ད་ལོ་རང་ཞིང་གིས་རིག་ནུས་བཟོ་གྲྭ5གསར་འཛུགས་བྱེད་རྒྱུ་ཡིན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། རང་ཞིང་གིས་གཞི་གྲངས་ཆེན་མོའི་ཐོན་ལས་ཀྱི་འཕེལ་རྒྱས་ལ་སྔར་ལས་ལྷག་པར་སྐུལ་འདེད་བྱ་ཆེད། ད་ལོར། ཞིང་ཆེན་ལས་གཉེར་བརྡ་འཕྲིན་ཨུ་ལྷན་གྱིས་ངོ་བོ་གཉིས་མཉམ་བསྲེས་དང་སྦྲེལ་དྲ+དམ་པོར་བཟུང་ནས་མགྱོགས་མྱུར་སྒོས་གཞི་གྲངས་ཆེན་མོ་དང་མིའི་བཟོས་རིག་ནུས། དཔལ་འབྱོར་གྱི་གཏིང་ཟབ་མཉམ་བསྲེས་བཅས་ཀྱིས་ལོ་གཅིག་གི་ནང་རིག་ནུས་བཟོ་གྲྭ5དང་རྩིས་གྲངས་ཅན་གྱི་བཟོ་ལས་ཁང་། ཞིང་ཆེན་རིམ་པའི་གཞི་གྲངས་ཆེན་མོའི་ཐོན་ལས་གཅིག་བསྡུས་ས་ཁུལ1-2གསར་བཟོ་བྱས་ཏེ། རྒྱལ་ཁབ་ཀྱི་གཞི་གྲངས་ཆེན་མོའི་ཐོན་ལས་གཅིག་བསྡུས་ཁྲོད་འཇུག་རྒྱུ་ཡིན་པ་རེད།

དེ་ཡང་བརྡ་འཕྲིན་འཛད་སྤྱོད་ཐད་གོམ་གང་མདུན་སྤོས་སྒོས་བརྡ་འཕྲིན་འཛད་སྤྱོད་ཀྱི་མུར་འཕེལ་ཕྱིར་གཏོང་ཁྲོད་མཁོ་བའི་འགུག་ཤུགས་ཀྱི་དོན་དངོས་བསམ་འཆར་ཞེས་པ་གཏན་འབབ་པར་བསྐྲུན་བྱས་ཤིང་། བརྡ་འཕྲིན་འཛད་སྤྱོད་ཐད་མ་དངུལ་སྒོར་དུང་ཕྱུར100གཏོང་བ་མངོན་འགྱུར་བྱས། བརྡ་འཕྲིན་འཛད་སྤྱོད་ཀྱི་གཞི་ཁྱོན་མ་དངུལ་སྒོར་དུང་ཕྱུར330ལ་བུད་པ་དང་། གློག་རྡུལ་བརྡ་འཕྲིན་གསར་བཟོ་དང་གཉེན་ཆས་ཞབས་ཞུའི་ལས་རིགས་ཀྱི་ཡོང་སྒོ་སྒོར་དུང་ཕྱུར65ལ་བུད། གཞི་གཉིས་མཉམ་བསྲེས་ཐད་རིག་ནུས་བཟོ་གྲྭ5གསར་བཟོ་བྱས་ཤིང་། གཞི་གྲངས་ཅན་གྱི་བཟོ་གྲྭ། ཁྱིམ་ཚང10ཡི་བཟོ་སྐྲུན་ལས་རིགས་གསབ་སྦྱོང་། སྦྲེལ་དྲའི་མཉམ་བསྲེས་ཀྱི་ཕུལ་བྱུང་ཁེ་ལས། གཞི་གཉིས་མཉམ་བསྲེས་ཀྱི་དོ་དམ་མ་ལག10གསར་སྣོན་གྱིས་ཚོད་ལྟའི་ཁེ་ལས་གསར་འཛུགས་བྱས། གཞི་གྲངས་ཆེན་མོའི་ཐོན་ལས་འཕེལ་རྒྱས་ཐད་ཞིང་ཆེན་རིམ་པའི་གཞི་གྲངས་ཆེན་མོའི་ཐོན་ལས་ཀྱི་གཅིག་བསྡུས་ས་ཁུལ1-2གསར་འཛུགས་བྱས་ཤིང་། རྒྱལ་ཁབ་ཀྱི་གཞི་གྲངས་ཆེན་མོའི་ཐོན་ལས་གཅིག་བསྡུས་ས་ཁུལ་ཁྲོད་ཞུགས་པར་བརྩོན་ལེན་གྱིས་བཟོ་ལས་ཀྱི་གཞི་གྲངས་ཆེན་མོ5ཡི་དཔེར་མཚོན་རྣམ་གྲངས་ལ་རྒྱབ་སྐྱོར་དང་འཛུགས་བསྐྲུན་བྱས།

གོང་གསལ་གྱི་དམིགས་འབེན་དེ་མངོན་འགྱུར་བྱེད་ཆེད། ཞིང་ཆེན་ལས་གཉེར་བརྡ་འཕྲིན་ཨུ་ཡོན་གྱིས་སྲིད་དོན་དང་ཐོན་ལས། སྐྱེ་ཁམས། དམངས་ཚོས་བཅས་ཀྱི་སྟེགས་བུ་བཞི་འཛུགས་བསྐྲུན་བྱེད་པ་སྙོམས་སྒྲིག་དང་སྐུལ་འདེད་ཀྱིས་རིག་ནུས་གྲོང་ཁྱེར་གྱི་ཚོད་ལྟའི་དཔེར་མཚོན་རྣམ་གྲངས་འཛུགས་བསྐྲུན་བྱེད་པར་རམ་འདེགས་བྱས་པ་དང་། སྲིད་གཞུང་གི་སྡེ་ཁག་དང་བཟོ་ལས་ཀྱི་ཁེ་ལས་གཙོ་བོར་ཁ་ཕྱོགས་ནས་བརྡ་འཕྲིན་ཅན་གྱི་ཆེད་དོན་གསབ་སྦྱོང་སྤེལ་བ་དང་བརྡ་འཕྲིན་ཅན་གྱི་བྱ་བའི་ཆུ་ཚད་དང་ནུས་ཤུགས་སྔར་ལས་མཐོར་འདེགས་སུ་བཏང་ནས2016-2017ལོའི་བར་གློག་འཕྲིན་གྱི་ཡོངས་ཁྱབ་ཞབས་ཞུའི་འོད་འགྱེད་སྡེ་བར་ཐོན་པའི་བཟོ་སྐྲུན་བྱ་བ་དེར་དངོས་སུ་ཞིབ་བཤེར་བྱས།

སྦྲེལ་དྲ+བཟོ་ལས་ཆེད་དོན་ལས་འགུལ་ལག་བསྟར་བྱས་པ། རིག་ནུས་བཟོ་གྲྭ་དང་གཞི་གྲངས་ཅན་གྱི་བཟོ་གྲྭའི་དཔེར་མཚོན་རྟེན་གཞི་སྐོར་ཞིག་གསབ་སྦྱོང་བྱས་ཤིང་། བཟོ་ལས་ཁེ་ལས་དེ་བརྡ་འཕྲིན་ཅན་གྱི་ཁོར་ཡུག་འོག་འཕེལ་རྒྱས་སུ་གཏོང་བའི་ནུས་པ་གསར་བ་དང་སྦྲེལ་དྲ་ལ་མགྱོགས་མྱུར་གྱིས་སྐུལ་འདེད་བྱེད་པ། གཞི་གྲངས་ཆེན་མོ། སྤྲིན་ཚོམ་རྩིས་གཞི། དངོས་སྦྲེལ་དྲ་བ། གློག་རྡུལ་ཚོང་དོན། བརྡ་འཕྲིན་བསྡོམས་རྩིས། རྟོག་བཟོའི་འདྲ་བཤུས། མིས་བཟོས་རིག་ནུས་སོགས་རྣམ་པ་གསར་བའི་བརྡ་འཕྲིན་འཕྲིན་སྐྱེལ་ལག་རྩལ་གྱིས་ཁྱད་ཆོས་ལྡན་པའི་ཁེ་ལས་ལས་གཉེར་གྱི་དོ་དམ་འོག་ཐོན་སྐྱེད་གསར་བཟོ་སོགས་ཁྱབ་ཁོངས་གཙོ་བོ་དང་ཆེས་གནད་འགག་གི་གསར་གཏོད་བེད་སྤྱོད་བརྒྱུད་བཟོ་ལས་ཁེ་ལས་ཀྱི་བརྡ་འཕྲིན་ཅན་དང་རྩིས་གྲངས་ཅན། རིག་ནུས་ཅན་གྱི་འཕེལ་རྒྱས་བཅས་སྔར་ལས་ཇེ་མགྱོགས་སུ་བཏང་།

གཞི་གྲངས་ཆེན་མོའི་གཅིག་བསྡུས་ཀྱི་ས་ཁུལ་གསར་འཛུགས་བྱས་པ། རང་ཞིང་གི་གཞི་གྲངས་ཆེན་མོའི་ཆེད་མཁས་ཨུ་ཡོན་ལྷན་ཚོགས་ཀྱི་སྒྲིག་གཞི་ལ་ཡང་བསྐྱར་སྙོམས་སྒྲིག་བྱེད་ཆེད། ཆེད་མཁས་པའི་རིག་ནུས་ཀྱི་བྱེད་ནུས་འདོན་སྤེལ་གང་ལེགས་ཀྱིས་ཞིང་ཆེན་ཡོངས་ཀྱི་གཞི་གྲངས་ཆེན་མོའི་གཅིག་བསྡུས་ཀྱི་དཔྱད་འདེམས་དང་དཔྱད་འཇོག་བྱ་བ་ལེགས་པོར་སྤེལ་ནས། ཞིང་ཆེན་རིམ་པའི་གཞི་གྲངས་ཆེན་མོའི་ཐོན་ལས་ཀྱི་གཅིག་བསྡུས་ས་ཁུལ་དང་ཕུལ་བྱུང་ཐོན་ཁུངས་སྙོམས་སྒྲིག་གིས་གཅིག་བསྡུས་ཀྱི་ཕན་འབྲས་གྲུབ་པར་བྱས་ནས། ལྡོག་ནུས་ཀྱི་སྐུལ་འདེད་རང་བཞིན་གྱི་གཞི་གྲངས་ཆེན་མོའི་དཔེར་མཚོན་བེད་སྤྱོད་བཟོ་སྐྲུན་ལག་བསྟར་བྱེད་པའི་བྱེད་ནུས་ལས་ཁེ་ལས་ཀྱི་གཞི་གྲངས་ཆེན་མོའི་བེད་སྤྱོད་སོགས་སྣ་འཛོམས་ཞབས་ཞུའི་སྟེགས་བུ་གསར་འཛུགས་བྱས་ཏེ་བཟོ་ལས་གཞི་གྲངས་ཆེན་མོའི་འཛུགས་བསྐྲུན་ལ་ཤུགས་སྣོན་གྱིས་གཞི་གྲངས་ཆེན་མོའི་ལས་རིགས་ཀྱི་འགོ་ཁུངས་ཁེ་ལས་ནང་འདྲེན་དང་རྣམ་གྲངས་ཆེན་པོས་ཆུང་བར་སྣེ་ཁྲིད་པ། གཙོ་རྒྱུགས་རྣམ་གྲངས་ཀྱི་སྒྲིག་གཞི་ཆ་ཚང་གིས་རྣམ་གྲངས་ཀྱི་འཕེལ་རྒྱས་གནས་བབ་ལ་སྐུལ་འདེད་ངེས་ཅན་བྱས་པ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།