མཚོ་སྔོན་ཞིང་ཆེན་གྱི2017ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་ གོང་དུ་སྤེལ་བའི་འཆར་གཞི་ལག་བསྟར་བྱས་པའི་གནས་ཚུལ་དང་ 2018ལོའི་འཆར་གཞིའི་འཆར་ཟིན་སྐོར་གྱི་སྙན་ཞུ།(2)

(གཅིག) ཁྱད་ལྡན་ལེགས་ཆ་ཕྱོགས་བསྡུས་བྱས་ཏེ་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞིའི་རང་བཞིན་གྱི་བཅོས་སྒྱུར་མུ་མཐུད་དུ་ཟབ་སྤེལ་བྱ་དགོས།

འཕར་སྣོན་གྱི་སྒུལ་ཤུགས་ལ་འཕོ་འགྱུར་འབྱུང་བར་སྐུལ་འདེད་བྱ་དགོས། རྒྱལ་ཁབ་ཀྱི་ལྗང་མདོག་ཐོན་ལས་མགྱོགས་མྱུར་ངང་གོང་སྤེལ་གཏོང་བའི་བསམ་འཆར་དོན་འཁྱོལ་བྱས་ཏེ། ལྗང་མདོག་བཟོ་སྐྲུན་ལས་གྲྭ་ཤུགས་ཆེན་པོས་ལག་བསྟར་དང། སྐྱེ་ཁམས་བཀོལ་སྤྱོད་རིགས་དང་རེས་འཁོར་ནུས་ཕྱོད་མཐོ་བའི་རིགས། ཐཱན་ཉུང་དྭངས་གཙང་རིགས། ཁོར་ཡུག་བཅོས་སྐྱོང་རིགས་ཀྱི་ལྗང་མདོག་ཐོན་ལས་རྣམ་གྲངས་ཁག་ཅིག་འཆར་འགོད་བྱ་དགོས། རྒྱལ་ཁབ་དྭངས་གཙང་ནུས་ཁུངས་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱས་ཏེ། “སྟོང་ཝ་བྱེ་བ་རིམ་པའི”སླར་སྐྱེས་ནུས་ཁུངས་རྟེན་གཞི་གཉིས་བརྟན་བརླིང་ངང་བསྐྲུན་པ་དང། ནུས་ཁུངས་གསར་བའི་འཕྲུལ་ཆས་སྒྲིག་སྦྱོར་སྟོང་ཝ་ཁྲི1100ལས་ཐོད་བརྒལ་བྱ་དགོས། ལིས་དུང་ཕྱུར་སྟོང་གི་ཐོན་སྐྱེད་རྟེན་གཞི་འཛུགས་སྐྲུན་བྱས་ཐོག ལིས་ཐོན་ཁུངས་གཅིག་སྒྲིལ་བྱེད་པར་སྐུལ་འདེད་བྱེད་པ་དང། པི་ཡ་ཏི་ལིས་ལྡན་གློག་གཡིས10GWHདང། ཏུན་ཁྲི3ཅན་གྱི་གློག་གཡིས་རིམ་པའི་ཐཱན་སྐྱུར་ལིས་སོགས་ལས་གཞི་ལག་བསྟར་བཟང་བོ་བྱ་དགོས། རྒྱུ་ཆ་གསར་བའི་ཐོན་ལས་གཞི་རྒྱ་ཆེ་རུ་གཏོང་བ་དང། ཀྲུང་ལི་འོད་འགྱེད་ཚི་སྐུད་སྔོན་བཟོས་དབྱུག་པ་སོགས་ལས་གཞི་མགྱོགས་མྱུར་ངང་བསྐྲུན་དགོས། ཞུན་ཐིགས་སཱེལ་དང་འོད་གློག་རྒྱུ་ཆ། ཟངས་དང་ཧ་ཡང་ལེབ་མོའི་གློག་རྡུལ་གཞི་རྩའི་རྒྱུ་ཆ་སོགས་ཐོན་རྫས་རྒྱ་ཆེར་བཟོ་བ་དང། འདུས་གྲུབ་གློག་ལམ་ཐད་སྤྱོད་པའི་ཀུའེ་རྒྱུ་ཆ་དང་ཐཱན་ཚི་སྣའི་རྒྱུ་ཆ་སོགས་ལས་གཞི་ནང་འདྲེན་བྱ་དགོས། བཟོ་སྐྲུན་ལས་རིགས་ཀྱི་སྲོག་ཤིང་གི་འགྲན་རྩོད་ཤུགས་ཇེ་དྲག་ཏུ་གཏོང་བའི་ལོ་གསུམ་གྱི་འགུལ་སྐྱོད་འཆར་གཞི་དངོས་འབེབ་བྱེད་པ་དང། སྒྲིག་ཆས་རྩེ་གྲས་གཙོ་ཡིན་པའི་སྔོན་ཐོན་བཟོ་སྐྲུན་ལས་རིགས་སྟོབས་ལྡན་དུ་བཏང་སྟེ། མྱུར་བགྲོད་ལྕགས་ལམ་གྱི་ཆེད་སྤྱོད་འཁོར་སྟེགས་གོང་སྤེལ་དུ་གཏོང་བ་དང། ནུས་ཁུངས་གསར་བའི་རླངས