མཚོ་ནུབ་ཁུལ་གྱིས་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་ལེའུ་གསར་བ་ཞིག་བྲིས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཟླ2པའི་ཚེས1ཉིན་གསར་འགོད་པས་མཚོ་ནུབ་ཁུལ་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་ཚུལ་སྙན་ཞུའི་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། ན་ནིང་མཚོ་ནུབ་ཁུལ་གྱིས་བསྒྱུར་བ་བཞི་ལ་སྐུལ་འདེད་དང་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་ལག་ལེན་དངོས་འབབ་ཀྱིས་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་སུ་བཅུག་སྟེ། གཏན་འཇགས་རིམ་འཕར་ལ་སྐུལ་འདེད་དང་སྒྲིག་གཞི་སྙོམས་སྒྲིག བཅོས་སྒྱུར་ལ་སྐུལ་འདེད། སྐྱེ་ཁམས་དམ་འཛིན། དམངས་ཚོས་དམ་འཛིན། བརྟན་འཇགས་འགན་སྲུང་སོགས་རིགས་སོ་སོའི་བྱ་བར་སྐུལ་འདེད་ཀྱིས་ཁུལ་ཡོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་འཆམ་མཐུན་བརྟན་འཇགས་ཀྱི་གནས་བབ་གསར་བ་ཞིག་གསར་གཏོད་བྱས། ལོ་ཧྲིལ་བོར་ས་གནས་ཀྱི་ཐོན་སྐྱེད་སྤྱིའི་གྲངས་འབོར་སྒོར་དུང་ཕྱུར526.2ལ་བུད་པ་མངོན་འགྱུར་བྱས་ཤིང་དེ་ལོ་སྔོན་མ་ལས་བརྒྱ་ཆའི9.5ཡིས་འཕར་བ་དང་ཞིང་ཆེན་ཡོངས་ལས་ཨང་དང་པོའི་གྲས་སུ་ཚུད་པ་མ་ཟད། ཞིང་ཆེན་ཧྲིལ་བོའི་བྱས་རྗེས་ཀྱི་ཚད་གཞི་དེ་བརྒྱ་ཆའི25.4ལ་བུད། གཙོ་བོ་དཔལ་འབྱོར་གྱི་དམིགས་གཏན་དེ་ཞིང་ཆེན་གྱིས་གཏན་ཁེལ་བྱས་པའི་དམིགས་འབེན་འགན་འཁྲི་ལས་ཡོངས་འགྲུབ་བྱས་ཡོད་པས། མཚོ་ནུབ་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཐད་ལ་ལེའུ་གསར་བ་ཞིག་བྲིས་ཡོད།

ཐོན་རྫས་རིམ་སྒྱུར་རིམ་འཕར་གྱི་སྐས་རིམ་གསར་བ་དེ་ལོ་སྔོན་མ་དང་སྡུར་ན་ཐོན་ལས་དང་པོ་དང་ཐོན་ལས་གཉིས་པ་སོ་སོ་བརྒྱ་ཆའི0.2དང0.7གྱིས་མར་འགྲིབ་པ་དང་ཐོན་ལས་གསུམ་པ་དེ་བརྒྱ་ཆའི0.9ཡིས་འཕར་བ་རེད། ནུས་ཁུངས་གསར་བའི་ཐོན་ལས་འཕེལ་རྒྱས་ཀྱི་མགྱོགས་མྱུར་གྱིས་གློག་རྡེའུ་རིམ་པའི་ཐན་སྐྱུར་ལི་བཅས་གཙོ་བོ་ཡིན་པའི་འཐབ་ཇུས་རང་བཞིན་དང་ཐོན་ལས་དར་སྤེལ་གྱི་འཕར་ཚད་ཇེ་མགྱོགས་སུ་བཏང་ནས་ཚྭ་མཚོའི་བཟོ་ལས་སོགས་སྲོལ་རྒྱུན་གྱི་ཐོན་ལས་ཆེན་པོ་བཞིའི་ཐོན་སྐྱེད་དེ་མཐོ་མྱུར་ཅན་དང་སྤུས་ཚད་ལེགས་ཅན། སྤུས་ཚད་ལེགས་ཅན་ཁ་ཕྱོགས་བཅས་ལ་རིམ་འགྱུར་གྱིས་ཡུལ་སྐོར་ལས་རིགས་ལ་ཡང་གྲུབ་འབྲས་མངོན་གསལ་བླངས།

