ཞིང་ཆེན་ཏང་གི་ཏང་འཛུགས་བྱ་བའི་འགོ་ཁྲིད་ཚན་ཆུང་གིས་གྲོས་ཚོགས་ཐེངས་ལྔ་བ་བསྡུས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཟླ2པའི་ཚེས1ཉིན། ཞིང་ཆེན་ཏང་གི་ཏང་འཛུགས་བྱ་བའི་འགོ་ཁྲིད་ཚན་ཆུང་གིས་གྲོས་ཚོགས་ཐེངས་ལྔ་བ་བསྡུས་ཤིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཀོ་ཧྲིན་གྱི་དགོས་འདོད་ལྟར་ཞིང་ཆེན་ཏང་གི་ཧྲུའུ་ཅི་གཞོན་པ་དང་ཞིང་ཆེན་ཏང་གི་ཏང་འཛུགས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་འགོ་བ་ལིག་ཉིན་གྱིས་ཚོགས་འདུར་གཙོ་སྐྱོང་གནང་། ལིག་ཉིན་གྱིས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་གལ་ཆེན་ལ་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་དགོངས་དོན་དེ་མཛུབ་སྟོན་དུ་བཟུང་ནས་འདུ་ཤེས་བཞི་བརྟན་པོར་སྤེལ་བ། ཡིད་ཆེས་བཞི་རྒྱུན་འཁྱོངས་བྱེད་པ། བསམ་བློ་གཙང་སེལ་དང་གནད་འཁེལ་དམ་འཛིན་གྱིས་དཔེར་སྟོན་སྣེ་ཁྲིད་གཙོ་བོར་བཟུང་སྟེ་གཞི་རིམ་གྱི་ཏང་རྩ་འཛུགས་གསར་འཛུགས་ལ་ཤུགས་བསྣན་ནས་དུས་རབས་གསར་བའི་ཏང་གསར་འཛུགས་ཀྱི་ཚན་རིག་རང་བཞིན་གྱི་ཆུ་ཚད་མུ་མཐུད་དུ་མཐོར་འདེགས་སུ་བཏང་བ་རེད།

ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་ཏང་ཨུའི་ཏང་གསར་འཛུགས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་འགོ་བ་གཞོན་པ་ཐུན་ཅ་ཚེ་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་ཏང་ཨུའི་ཏང་གསར་འཛུགས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་འགོ་བ་གཞོན་པ་ཝང་ཡུས་ཡན་ཚོགས་འདུར་ཞུགས་ཡོད།

ཚོགས་འདུའི་སྟེང་ཞིང་ཆེན་ཡོངས་ཀྱི་སྡེ་བ་དང་གཞིས་ཁུལ་གྱི་ཨུ་ལྷན་གཉིས་སྐབས་བརྗེ་འདེམས་བསྐོའི་བྱ་བའི་གནས་ཚུལ་གྱི་སྙན་ཞུ་ལ་ཉན་ནས། སྡེ་བ་དང་གཞིས་ཁུལ་གྱི་ཨུ་ལྷན་གཉིས་ཀྱི་འགན་ཁུར་མི་སྣའི་གསབ་སྦྱོང་སོགས་བྱ་བར་ཞིབ་འཇུག་བྱས་པ་རེད། ཚོགས་འདུའི་སྟེང་བསྟན་དོན། ཞིང་ཆེན་ཡོངས་ཀྱི་སྡེ་བ་དང་གཞིས་ཁུལ་གྱི་ཨུ་ལྷན་གཉིས་སྐབས་བརྗེ་འདེམས་བསྐོའི་བྱ་བར་ཚད་མཐོའི་མཐོང་ཆེན་དང་ཧྲུའུ་ཅི་ཝང་ཀོ་ཧྲིན་གྱིས་སྔ་གཞུག་ཏུ་ཐེངས་9ལ་དེའི་ཐད་བླང་བྱ་བཏོན་པ། སྐབས་བརྗེ་འདེམས་བསྐོའི་གནས་ཚུལ་སྙན་ཞུའི་ཐད་ཀྱི་ཆེད་དོན་བརྗོད་བྱ་ལ་ཉན་པ། ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་སྐུལ་སློང་བཀོད་སྒྲིག་དང་གསུང་བཤད་ལ་ཉན་པ། རིམ་པ་སོ་སོའི་ཏང་ཨུ་དག་གིས་ནན་ཏན་སྒོས་རང་གི་འགན་འཁྲི་ལག་ལེན་དུ་བསྟར་བ། ཏང་གི་འགོ་ཁྲིད་སྐབས་བརྗེའི་ཐད་ཀྱི་བརྒྱུད་རིམ་ཧྲིལ་བོས་སྐབས་བརྗེའི་འདེམས་བསྐོའི་བྱ་བ་དེ་བདེ་བླག་གིས་ཡོངས་འགྲུབ་བྱས་ཤིང་གཙང་གསུམ་ཐིག་གསུམ་ཡིད་ཚིམས་པ་གསུམ་གྱི་དམིགས་འབེན་མངོན་འགྱུར་བྱས། སྐབས་བརྗེ་འདེམས་བསྐོའི་བྱ་བ་དེ་ལེགས་འགྲུབ་བྱུང་རྗེས་མུ་མཐུད་དུ་ཨུ་ལྷན་གཉིས་ཀྱི་ལས་བྱེད་པའི་གསབ་སྦྱོང་བྱ་བ་བཀོད་སྒྲིག་གིས་ཆབ་སྲིད་སློབ་གསོར་ཤུགས་སྣོན་དང་ཨུ་ལྷན་གཉིས་ཀྱི་བྱ་བའི་སྒྲིག་གཞིའི་ཐད་ཀྱི་འཛུགས་བསྐྲུན་གསར་གཏོད་ལ་ཡང་དོ་སྣང་ཆེན་པོ་བྱས་པ་རེད།

ཚོགས་འདུའི་སྟེང་གཞི་རིམ་ཏང་གསར་འཛུགས་བྱ་བའི་ཐད་ཀྱི་བསམ་འཆར་ལག་ལེན་གནས་ཚུལ་གྱི་སྙན་ཞུར་ཉན་པ་མ་ཟད། ཚོགས་འདུའི་སྟེང་བསྟན་དོན། ཞིང་ཆེན་ཏང་ཨུའི་འགོ་ཁྲིད་འོག་ས་ཁུལ་སོ་སོའི་ལས་ཁུངས་དག་གིས་ནན་ཏན་སྒོས་བསམ་འཆར་དང་འགན་འཁྲི་བྱ་བའི་རིགས་བགོས་གཉིས་ལག་བསྟར་མཐའ་འཁྱོལ་བྱས། རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་དང་བྱ་བའི་དམིགས་འབེན་གཏན་ཁེལ་གསལ་བོར་བྱས་ནས་རིམ་པ་སོ་སོའི་འགན་འཁྲི་ལག་བསྟར་བརྒྱུད་གཞི་རིམ་ཏང་གསར་འཛུགས་བྱ་བའི་ཐད་ལ་སྐས་རིམ་རང་བཞིན་གྱི་འཕེལ་རྒྱས་དང་ཕན་འབྲས་ཆེན་པོ་བླངས་པ་རེད།

ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཤིང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དེ་མཛུབ་སྟོན་དུ་བཟུང་ནས་མི་གཙོ་བོ་ཡིན་པའི་སྲིད་ཁྲིམས་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ་ཕུགས་བསམ་གྱི་འདུ་ཤེས་གཅིག་བསྡུས་དང་ཏང་གཤིས་སློབ་གསོ། སྒྲིག་སྲོལ་ཁྲིམས་སྲོལ་གྱིས་དབུལ་སྐྱོར་མཁྲེགས་གཏོར་བྱ་བར་ཟུང་འབྲེལ་བྱས་ཤིང་། ཐོན་ལས་འཕེལ་རྒྱས་དང་མི་རིགས་མཐུན་སྒྲིལ་འཕེལ་རྒྱས་སོགས་ལ་སྐུལ་འདེད་བྱས། གཞི་རིམ་ཏང་རྩ་འཛུགས་ཀྱི་འགན་ཁུར་མི་སྣའི་གསབ་སྦྱོང་རྩ་འཛུགས་བྱས་ཤིང་གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་ཇུས་བཙན་རྫོང་གསར་བསྐྲུན་བྱེད་པ། མང་ཚོགས་ཀྱི་ཞབས་ཞུའི་ནུས་པ་དང་ཆུ་ཚད་མཐོར་འདེགས་སུ་བཏང་། གནད་དོན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་དང་གནད་འགག་གི་གོ་རིམ་དམ་འཛིན་བྱས་ནས་ཏང་གི་ཆབ་སྲིད་འཛུགས་བསྐྲུན་འབུར་དུ་ཐོན་པ་དང་སྔར་ལས་གོམ་གང་མདུན་སྤོས་ཀྱིས་ཁྱོན་ཡོངས་ནས་ཏང་གསར་འཛུགས་བྱ་བ་དེ་གཞི་རིམ་དུ་ཡུན་བསྲིངས་སྟེ་རྨང་གཞི་གསུམ་གྱི་འཛུགས་བསྐྲུན་བྱ་བར་སྐུལ་འདེད་ཀྱིས་ན་ནིང་གི་གཞི་རིམ་ཏང་གསར་འཛུགས་བྱ་བའི་རྨང་གཞིའི་སྟེང་ཏང་གི་གཞི་རིམ་གསར་འཛུགས་དམ་འཛིན་བྱས་ཏེ། ཏང་གི་ཏང་སྲིད་རྨང་གཞི་སྔར་ལས་སྲ་བརྟན་དང་སྔར་ལས་འཐུས་ཚང་ཅན་དུ་བཏང་བ་རེད།

ཚོགས་འདུའི་སྟེང་ཏང་གསར་འཛུགས་བྱ་བའི་དོན་ཚན་གཞན་དག་ལ་ཡང་ཞིབ་འཇུག་བྱས་པ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།