་འཁོར་གསོ་སྐྱོང་བྱ་དགོས། “སྒྱུར་བ་གཉིས”མཉམ་འདྲེས་ཚོད་ལྟ་རྒྱ་བསྐྱེད་པའི་འགུལ་སྐྱོད་སྤེལ་ཏེ། མཉམ་འབྲེལ་དྲ་ཚིགས་དང་གཞི་གྲངས་ཆེན་མོ། མིས་བཟོས་རིག་ནུས་དང་དངོས་གཞིའི་དཔལ་འབྱོར་མཉམ་འདྲེས་ཀྱི་གོང་སྤེལ་ལ་སྐུལ་འདེད་དང། བཟོ་ལས་དང་ཁེ་ལས་ཀྱི“སྤྲིན་སྟེགས་སྟེང་འཇུག་པའི”འགུལ་སྐྱོད་སྤེལ་བ་དང། ཞིང་ཆེན་རིམ་པའི་གཞི་གྲངས་ཆེན་མོའི་ཐོན་ལས་གོང་སྤེལ་རུབ་བསྡུས་ཁུལ་འཛུགས་སྐྲུན་བྱས་ཏེ། ཟི་ལིང་དང་མཚོ་ཤར། མཚོ་ལྷོ་སོགས་ས་ཁུལ་དུ་གཞི་གྲངས་ཆེན་མོའི་ཐོན་ལས་འཆར་འགོད་འཛུགས་སྐྲུན་བྱས་ཏེ། བཟོ་ལས་ཀྱི་གཞི་གྲངས་ཆེན་མོའི་དཔེ་མཚོན་དཔེ་སྟོན་ལས་གཞི10བསྐྲུན་དགོས།

ཚན་རྩལ་གསར་སྐྲུན་གྱི་སྒུལ་ཤུགས་ཇེ་དྲག་ཏུ་གཏང་དགོས། གསར་གཏོད་ཀྱིས་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པའི་འཐབ་ཇུས་ལག་ལེན་མཐར་ཕྱིན་བྱས་ཏེ། ནོར་སྲིད་ཀྱིས་ཚན་རྩལ་ཐད་ལ་མ་དངུལ་གཏོང་ཚད20%འཕར་བ་སྲུང་འཛིན་བྱ་དགོས། ཚན་རྩལ་གལ་ཆེན་གསར་གཏོད་བྱས་ཐོག ཚྭ་མཚོའི་ཐོན་ཁུངས་དང་ཉི་འོད་ནུས་པ། ལིས་ལྡན་གློག་གཡིས་སོགས་གསར་གཏོད་ཁྱུ་ཚོགས་འཛུགས་སྐྲུན་བྱེད་པ་དང། ལིས་ཚྭ་ལྷད་མེད་ཅན་དང་ཧ་ཡང་མཱེའི་བསྲེས་ལྕགས་ཀྱི་ཞིབ་ལས་བཟོ་སྣོན་སོགས་ཀྱི་འགག་རྩའི་ལག་རྩལ་ཁག་ཅིག་གི་འགག་སྒོ་གཏོར་དགོས། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་དང་མཐོ་སྒང་གི་ཞིང་ཕྱུགས་ལས། བོད་སྨན་གསར་བ་གསར་སྤེལ་སོགས་རྒྱལ་ཁབ་གྱི་ཚོད་ལྟ་ཁང་གཙོ་བོ་དག་འཛུགས་སྐྲུན་བྱས་ནས། མཐོ་སྒང་གི་བཙན་ས་གསར་བ་ཆགས་སུ་འཇུག་དགོས། ཞིང་ཕྱུགས་ལས་ཀྱི“1020”ལས་གྲྭ་དང“ལྡབ་གཉིས་སྤར་བའི”ལས་གྲྭ། ཚན་རྩལ“གྱད་མིའུ”འཆར་གཞི་ལག་བསྟར་བྱེད་པ་དང། སྤུས་ཚད་མཐོར་འདེགས་དང་ཕན་འབྲས་མང་བསྐྱེད་ཀྱི་ཆེད་སྤྱོད་ཐེབས་རྩ་བཙུགས་ཏེ། གསར་སྐྲུན་ནུས་པ་ལྡན་པའི་སྔོན་གྲས་ཁེ་ལས་ཁག་ཅིག་གསོ་སྐྱོང་དང། མཐོ་གསར་ལག་རྩལ་གྱི་ཁེ་ལས30དང། ཚན་རྩལ་རིགས་ཀྱི་ཁེ་ལས45གསར་དུ་གསོ་སྐྱོང་བྱ་དགོས། “གསར་བ་བཞིའི”དཔལ་འབྱོར་ལ་དམིགས་ནས། མང་ཚོགས་ཁྲི་སྟོང་གིས་ལས་གཏོད་ལས་སྐྲུན་བྱ་བར་སྐུལ་འདེད་གཏིང་ཟབ་བྱས་ཏེ། ཁེ་ལས་ཆུང་བའི“ལས་སྐྲུན་གསར་སྐྲུན”གྱི་དཔེ་སྟོན་རྟེན་གཞི་རྒྱལ་ཁབ་རིམ་པའི1དང་ཞིང་ཆེན་རིམ་པའི2དང་ཆེད་ལས་ཅན་གྱི་ཀུན་གྱིས་གསར་གཏོད་བར་སྟོང་སྐོར་ཅིག་སྤུས་ཚད་མཐོན་པོའི་སྒོ་ནས་འཛུགས་སྐྲུན་བྱ་དགོས། འཇོན་མིས་ཞིང་ཆེན་སྟོབས་ལྡན་དུ་བསྒྱུར་བའི་འཐབ་ཇུས་རྒྱུན་འཁྱོངས་བྱས་ཏེ། “མཐོ་རྩེའི་གསར་གཏོད་འཇོན་མི་སྟོང་ཕྲག་གི་འཆར་གཞི”དང། “མཚོ་སྔོན་གྱི་ཤེས་ཡོན་པའི་འཆར་གཞི”ལ་སྐུལ་འདེད་བཏང་སྟེ། ཚན་རྩལ་གསར་གཏོད་དང་གྲུབ་འབྲས་གཞན་སྒྱུར་གྱི་སྐུལ་བསྟོད་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང། ཉེར་མཁོའི་ཚན་རྩལ་འཇོན་མི་བྱང་ཚད་མཐོན་པོ་ཅན་ཁག་ཅིག་ནང་འདྲེན་དང་གསོ་སྐྱོང་བྱ་དགོས།

གང་མགྱོགས་སྒོས་སྲོལ་རྒྱུན་ཐོན་ལས་རིགས་སྒྱུར་རིམ་སྤར་བྱ་དགོས། བཟོ་ལས་སྲ་བརྟན་གོང་སྤེལ་ལོའི་བྱ་འགུལ་དང་བཟོ་ལས་ལས་གཞི་གལ་ཆེན་མྱུར་གཏོང་གི་འགག་སྒོ་གཏོར་བའི་འགུལ་སྐྱོད་སྤེལ་ཏེ། ལས་གཞི་བརྒྱ་ཕྲག་སྒྱུར་བཀོད་མཐོར་འདེགས་དང་བརྒྱ་ཕྲག་གསར་སྐྲུན་འགག་གཏོར་ལས་གྲྭ་ལེགས་པོར་འཛིན་པ་དང། སྲོལ་རྒྱུན་ཐོན་ལས་ཀྱི་ཐོན་རྫས་ལག་རྩལ་དང་བཟོ་རྩལ་སྒྲིག་ཆས། ནུས་ཕྱོད་ཁོར་སྲུང་སོགས་ཀྱི་ཆུ་ཚད་ཁྱོན་ཡོངས་ནས་ཇེ་མཐོར་གཏང་དགོས། སྒོར་ཁྲག་ཁྲིག་ཆེན་པོ་རིམ་པའི་ཚྭ་མཚེའུ་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་ཐོན་ལས་སྐྲུན་པ་དང། ཚྭ་མཚེའུ་དང་མཱེ་ལྕགས་གཞི་གཅིག་ཅན་དང། དབྱི་ལི་ཕེང་ཚྭ་མཚེའུ་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་ལས་གཞི་བསྐྲུན་ཐོག གསེར་གྱི་ཁུ་ནུའི་ལིས་ཚྭ་སོགས་ལས་གཞི་ལ་སྐུལ་འདེད་གཏང་དགོས། ཧ་ཡང་དང་ཟངས། ཞ་ཉེ། ཏི་ཚ་སོགས་ཀྱི་སྙིགས་མ་ལས་སྣོན་ཟབ་མོ་བྱས་པའི་ཐོན་རྫས་དང་ཟུར་སྣོན་རིན་ཐང་མཐོ་བའི་ཐོན་རྫས་གསོ་སྐྱོང་བྱ་དགོས། སྤུས་ཚད་མཐོ་བའི་ཧ་ཡང་ལེབ་མོ་དང་གློག་འབྱེད་ཟངས་སྲབ་རབ་གྲས། ཐེའེ་བསྲེས་ལྕགས་སོགས་ལས་གཞི་བསྐྲུན་པར་སྐུལ་འདེད་གཏང་དགོས། ཏུན་བྱེ་བ་ཅན་གྱི་སྣུམ་རླངས་ཞིང་ས་བསྟུད་མར་འཛུགས་སྐྲུན་བྱ་དགོས། འཛད་སྤྱོད་རིམ་པ་སྤར་བར་དམིགས་ཏེ་ཁྱད་ལྡན་གྱི་ཡང་བའི་བཟོ་ལས་གྱི་སྤུས་ཚད་དང་གདང་རིམ་གྲས་མཐོར་འདེགས་དང་གཞི་རྒྱ་བསྐྱེད་པར་སྐུལ་འདེད་གཏོང་བ་དང། སྐམས་ཤ་ལུག་ཤ་དང་བོད་ཀྱི་ས་གདན། འོ་བཟོས་ཐོན་རྫས། ནས་ཆང་སོགས་ཐོན་རྫས་དགོས་མཁོ་རབ་འབྲིང་ལ་སྦྲེལ་མཐུད་དང། རིགས་སྣ་ཕུན་སུམ་ཇེ་ཚོགས་དང་སྤུས་ཚད་ཇེ་ལེགས་སུ་གཏང་རྒྱུར་རོགས་སྐྱོར་བྱ་དགོས། ཁྱད་ལྡན་ཁེ་ལས་ཁག་ཅིག་ཤུགས་ཆེན་པོས་སྟོབས་ལྡན་དུ་གཏོང་བ་དང་གོང་སྤེལ་གྱི་སྦས་ཤུགས་ཆེ་བའི་ཁེ་ལས་ཆུང་འབྲིང་ཁག་ཅིག་ལ་རོགས་སྐྱོར་བྱས་ནས། གཞི་ཁྱོན་ལྡན་པ་ཡན་གྱི་ཁེ་ལས40དང་ཁེ་ལས་ཆུང་འབྲིང1000གསོ་སྐྱོང་བྱ་རྒྱུར་བརྩོན་དགོས།