སྒུལ་ཤུགས་གསར་རྙིང་གི་རིམ་སྒྱུར་དེ་གོམ་སྟབས་གསར་བའི་བཟོ་ལས་ཐོན་སྐྱེད་བརྟན་འཇགས་ཁྲོད་སྤོས་ནས་ལེགས་པོའི་ཁྲོད་ལེགས་ཆ་མངོན་འགྱུར་བྱེད་པ། བཟོ་ལས་ཐོན་རྫས་དེ་དར་རྒྱས་ཅན་ལ་གཏོང་བ་བཅས་ཀྱིས་ཐོན་སྐྱེད་ཕྱིར་འཚོང་གི་ཚད་གཞི་དེ་བརྒྱ་ཆའི91.1དང་དངོས་ཟོང་ཕྱིར་འཚོང་གི་འཕར་ཚད་དེ་བརྒྱ་ཆའི74 བཟོ་ལས་ཐད་ཀྱི་གློག་འདོན་སྟོབས་ཤུགས་དང་ལྕགས་ལམ་སྟེང་དངོས་ཟོག་སྐྱེལ་འདྲེན་ཀྱི་ཚད་གཞི་བཅས་གྲངས་གནས་གཉིས་སུ་འཕར། མཁོ་སྤྲོད་འདོན་སྤེལ་དང་རྒྱལ་གཉེར་ཁེ་ལས། དམངས་གཉེར་ཁེ་ལས་སོགས་མཉམ་བསྲེས་དབང་བའི་ལམ་ལུགས་བཅོས་སྒྱུར་སོགས་རིམ་པ་ལྟར་སྐུལ་འདེད་བྱས།

དངུལ་འཇོག་རྣམ་གྲངས་ཀྱི་གནས་བབ་གསར་བའི་ལྕགས་རིགས་མེ་ཡི་ངོ་བོ་གཅིག་ཅན་སོགས་གསར་གཏོད་ཀྱི་ཐོན་ལས་ཆེན་པོའི་རྣམ་གྲངས་འཛུགས་བསྐྲུན་ལ་ཤུགས་བསྣན་ནས་ན་གོར་མོ་གྲོང་ཁྱེར་གནམ་གྲུའི་འབབ་ཐང་གི་འཕུར་སྐྱོད་ས་ཚུགས་ལ་ཐོག་ཁང་གསར་འཛུགས་བྱས་པ་དང་ན་གོར་མོ་ནས་ཏུན་ཧོང་བར་གྱི་ལྕགས་ལམ། ན་གོར་མོ་དང་ཁུའར་ལི་གྲོང་ཁྱེར་བར་གྱི་ལྕགས་ལམ་བདེ་བླག་གིས་འགྲུབ་པ། རིམ་པ་གཉིས་པའི་གཞུང་ལམ་ལས་འགོ་ཚུགས་པ་དང་གཏེར་ལེན་ཁ་གྲོང་ཁྱེར་དུ་གློག་གི་འཁོར་སྐྱོད་རླངས་འཁོར་གྱི་རྣམ་གྲངས་ལག་བསྟར་བྱེད་པར་ཤུགས་སྣོན་བྱས། སྐར་མ་མིག་དམར་གྱི་དཔེ་རྣམ་རྟེན་གཞི་སོགས་བཟོ་སྐྲུན་ལ་སྐུལ་འདེད་བྱས་པ་རེད།

