རྟ་ཐང་རྫོང་གིས་འཁོར་སྐྱོད་མི་དམངས་ལ་བརྩེ་སེམས་གནང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་བའི་ཁྲོད་བཏོན་པའི་ཀྲུང་གོའི་བདེ་ཐང་འཐབ་ཇུས་ཀྱི་བསམ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་དུ་སྤེལ་བ་དང་འཁོར་སྐྱོད་མི་གྲངས་ལ་བདེ་ཐང་དཔལ་ཡོན་གྱི་འཚོ་བའི་རྣམ་པ་ཞིག་ཆགས་པ་དར་སྤེལ་དུ་གཏོང་བ། སྤྱི་ཚོགས་ཡོངས་ཀྱིས་འཁོར་སྐྱོད་མི་གྲངས་ལ་བདེ་ཐང་གི་སྤྱི་ཚོགས་མཁའ་དབུགས་ལེགས་པོ་ཞིག་གསར་སྐྲུན་བྱེད་པ། མང་ཚོགས་ཀྱིས་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ་ཞབས་ཞུའི་ནུས་པ་མཐོར་འདེགས་སུ་གཏོང་ཆེད། ཟླ1ཚེས26ཉིན་རྟ་ཐང་རྫོང་གིས་བདེ་ཐང་ཡུལ་ལ་བསྐྱལ་བ་རྟ་ཐང་ནས་འགོ་རྩོམ་ཞེས་པའི་འཁོར་སྐྱོད་མི་གྲངས་ལ་དོ་ཁུར་བྱེད་པའི་བདེ་སྐྱིད་བདེ་ཐང་ངང་ལོ་སར་བའི་དྲིལ་སྒྲོག་བྱ་འགུལ་སྤེལ་བ་རེད།

རྒྱུས་ལོན་བྱས་པ་ལས་ཤེས་གསལ་ལྟར་ན། རྟ་ཐང་རྫོང་གིས་མི་གཙོ་བོར་འཛིན་པ་རྒྱུན་འཁྱོངས་ཀྱིས་ཞབས་ཞུའི་འདུ་ཤེས་གསར་གཏོད་བྱས་ཤིང་། དོ་ཁུར་དང་བརྩེ་སེམས་ཀྱི་བྱ་འགུལ་སྤེལ་ནས་སྤྱི་ཚོགས་ཡོངས་ཀྱིས་འཁོར་སྐྱོད་མི་གྲངས་ལ་དོ་ཁུར་བྱེད་པར་སྣེ་ཁྲིད་ནས་ཁོ་ཚོའི་ཁྱིམ་ཚང་ལ་དོ་ཁུར་བྱེད་པ་དང་ཁོ་ཚོའི་བདེ་ཐང་ལ་དོ་ཁུར་བྱེད་པ། བདེ་ཐང་ཤེས་བྱ་དྲིལ་སྒྲོག་བྱེད་པ། ཁོ་ཚོར་སློབ་གསོའི་ཐད་ཀྱི་བདེ་ཐང་ཤེས་རིག་གི་འཚོ་བའི་རྣམ་པ་ཆགས་སུ་བཅུག་པ་རེད། དུས་མཉམ་དུ་ཁྱོན་ཡོངས་ནས་འཁོར་སྐྱོད་མི་གྲངས་ཀྱི་འཆར་ལྡན་བུ་སྐྱེ་གཞི་རྩའི་སྤྱི་གཞུང་ཞབས་ཞུ་སོགས་ཆ་སྙོམས་སྒོས་ལག་བསྟར་དངོས་འབབ་བྱས་ནས་འཁོར་སྐྱོད་མི་གྲངས་ལ་གྲོང་ཁྱེར་གཅིག་གི་དམིགས་གསལ་མ་དངུལ་དང་ཞབས་ཞུ་འདོན་སྤྲོད་ཀྱིས་འཁོར་སྐྱོད་མི་གྲངས་ཀྱི་བདེ་ཐང་སློབ་གསོ་ལོངས་སུ་སྤྱོད་པ་དང་བདེ་ཐང་ཞབས་ཞུའི་ཁེ་དབང་། འཁོར་སྐྱོད་མི་གྲངས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགེབས་སྲུང་གིས་ཁོ་ཚོ་བདེ་ཐང་ངང་ཡུལ་ལ་བསྐྱལ་ནས་བདེ་ཐང་དང་བདེ་སྐྱིད་ཀྱི་ལོ་སྐྱིད་པོ་ཞིག་སར་དུ་བཅུག་པ་རེད།

བྱ་འགུལ་གྱི་ཡུལ་དངོས་སུ་རྫོང་དེས་དཀའ་ཁག་ཆེ་བའི་འཁོར་སྐྱོད་མི་གྲངས་ཁྲོད་ཀྱི་བྱིས་པ་དང་གཞིས་སྲུང་བྱིས་པ། ཡུལ་དུ་ལོག་པའི་ཞིང་བ་ལས་བཟོ་བ། འཁོར་སྐྱོད་མི་གྲངས་སོགས་ལ་ཁམས་འདྲི་བྱས་ཤིང་། རིན་ཐང་སྒོར་ཁྲི2ལྷག་གི་དཔེ་ཁུག་དང་ལྭ་བ། དཔེ་ཆ། འཚོ་བའི་ཡོ་བྱད་སོགས་བྱིན་པ་རེད། ཞལ་འདེབས་ལེན་མཁན་གྱིས་སེམས་བསམ་པའི་གཏིང་ནས་བཀའ་དྲིན་ཞུས་པ་མ་ཟད། ཁོ་ཚོའི་གདོང་གི་སྤྲོ་སྐྱིད་ལྡན་པའི་འཛུམ་མདངས་ཀྱིས་གྲང་ངར་ཆེ་བའི་དགུན་དུས་ལ་སྤྲོ་སྣང་བསྐྱལ། དུས་མཉམ་དུ་གཞིས་ཁུལ་སོ་སོར་འཆམ་མཐུན་གྱི་ཀྲུང་གོ་ཞེས་པའི་ཞབས་བྲོ་དང་སྒོར་བྲོ་སྤྲོ་སྐྱིད་ཀྱི་སྟངས་སྟབས། བཞད་གར་འགྱོགས་བྱམས་ཆེ་བ་སོགས་ཕུན་སུམ་ཚོགས་པའི་ལེ་ཚན་མི་འདྲ་བ་གང་མང་མང་ཞིག་འཁྲབ་སྟོན་བྱས་ཏེ་ཡུལ་དངོས་ཀྱི་མང་ཚོགས་ཀྱིས་སྤྲོ་སྐྱིད་ལྡན་པའི་ཐལ་མོ་རྡེབ་སྒྲས་ཁེངས། བྱ་འགུལ་གྱི་ཡུལ་དངོས་སུ་ཟམ་སྣེ་གྲོང་བརྡལ་འཕྲོད་བསྟེན་ཁང་དང་ཀུན་བྱམས་སྨན་ཁང་གིས་མང་ཚོགས160ལ་བདེ་ཐང་སྨན་བཅོས་དང་མི་གྲངས180ལ་འདྲི་རྟོག་བྱས། ཁྲིམས་འཛིན་སའོ་ཡིས་འདོན་སྤྲོད་བྱས་པའི་བཅའ་ཁྲིམས་ཤེས་བྱ་དྲིལ་སྒྲོག་དང་ཞབས་ཞུའི་བྱ་འགུལ་གྱི་ཁེ་དབང་ཐད་ཀྱི་དཔྱད་གཞིའི་ཡིག་ཆའི་ལག་དེབ300འདོན་སྤེལ་བྱས། མི་སྣ25ཡིས་འདྲི་རྟོག་དང་ལེན་བྱས་ཤིང་རྫོང་འཆར་སྐྱེ་མཐུན་ཚོགས། གྲོང་བརྡལ་འཕྲོད་བསྟེན་འཆར་སྐྱེ་གཞུང་སྒྲུབ་ཁང་གིས་འཁོར་སྐྱོད་མི་གྲངས་ལ་བདེ་ཐང་ཤེས་བྱའི་འཁོར་སྐྱོད་ཀྱི་ཤེས་བྱ་དང་གཞི་རྩའི་སྤྱི་གཞུང་ཞབས་ཞུའི་སྲིད་ཇུས་ཀྱིས་ཁོ་ཚོར་བདེ་ཐང་ཞབས་ཞུ་ལོངས་སྤྱོད་བྱེད་དུ་བཅུག་པ་རེད།

བདེ་ཐང་ཡུལ་དུ་འཁྱེར་བ་དང་འཁོར་སྐྱོད་མི་གྲངས་ལ་དོ་ཁུར་བརྩེ་སེམས་གནང་ནས་བདེ་ཐང་ངང་བདེ་སྐྱིད་ལྡན་པའི་ལོ་སྐྱིད་པོ་ཞིག་སར་བའི་བྱ་འགུལ་སྤེལ་བ་བརྒྱུད་ཁོ་ཚོས་ལོ་སར་སྐབས་སུ་བདེ་ཐང་གི་ལུས་པོ་དང་བདེ་ཐང་གི་ཤེས་བྱ། བདེ་ཐང་གི་འཚོ་བའི་ཡོ་བྱད་སོགས་ཀྱིས་སྤྲོ་སྐྱིད་ལྡན་པའི་ངང་བདེ་ཐང་གི་འཚོ་བ་སྐྱིད་པོ་ཞིག་རོལ་དུ་བཅུག་སྟེ། ཁོ་ཚོར་བདེ་ཐང་གི་དོ་ཁུར་ཐད་ཁེ་སྤོགས་མྱོང་མཁན་དེ་བདེ་ཐང་འཚོ་བའི་འདུ་ཤེས་ཁྲོད་དྲིལ་སྒྲོག་བྱེད་མཁན་དུ་གྱུར་ཡོད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།