“གསུམ་འདོར་གཅིག་ཆག”གི་ལས་འགན་གཙོ་བོ་བསྟུད་མར་ལེགས་འཛིན་བྱ་དགོས། རིགས་བཀར་ནས་སྲིད་ཇུས་ལག་བསྟར་དང་རྩ་ལག་མཉམ་བཅོས་བྱས་ཏེ། ནུས་མེད་ཀྱི་འདོན་སྤྲོད་ཤུགས་ཆེན་པོས་མེད་པར་བཟོ་བ་དང། རྣོ་ལྕགས་དང་རྡོ་སོལ། གློག་གཞུས་ཧ་ཡང། ཨར་འདམ། ལྕགས་འདྲེས་མ་སོགས་ལས་རིགས་ཀྱི་ཐོན་སྐྱེད་ནུས་པ་ལྷག་མ་དོར་བའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང། རྡོ་སོལ་དང་གློག་ཐད་ལ་ཐོན་ནུས་ལྷག་མའི་ཉེན་ཁ་འབྱུང་བར་ནུས་ཡོད་ཀྱིས་འགོག་ཟོན་བྱས་ཐོག ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན་གྱི་བྱེད་ཐབས་ཕྱོགས་བསྡུས་སྒོས་སྤྱད་དེ་སྔོན་ཐོན་ཁེ་ལས་བསྐྱར་སྒྲིག་དང་རྗེས་ལུས་ཐོན་ནུས་འདོར་བར་སྐུལ་མ་གཏང་དགོས། ཐོན་ནུས་ལྷག་མ་འདོར་བ་དང་མཁོ་སྤྲོད་འགན་སྲུང་སོགས་བྱ་བར་གཅིག་གྱུར་སྒོས་འཆར་འགོད་བྱས་ཏེ། རྡོ་སོལ་གྱི་མཁོ་འདོན་སྦྲེལ་མཐུད་ལེགས་པོ་བྱ་དགོས། “སྲོག་མེད་ཁེ་ལས”ཐག་གཅོད་ཤུགས་ཇེ་ཆེར་བཏང་སྟེ། ཕྱོགས་སོ་སོས་ཁྲིམས་ལྟར་བུ་ལོན་ཁག་བགོས་ནས་ཐག་གཅོད་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏང་དགོས། གྲོང་ཁྱེར་དང་བསྟུན་ནས་སྲིད་ཇུས་ལག་བསྟར་བྱེད་པ་དང། འདོར་སེལ་གྱི་རེས་འཁོར་ཐུང་བའི་གྲོང་ཁྱེར་གྱི་ཚོད་འཛིན་བྱེད་ཐབས་རིམ་བཞིན་འབྲིང་རིམ་དུ་འཇོག་པ་དང། ཉར་ཚད་མང་བའི་རྫོང་མཁར་དུ་ཞིང་པ་ཞོར་ལས་པས་ཁང་བ་ཉོ་བར་རོགས་སྐྱོར་དང། ཚོང་ཟོང་ཁང་པ་དག་སྨན་བཅོས་ཁམས་གསོ་དང་ཡུལ་སྐོར་སོགས་ཐོན་ལས་དང་འབྲེལ་མཐུད་ཀྱིས་བསགས་འབོར་ཉུང་འཕྲི་བྱེད་པར་རོགས་སྐྱོར་བྱ་དགོས། ཚྭ་མཚེའུ་མ་རྐང་དང་ནུབ་རྒྱུད་གཏེར་ཁའི་སྡེ་ཚོགས། དངུལ་གཏོང་སྡེ་ཚོགས་སོགས་ཁེ་ལས་ཀྱིས་ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན་གྱི་བུ་ལོན་མ་རྐང་དུ་བསྒྱུར་བར་སྐུལ་འདེད་དང། ཕྱི་དངུལ་དང་དམངས་ཁྲོད་ཀྱི་མ་དངུལ་ཕན་ནུས་ཡོད་པའི་སྒོ་ནས་མ་དངུལ་བསྐྱར་སྒྲིག་ཏུ་ཞུགས་པར་སྐུལ་མ་གཏང་དགོས། མ་རྩ་ཉུང་འཕྲི་དང་ཐོན་ལས་རིགས་སྒྱུར་རིམ་སྤར་དང་གསར་སྐྲུན་ནུས་པ་མཐོར་འདེགས་ཟུང་དུ་སྦྲེལ་ཏེ། ཁྲལ་རིན་གཉིས་གཅོག་ལ་མུ་མཐུད་དུ་སྐུལ་འདེད་དང། དངུལ་བསྡུ་དང་ནུས་ཁུངས་བེད་སྤྱོད། ཟོང་སྐྱེལ་བཅས་ཀྱི་