ཡ་རྫི་རྫོང་གིས་ཞིང་ཆེན་ཡོངས་ནས་འགན་བཅོལ+དབུལ་སྐྱོར་ལ་སྣེ་ཁྲིད་བྱེད་པ་མངོན་འགྱུར་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། མཚོ་ཤར་གྲོང་ཁྱེར་ཡ་རྫི་ཟ་ལར་རིགས་རང་སྐྱོང་རྫོང་གི་གནད་འཁེལ་དབུལ་སྐྱོར་ཁྲོད་རོགས་སྐྱོར་བྱེད་ཡུལ་ལས་ཁུངས་ཀྲུང་གོ་འགན་བཅོལ་སྡེ་ཚོགས་ཀུང་ཟིའི་ལས་རིགས་ཀྱི་གནས་བབ་ལེགས་པོ་བེད་སྤྱད་གང་ལེགས་ཀྱིས་མ་དངུལ་སྒོར་ཁྲི350བཏང་སྟེ་རྫོང་ཡོངས་ཀྱི་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་ལ་འགན་བཅོལ་ཉོ་རུ་བཅུག་ཤིང་། ཞིང་གྲོང་གི་མང་ཚོགས་ནད་ཀྱི་དབང་གིས་དབུལ་བོར་གྱུར་བའི་གནད་དོན་ཐག་གཅོད་བྱས་པ་རེད།

ཡ་རྫི་རྫོང་གིས་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་གི་ཁྲོད་ནད་ཀྱི་དབང་གིས་དབུལ་བོར་གྱུར་བའི་དངོས་ཡོད་གནད་དོན་གཞིར་བཟུང་ནས་འགན་བཅོལ་དབུལ་སྐྱོར་དེ་དབུལ་སྐྱོར་མཁྲེགས་གཏོར་གྱི་བྱེད་ཐབས་གལ་ཆེན་ཞིག་ཏུ་བཟུང་ནས་རྫོང་ཡོངས་ཀྱི་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་ལ་ཁང་བ་བསྐྲུན་པ་དང་འགལ་རྐྱེན། ཞག་སྡོད། ནད་ཚབས་ཆེན། སྒོ་བསྟེན་ཁང་། འདེབས་འཛུགས་གསོ་སྤེལ། བུད་མེད་ཀྱི་བདེ་ཐང་སོགས་ཀྱི་ཐད་ཐོན་རྫས་གསར་བཟོ་བྱས་ཏེ། སྤྱིའི་གྲངས་འབོར་གྱི་རིན་ཐང་སྒོར་དུང་ཕྱུར25.7ལྷག་གི་ཚོགས་སྤྱིའི་འདུ་ཤེས་དང་ནད་ཚབས་ཆེན་གྱི་སྨན་བཅོས་ཁ་གསབ་འགན་བཅོལ་ཉོ་བསྡུ་བྱས་ཤིང་། ཞིང་ཆེན་ཡོངས་སུ་སྔ་གཞུག་ཏུ་དབུལ་ཕོངས་ཁྱིམ་ཚང་གི་རྐྱེན་ངན་ལས་བྱུང་བའི་གནོད་འཚེའི་འགན་བཅོལ་དང་སྨན་བཅོས་འགན་བཅོལ་ཉོ་བསྡུ་བྱས་ཤིང་། ཞིང་ཆེན་ཡོངས་ཀྱིས་སྔ་གཞུག་ཏུ་འགན་བཅོལ+དབུལ་སྐྱོར་གྱི་རྣམ་གཞག་སྔོག་བཤེར་གྱིས་གནད་འཁེལ་དབུལ་སྐྱོར་གྱི་སྨན་བཅོས་ལག་བསྟར་བྱས་ཏེ། འགན་བཅོལ་སྲིད་ཇུས་ཁྲོད་དབུལ་སྐྱོར་མཁྲེགས་གཏོར་གྱི་གྲུབ་འབྲས་མངོན་གསལ་བླངས་ཏེ། ཞིང་སྡེའི་དབུལ་ཕོངས་མི་དམངས་ནད་ཀྱི་དབང་གིས་དབུལ་བོར་གྱུར་བའི་གནད་དོན་དེ་ཁྱོན་ཡོངས་ནས་ཐག་གཅོད་བྱས་པ་རེད།

དེ་ཡང་ན་ནིང་ནས་བཟུང་འགན་བཅོལ+དབུལ་སྐྱོར་གྱི་རྣམ་གཞག་གིས་རྫོང་ཡོངས་ཀྱི་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་མི་དམངས་ལ་རྒྱུ་ནོར་ཁ་གསབ་ཐད་རིགས528ལྷག་སྒོར་ཁྲི1287གྱིས་ཉོས་ཤིང་། དེའི་ཁྲོད་རྒྱུ་ནོར་གྱོང་གསབ་སྨན་བཅོས་འགན་བཅོལ་རིགས527དང་མ་དངུལ་སྒོར་ཁྲི118 རྒྱུ་ནོར་གྱི་རྐྱེན་ངན་འགན་བཅོལ་རིགས1དང་མ་དངུལ་སྒོར་ཁྲི10ཡིན་པ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།