས་ལག་བསྟར་བྱས། རྫོང་དང་ཤང་། སྡེ་ཁག སྡེ་བ་བཅས་རིམ་པ་བཞིའི་བྱ་བའི་འགན་ཁུར་གཏན་ཁེལ་གསལ་བོར་བྱས་ཏེ་དམིགས་འབེན་འགན་འཁྲི་ཞིབ་ཚགས་དང་རིམ་པ་རེ་རེའི་ངོས་ཐད་ལ་དམིགས་འབེན་འགན་འཁྲིའི་གན་རྒྱ་བཞག་ནས་ལས་ཀའི་ནུས་པ་བརྒྱུད་སྤྲོད་ཀྱིས་དོན་དངོས་བྱ་བ་ལག་བསྟར་དངོས་འབབ་ཀྱིས་སྒྲིག་སྲོལ་འགན་འཁྲི་ལ་ཤུགས་བསྣན་པས་རིགས་སོ་སོའི་བྱ་བའི་ངོས་ཐད་ལ་གྲུབ་འབྲས་ནུས་ལྡན་བླངས་པ་རེད།

གནད་འཁེལ་དབུལ་སྐྱོར་ཞེས་པའི་བྱ་བ་འདིའི་ཁྲོད་མང་རྫོང་གིས་རྩ་འཛུགས་ཀྱི་འགན་སྲུང་ལ་ཤུགས་སྣོན་དང་དབུལ་སྐྱོར་གསར་སྤེལ་བྱ་བའི་འགོ་ཁྲིད་ཚོ་ཆུང་ལ་དུས་ལྟར་སྙོམས་སྒྲིག་དང་ཤུགས་སྣོན་བྱས་ནས་རྫོང་རིམ་པའི་དབུལ་སྐྱོར་མཁྲེགས་གཏོར་མཛུབ་སྟོན་ལྟེ་གནས་གསར་འཛུགས་བྱས། རྫོང་དབུལ་སྐྱོར་གསར་སྤེལ་ཅུའུ་ཡིས་ཅུའུ་ཀྲང་གཞོན་པ་གཅིག་གསར་སྣོན་གྱིས་ལས་རིགས་སྡེ་ཁག་སོ་སོ་ནས་ལས་བྱེད་རྐང་འཛིན་མི་སྣ13བསྡུ་སྐོང་གིས་རྫོང་དབུལ་སྐྱོར་ཅུའུ་ཡི་བྱ་བའི་སྟོབས་ཤུགས་འཐུས་ཚང་དང་མངགས་སྡོད་ཧྲུའུ་ཅི་དང་པོ31 སྡེ་སྡོད་ལས་བྱེད་པ45བཅས་ཡོད། ཤང་གྲོང་བརྡལ་ཏང་ཨུ་དང་སྲིད་གཞུང་གི་གཙོ་ཤུགས་འགན་འཁྲི་དང་ལས་རིགས་སྡེ་ཁག་གི་བྱེ་བྲག་འགན་འཁྲི་ཡིས་འགན་འཁྲི་གཅིག་གི་རིགས་དབྱེ་འགོ་ཁྲིད་ཀྱི་འགན་འཁྲི་དེ་ཐད་ཀར་དུ་དོན་དངོས་ཀྱི་གཞི་རྩའི་སྟེང་འབབ་དུ་བཅུག་པ་རེད།

དུས་མཉམ་དུ་གནད་དོན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་དང་གཙོ་གནད་འབུར་ཐོན། བཀོད་སྒྲིག་འཐུས་ཚང་། འགན་འཁྲི་དོན་འབབ། ཤེད་ཤུགས་སྐུལ་འདེད་བཅས་བྱས་པ་བརྒྱུད་འདས་ཟིན་པའི་ལོ་ངོ་གཅིག་གི་རིང་ལ་སྔ་གཞུག་ཏུ་དབུལ་སྐྱོར་ལས་བྱེད་རུ་ཁག་དག་ཞིང་ཆེན་ཕྱི་ནང་དུ་གཟིགས་ཞིབ་དང་སློབ་སྦྱོང་བྱེད་པར་ཐེངས་7ལ་སོང་། རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གི་འགོ་ཁྲིད་དག་གིས་རང་འགུལ་སྒོས་འགན་འཁྲི་ལྕི་མོ་ཕྲག་ལ་བླངས་ཏེ་བཀོད་འདོམས་བྱས་པ་བརྒྱུད་རྫོང་ཡོངས་ཀྱི་རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་ཤང་སྦྲེལ་སྡེ་སྦྲེལ་དང་ཁྱིམ་ཚང་ལ་སྦྲེལ་བའི་ལམ་ལུགས་གཟབ་ནན་གྱིས་ལག་བསྟར་བྱས་ནས་རུ་དཔུང་ལ་སྣེ་ཁྲིད་བྱས་ཏེ་ནམ་རྒྱུན་དངོས་སུ་ཤང་གྲོང་བརྡལ་དང་སྡེ་བ། གཞིས་ཁུལ་བཅས་ཀྱི་གནད་འཁེལ་དབུལ་སྐྱོར་བྱ་བར་མཛུབ་སྟོན་དང་བཀོད་འདོམས་བྱས་པ་རེད།

མང་རྫོང་དབུལ་སྐྱོར་གསར་སྤེལ་ཅུའུ་ཡི་ཅུའུ་ཀྲང་རྒྱ་བྷས་ངོ་སྤྲོད་བྱས་པ་ལྟར་ན། རྫོང་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དག་གིས་དོན་དག་གང་ཞིག་སྒྲུབ་རུང་ཉམས་པ་མེད་པའི་མང་རྫོང་གི་བྱེ་འགོག་ལེགས་བཅོས་ཀྱི་དགོངས་དོན་འདོན་སྤེལ་གང་ལེགས་བྱས་ཏེ་དཀར་པོའི་སྟེང་ལ་ནག་པོ་དང་ལྔའི་སྟེང་ལ་གཉིས་སྣོན་པའི་བློ་སེམས་རྩེ་གཅིག་དང་ཕངས་མེད་བྱས་རྗེས་འཇོག་པ་རྒྱུན་འཁྱོངས་ཀྱིས་རང་ལུས་ཀྱི་ནུས་པ་གང་ཡོད་དབུལ་སྐྱོར་མཁྲེགས་གཏོར་གྱི་གཡུལ་ས་གཙོ་བོའི་སྟེང་ཕུལ། གཟབ་ནན་སྒོས་གནད་འཁེལ་དྲུག་གི་དགོས་འདོད་གཞིར་བཟུང་ནས་ཏན་ཏིག་གི་བྱ་བ་ལེགས་པོར་སྤེལ་བ་བརྒྱུད། ཚུལ་རྣམ་རིང་ལུགས་དང་ལག་ལེན་མེད་པའི་སྟོང་བཤད་ཡོངས་སུ་དོར་ནས་ལས་ཀའི་ཐད་དུ་ངར་ཤུགས་ཡོད་པ་དང་ལས་ཀ་བརྟན་པོར་སྒྲུབ་པའི་མཁའ་དབུགས་དེ་སྔར་ལས་ཇེ་བརྟན་ཇེ་ལེགས་སུ་བཏང་།

ལོ་ཙཱ་བ། ལྷ་དཔལ་སྐྱབས།