མ་གནས་ཐབས་བརྒྱ་ཇུས་སྟོང་གིས་ཉུང་འཕྲི་བྱ་དགོས་ཤིང། ཁེ་ལས་དང་འབྲེལ་བའི་གྲོན་དངུལ་བསྡུ་སྟངས་གཙང་བཤེར་བྱས་ནས། གང་འདོད་ཀྱིས་གྲོན་དངུལ་བསྡུ་བར་ཞིབ་གཅོད་དང་བཅོས་སྐྱོང་གི་ཤུགས་ཚད་ཆེ་རུ་གཏོང་བ་དང། ལམ་ལུགས་རང་བཞིན་གྱི་ཉོ་ཚོང་མ་རྩ་སྔར་ལས་འཕྲི་བར་སྐུལ་འདེད་གཏང་དགོས། གློག་ཤུགས་ཚོང་ར་མྱུར་བར་འཛུགས་སྐྲུན་བྱས་ཏེ། གློག་ཤུགས་ཚོང་རར་ཉོ་ཚོང་གི་བསྡུར་ཚད་ལ་མཐོར་འདེགས་ཆེན་པོ་གཏོང་བ་དང། དག་གཙང་གི་གློག་ཤུགས་མཁོ་འདོན་བྱེད་ཚད་ཇེ་མང་དུ་གཏང་དགོས།

(གཉིས) གྲོང་གསེབ་དར་སྤེལ་འཐབ་ཇུས་ཤུགས་ཆེན་པོས་ལག་བསྟར་བྱས་ཏེ། ཞིང་ཕྱུགས་ལས་དང་རོང་འབྲོག་ཁུལ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏང་དགོས།

གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་ངང་གོང་དུ་འཕེལ་བར་སྐུལ་འདེད་བྱ་དགོས། གྲོང་གསེབ་དར་སྤེལ་འཐབ་ཇུས་ཀྱི་འཆར་འགོད་གཏན་འབེབ་བྱས་ཏེ། བཟོ་ལས་ཀྱིས་ཞིང་ལས་ལ་ཁ་གསབ་དང་གྲོང་ཁྱེར་གྱིས་གྲོང་གསེབ་ལ་སྣེ་ཁྲིད་པ་རྒྱུན་འཁྱོངས་དང། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་ངང་གོང་སྤེལ་སྒྲིག་སྲོལ་དང་རྐྱེན་སྲོལ་འཐུས་ཚང་དུ་གཏང་དགོས་ཤིང། གྲོང་གསེབ་ཏུ་འགྲོ་བའི་གེགས་རྐྱེན་སྣ་ཚོགས་སེལ་ཏེ་བཟོ་ཞིང་ཕན་ཚུན་བར་སྐུལ་འདེད་དང། གྲོང་ཁྱེར་དང་གྲོང་གསེབ་ཕན་ཚུན་བར་ཁ་གསབ། ཕྱོགས་ཡོངས་ནས་མཉམ་འདྲེས། མཉམ་དུ་དར་སྤེལ་བཅས་བྱེད་པའི་བཟོ་ཞིང་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འབྲེལ་བ་གསར་བ་མྱུར་བར་ཆགས་སུ་འཇུག་དགོས། གྲོང་གསེབ་དང་འབྲོག་ཁུལ་ནུས་མང་ཅན་དུ་འཛུགས་སྐྲུན་དང་ཆེད་ལས་ཅན་གོང་དུ་སྤེལ་བར་ཁྲིད་སྟོན་བྱས་ཏེ། མཁར་གྲོང་མཐའ་འཁོར་གྱི་གྲོང་གསེབ་མྱུར་བར་མཁར་གྲོང་དང་འདྲེས་པར་སྐུལ་འདེད་དང། རྒྱང་རིང་མཐའ་འཁོབ་ཀྱི་གྲོང་གསེབ་ཀྱིས་རྨོ་བསྐྱུར་ནས་ནགས་འཛུགས་རྩྭ་འདེབས་སམ་སྐྱེ་ཁམས་མཛེས་ལྗོངས་ཡུལ་སྐོར་ཁུལ་དུ་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱ་དགོས། ཞིང་སྡེའི་རྨང་གཞིའི་སྒྲིག་བཀོད་ཀྱི་རིམ་གྲས་སྤར་བར་སྐུལ་འདེད་དང། རོང་འབྲོག་ཁུལ་གྱི་འཐུང་ཆའི་བདེ་འཇགས་བརྟན་སྲུང་མཐོར་འདེགས་ལས་གྲྭ་ལག་བསྟར་བྱ་དགོས། ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་དང་དོ་དམ། བདག་སྐྱོང་བཅས་བཟང་པོ་བྱས་ནས་འཁོར་སྐྱོད་བཟང་བོ་བྱེད་དུ་འཇུག་པ་དང། ཞིང་སྡེའི་གཞུང་ལམ་སྤྱི་ལེ6000གསར་སྐྲུན་དང་སྒྱུར་སྐྲུན། རིམ་སྤར་བཅས་བྱ་དགོས། ཞིང་སྡེའི་ཁོར་ཡུག་གི་འབུར་ཐོན་གནད་དོན་ཕྱོགས་བསྡུས་སྒོས་བཅོས་སྐྱོང་བྱས་ཏེ་མཐོ་སྒང་གི་མཛེས་པའི་གྲོང་གསེབ300སྐྲུན་པ་དང། སྡེ་བ500ཡི་ཁོར་ཡུག་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱས་ཏེ། ཞིང་ལས་ཀྱི་སྐྱེ་ཁམས་ཐོན་རྫས་དང་ཞབས་ཕྱིའི་འདོན་སྤྲོད་ཇེ་མང་དུ་གཏང་དགོས།

གཞི་རྩའི་བདག་གཉེར་ལམ་ལུགས་བརྟན་སྲུང་དང་འཐུས་ཚང་དུ་གཏང་དགོས། ཞིང་སྡེ་འབྲོག་ཁུལ་བཅོས་སྒྱུར་ཟབ་མོ་བྱས་ཏེ། ཞིང་སྡེའི་ས་ཞིང་ཐུན་མོང་ལ་དབང་བ་དང་ས་ཞིང་འགན་གཙང་ལེན་གྱི་འབྲེལ་བ་བརྟན་འཇགས་རྒྱུན་འཁྱོངས་བྱེད་པ་དང། འགན་གཙང་ལེན་བྱས་པའི་ས་ཞིང་གི“དབང་གསུམ”བགོ་བའི་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། ས་ཞིང་འགན་གཙང་ལེན་གྱིས་བདག་གཉེར་དབང་ཆ་ངོས་ལེན་དང་ཐོ་འགོད་དཔང་སྟེར་བྱ་བ་ཁྱོན་ཡོངས་ནས་ལེགས་འགྲུབ་བྱེད་པ་དང། བདག་གཉེར་དབང་ཆ་ཚད་ལྡན་དང་སྒྲིག་ལམ་ཡོད་པའི་སྒོ་ནས་འཁོར་རྒྱུག་བྱེད་པར་ཁྲིད་སྟོན་བྱ་དགོས། ཞིང་སྡེའི་ས་ཞིང་གཞུང་བསྡུ་དང་ཐུན་མོང་གི་བདག་གཉེར་རང་བཞིན་གྱི་འཛུགས་སྐྲུན་ས་ཞིང་ཚོང་རར་ཞུགས་པ། གཞིས་སའི་ལམ་ལུགས་བཅོས་སྒྱུར་ཚོད་ལྟ་སོགས་བྱེད་པར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བྱ་དགོས། ཚོང་རའི་དཔལ་འབྱོར་གྱི་བླང་བྱ་དང་མཐུན་པའི་ཐུན་མོང་དཔལ་འབྱོར་འཁོར་སྐྱོད་རྐྱེན་སྲོལ་འཛུགས་པ་དང། ཐོན་ཁུངས་དེ་རྒྱུ་ནོར་དང་མ་དངུལ་དེ་མ་རྐང། ཞིང་བ་རྐང་བདག་བཅས་སུ་བསྒྱུར་བར་སྐུལ་འདེད་བྱས་ཏེ། ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཀྱི་གསོན་ཤུགས་དང་དངོས་ཤུགས་ཇེ་དྲག་ཏུ་གཏང་དགོས། སྡེ་བ་ཐུན་མོང་གི་སྟོང་ཆ་སྐོང་བའི་ལས་གྲྭར་རྒྱབ་སྐྱོར་བྱས་ནས། རྩེ་ཁོག་སོགས་རྫོང6གི་རོང་འབྲོག་ཁུལ་གྱི་ཐུན་མོང་ཐོན་དབང་ལམ་ལུགས་ཀྱི་བཅོས་སྒྱུར་ཚོད་ལྟ་ལེགས་འཛིན་བྱས་ཏེ། ཞིང་བའི་མ་རྐང་མཉམ་ལས་དཔལ་འབྱོར་གོང་དུ་སྤེལ་དགོས། གྲོང་གསེབ་དར་སྤེལ་ཐད་ཀྱི་གཏོང་འཇོག་འགན་སྲུང་བྱེད་ཤུགས་ཇེ་དྲག་ཏུ་བཏང་སྟེ། དངུལ་གཏོང་དང་དངུལ་བསྡུ་ཐབས་ལམ་གསར་གཏོད་བྱས་ནས་སྤྱི་པའི་ནོར་སྲིད་ཀྱིས“ཞིང་གསུམ”ཕྱོགས་སུ་སྔར་བས་གཟིགས་སྐྱོང་བྱ་དགོས།

