རང་ཞིང་གིས་འཛམ་གླིང་འབྲས་སྐྲན་ཉིན་མོ་བརྗོད་བྱ་ཡིན་པའི་དྲིལ་སྒྲོག་བྱ་འགུལ་སྤེལ་བ།

ཁ་སང་ནི་འཛམ་གླིང་གི་འབྲས་སྐྲན་ཉིན་མོ་ཡིན་པས། ད་ལོའི་འབྲས་སྐྲན་ཉིན་མོར་ང་ཚོས་འབྲས་སྐྲན་ལས་རྒྱལ་ཁ་ལེན་ཐུབ་ཞེས་པའི་བརྗོད་དོན་བྱ་འགུལ་སྤེལ། ཉིན་དེར་ཞིང་ཆེན་མི་དམངས་སྨན་ཁང་ལྔ་བས་ཟི་ལིང་གྲོང་ཁྱེར་གྱི་གསོ་རིག་རིག་གཞུང་ལྷན་ཚོགས་དང་ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་སྨན་བཅོས་མཉམ་འབྲེལ་ཚོགས་པ། མཚོ་སྔོན་ཞིང་ཆེན་འབྲས་སྐྲན་བདེ་ཐང་གྲོས་མཐུན་ཚོགས་པ་བཅས་ཀྱིས་མཉམ་འབྲེལ་སྒོས་སྒྲུབ་པའི་འཛམ་གླིང་གི་འབྲས་སྐྲན་ཉིན་མོར། ང་ཚོས་ལག་རྡང་གཅིག་ཏུ་སྦྲེལ་ནས་འབྲས་སྐྲན་མེད་པའི་གཞིས་ཁུལ་གསར་འཛུགས་བྱེད་ཞེས་པའི་བརྗོད་དོན་དྲིལ་སྒྲོག་དང་གཞི་རིམ་སྨན་བཅོས་གསབ་སྦྱོང་ཚོགས་འདུ་བསྡུས་པ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།