ཚོད་འཛིན་དང་སྙོམས་སྒྲིག་ནུས་ཤུགས་ལ་རིམ་འཕར་བྱུང་སྟེ་ཁོར་སྲུང་གི་ཁྲིམས་སྲོལ་མི་འདྲ་བ་བཅུ་གསུམ་གྱི་བྱེད་ཐབས་གལ་ཆེན་ལག་བསྟར་བྱས་ཤིང་ཁེ་ལས་ཆེ་གྲས་ཀྱི་ཞབས་ཞུའི་ནུས་པར་མཐོར་འདེགས་ཀྱིས་ཁེ་ལས་ཐད་ཀྱི་ཡུལ་སྐོར་སྣེ་ཁྲིད་ལ་ཤུགས་ཆེན་པོས་སྐུལ་འདེད་དང་ཁེ་ལས་ཀྱི་ཐོན་སྐྱེད་མ་རྩ་ལ་རོགས་རམ་བྱེད་པ། སྒྲིག་གཞིའི་རང་བཞིན་གྱི་དཔྱ་ཁྲལ་རིན་དངུལ་སྒོར་དུང་ཕྱུར18ལག་ལེན་དུ་བསྟར་བ་ཇེ་ཉུང་དུ་བཏང་།

དབུལ་སྐྱོར་མཁྲེགས་གཏོར་གྱིས་གཏེར་ལམ་རྫོང་ལ་དབུལ་ཕོངས་རྫོང་ཟེར་བའི་ཞྭ་མོ་དེ་ཡོངས་སུ་དོར་ནས་དབུལ་ཐར་མངོན་འགྱུར་བྱུང་ཞིང་། ཞིང་ཆེན་ཡོངས་སུ་སྲིད་འཛིན་སྡེ་བའི་ཐོན་ལས་འཕེལ་རྒྱས་ཀྱི་མ་དངུལ་ཁྱབ་འགྱེད་ཚད་གཞི་དེ་མངོན་འགྱུར་བྱུང་ཡོད། ཞིང་ཆེན་ཡོངས་སུ་སྔ་གཞུག་ཏུ་སྐུད་པ་གཉིས་གཅིག་ཏུ་སྦྲེལ་རྗེས་དབུལ་ཕོངས་མི་གྲངས་དང་མཐའ་འཁོར་དུ་ཡོད་པའི་དབུལ་ཕོངས་ཀྱི་ཁྱིམ་ཚང་དག་འགན་སྲུང་དམའ་བའི་གྲས་སུ་བཞག་པ་དང་སྨན་བཅོས་སྒྲིག་གཞི་དང་རྒན་གསོ་སོགས་ཀྱི་ཁྱབ་ཁོངས་སུ་བཞག་པ་རེད།

སྐྱེ་ཁམས་ཁོར་སྲུང་ཐད་གྲུབ་འབྲས་གསར་བ་བླངས་ཤིང་ཁུལ་དང་རྫོང་རིམ་པའི་ནོར་སྲིད་བསྡོམས་རྩིས་ཀྱིས་ཁོར་ཡུག་སྲུང་སྐྱོབ་ཐད་ལ་ཆེད་དོན་མ་དངུལ་སྒོར་དུང་ཕྱུར6ལ་ཉེ་བ་བཏང་ཤིང་། དུས་ཡུན་རིང་བོར་ཐག་གཅོད་མ་བྱས་པའི་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་གནད་དོན་གང་མང་མང་ཞིག་ཐག་གཅོད་བྱས། མུ་ལེ་གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་སྣ་འཛོམས་བཅོས་སྐྱོང་ཐད་ལ་ཡང་གྲུབ་འབྲས་མངོན་གསལ་བླངས་ཡོད།

དམངས་འཚོའི་བྱ་གཞག་གི་འཕེལ་རྒྱས་གསར་བའི་ཐད་ན་ནིང་གི་དམངས་འཚོའི་བྱ་གཞག་ལས་ཚད་གཞི་མཐོན་པོ་མངོན་འགྱུར་བྱས་ཤིང་། ལོ་ཧྲིལ་བོའི་དམངས་འཚོའི་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར96.5ལ་བུད་པ་དང་རིགས་སོ་སོའི་མང་ཚོགས་ཀྱི་སྤྲོ་སྣང་དང་བདེ་སྐྱིད་ཀྱི་ཚད་གཞི་དེ་མངོན་གསལ་གྱིས་འཕར་སྣོན་བྱུང་ཡོད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།