ཞིང་ཕྱུགས་ལས་ཀྱི་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞིའི་རང་བཞིན་བཅོས་སྒྱུར་ཟབ་མོ་བྱ་དགོས། སྤུས་ཚད་དང་ལྗང་མདོག་གིས་ཞིང་ལས་དར་སྤེལ་བྱེད་པ་སྲོག་ཤིང་དུ་འཛིན་པ་དང། མཐོ་སྒང་དང་ལྗང་མདོག སྐྱེ་ལྡན། སཱེལ་མོད་པ་སོགས་ཀྱི་ཚོང་རྟགས་རྒྱ་ཆེར་གསོ་སྐྱོང་བྱ་རྒྱུ་རྟེན་ས་བྱས་ཏེ། ཞིང་ཕྱུགས་ལས་ཀྱི་ཐོན་ཚད་སྤར་བ་ནས་སྤུས་ཚད་མཐོར་འདེགས་ཕྱོགས་སུ་བསྒྱུར་བར་ཤུགས་ཆེན་པོས་སྐུལ་འདེད་བྱ་དགོས་ཤིང། ནོར་དང་བོད་ལུག ཆུ་འཁྱགས་ཉ། འཕང་འབྲས། གཟན་རྩྭ་སོགས་ཀྱི་ཐོན་ལས་སྟོབས་ཆེན་པོར་གཏང་དགོས། ཁྱབ་སྟངས་ལེགས་སྒྱུར་བྱས་ཏེ་ཤར་རྒྱུད་ཀྱི་ཁྱད་ལྡན་འདེབས་གསོའི་འབྲས་བཟང་དཔེ་སྟོན་ཁུལ་དང། མཚོ་སྔོན་པོའི་མཐའ་འཁོར་གྱི་རོང་འབྲོག་སྣོལ་མར་འདྲེས་ནས་རེས་འཁོར་གོང་སྤེལ་སྔོན་སྐྱོད་ཁུལ། མཚོ་སྔོན་ལྷོ་རྒྱུད་ཀྱི་སྐྱེ་ལྡན་ཕྱུགས་ལས་སྲུང་སྐྱོང་གོང་སྤེལ་ཁུལ། རྨ་ཆུའི་འགྲམ་རྒྱུད་ཀྱི་ཆུ་འཁྱགས་གསོ་སྤེལ་ཚད་རན་པོས་གསར་སྤེལ་རྒྱུད་བཅས་འཛུགས་སྐྲུན་བྱ་དགོས། འབྲུ་སྣུམ་དང་སིལ་ཏོག་སྔོ་ཚོད། བྱ་ཕྱུགས་གསོ་སྤེལ་དང་སྟར་བུ་དང་འཕང་འབྲས“སྒོར་ཐེར་འབུམ་ཆེན་པོ་བཞི་ཅན”གྱི་ཐོན་ལས་བསྐྲུན་པར་རྒྱབ་སྐྱོར་དང། འབྲུ་རིགས་ཐོན་སྐྱེད་རྩོལ་ནུས་ཁུལ་མུའུ་ཁྲི150དང་སྐེ་ཚེ་སྲུང་སྐྱོང་ཁུལ་མུའུ་ཁྲི100དབྱེ་འབྱེད་གཏན་འབེབས་བྱེད་པ་དང། རྨ་ཆུའི་གཞོང་སའི་ཞིང་ས་མུའུ་ཁྲི100བཅོས་སྐྱོང་བྱས་ཏེ། ཚད་གཞི་མཐོ་བའི་ཞིང་ས་མུའུ་ཁྲི54བསྐྲུན་དགོས། འབྲུ་རིགས་བདེ་འཇགས་ཀྱི་འགན་འཁྲི་ལམ་ལུགས་ལག་བསྟར་གཟབ་ནན་བྱས་ཏེ། འབྲུ་རིགས་ཀྱི་སྤུས་ཚད་དང་བདེ་འཇགས་ཞིབ་བཤེར་ཚད་ལེན་དང་ཐག་གཅོད་ནུས་པ་ཇེ་ཆེར་གཏོང་བ་དང། སྤུས་ལེགས་འབྲུ་རིགས་ལས་གྲྭ་ལག་བསྟར་བྱས་ཏེ། འབྲུ་རིགས་ཀྱི་འཁོར་རྒྱུག་མ་ལག་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ནས་འབྲུ་རིགས་གནོད་མེད་བདེ་འཇགས་ཡོང་བར་ཁག་ཐེག་བྱ་དགོས།

ཐོན་ལས་མཉམ་འདྲེས་ངང་གོང་དུ་འཕེལ་བར་སྐུལ་འདེད་བྱ་དགོས། གོང་སྤེལ་གྱི་གསོན་ཤུགས་དང་རྗེས་ཤུགས་ཇེ་དྲག་ཏུ་གཏང་རྒྱུ་དམིགས་འབེན་དུ་བཟུང་ནས། བཟོ་ལས་ཅན་གྱི་འདུ་ཤེས་བཅངས་ནས་ཞིང་ཕྱུགས་ལས་གོང་སྤེལ་དང། ཞབས་ཕྱིའི་ལས་རིགས་ཀྱི་བྱེད་ཐབས་ཀྱིས་ཞིང་ཕྱུགས་ལས་གཉེར་ཏེ། ཐོན་ལས་སྦྲེལ་ཐག་རྒྱུན་སྲིང་དང་རིན་གོང་སྦྲེལ་ཐག་མཐོར་འདེགས། མཁོ་འདོན་སྦྲེལ་ཐག་ཐོགས་མེད་བཅས་ཡོང་བར་བྱ་དགོས། ཞིང་ཕྱུགས་ལས་དང་ཡུལ་སྐོར་ལས་རིགས་མཉམ་འདྲེས་ཡོང་བར་ཡར་སྐུལ་བྱས་ཏེ། སྤྲོ་གསེང་ཞིང་ཕྱུགས་ལས་དང་གྲོང་གསེབ་ཡུལ་སྐོར་ཤུགས་ཆེན་པོས་གོང་དུ་སྤེལ་དགོས། ཧོང་ཀྲུང་རྫོང་གི་ཁ་གཡང་དང་ཏ་ཐུན་རྫོང་གི་རྫ་མ་ལུང་གི་དཔེ་དབྱིབས་ཁྱབ་བརྡལ་དུ་བཏང་ནས། རང་རང་གི་ཁྱད་ཆོས་ལྡན་པའི་སྤྲོ་གསེང་ལྟ་སྐོར་གྱི་ཞིང་ཕྱུགས་ལས་རྟེན་གཞི30སྐྲུན་པ་དང། ས་ཞིང་དང་ལྡུམ་རའི་ཕྱོགས་བསྡུས་བཀོད་པ་སྐོར་ཅིག་བསྐྲུན་པར་རོགས་སྐྱོར་བྱ་དགོས། གྲོང་གསེབ་ཡུལ་སྐོར་དང་རྨོ་ཞིང་རིག་གནས་ཟུང་འབྲེལ་བྱས་ཏེ། སྲོལ་རྒྱུན་སྡེ་བའི་སྤྱི་ཡོངས་ཀྱི་བཀོད་སྒྲིག་དང་ལོ་རྒྱུས་ཀྱི་རྣམ་པ་སྲུང་སྐྱོང་དང་བེད་སྤྱོད་བྱས་ཐོག རང་ངོས་ཀྱི་ཁྱད་ལྡན་རིག་གནས་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ཏེ། གྲོང་གསེབ་ཡུལ་སྐོར་གྱི་རིག་གནས་ཉམས་ཞིབ་རང་བཞིན་ཇེ་དྲག་ཏུ་གཏང་དགོས། སྤྱི་ཚོགས་ཅན་གྱི་ཞབས་ཕྱི་མ་ལག་འཐུས་ཚང་དུ་བཏང་ནས། ཆེད་ལས་རང་བཞིན་གྱི་ཞབས་ཕྱི་ཁྱབ་བརྡལ་དུ་གཏོང་བ་དང། ཞིང་ཕྱུགས་ལས་ཐོན་སྐྱེད་དང་ཞབས་ཕྱིའི་ཟུར་སྣོན་རིན་ཐང་དུས་མཉམ་དུ་ཇེ་མཐོར་གཏང་དགོས། གསར་བྱུང་གི་ཞིང་ལས་གཉེར་མཁན་ཧུར་ཐག་སྒོས་གསོ་སྐྱོང་བྱས་ཏེ། ཞིང་ཁྱིམ་ཆུང་བ་དང་དེང་རབས་ཞིང་ལས་གོང་སྤེལ་གཉིས་ཕན་ཡོད་སྒོས་ཟུང་དུ་སྦྲེལ་བར་ཡར་སྐུལ་བྱེད་པ་དང། གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལག་ཤེས་སྒྱུ་རྩལ་ཐོན་རྫས་དང་ལྗང་མདོག་གི་ཞིང་ཕྱུགས་ལས་ཐོན་རྫས་སོགས་ཁྱད་ལྡན་གྱི་ཐོན་རྫས་སྔོག་འདོན་དང། “མཉམ་འབྲེལ་དྲ་རྒྱ+དེང་རབས་ཞིང་ལས”ལ་སྐུལ་འདེད་བྱས་ནས“མཉམ་འབྲེལ་དྲ་རྒྱ+”ལ་བརྟེན་ནས་ཁྱད་ལྡན་ཚོང་ཁང་དང་མུ་འབྲེལ་ཚོང་ཁང་གཉེར་བར་སྐུལ་དགོས།

(གསུམ།) སྦགས་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་གཡུལ་འཐབ་ལེགས་པོར་བརྒྱབ་སྟེ། སྐྱེ་ཁམས་ཐོན་རྫས་སྤུས་ལེགས་སྔར་ལས་མང་པོ་འདོན་སྤྲོད་བྱ་དགོས།

སྦགས་བཙོག་འགོག་བཅོས་ཀྱི་ཆེད་དམིགས་འགུལ་སྐྱོད་ལ་བསྟུད་མར་སྐུལ་འདེད་བྱ་དགོས། “ཏང་སྲིད་ཀྱི་འགན་འཁྲི་གཅིག་འདྲ་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས”དོན་འཁྱོལ་བཟང་པོ་བྱས་ཏེ། འགན་འཁྲིར་དཔྱད་ཞིབ་དང་འདྲི་རྩད་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། ཀྲུང་དབྱང་གི་ཁོར་སྲུང་ལྟ་བཤེར་ཚན་སྐོར་གྱིས་ཕྱིར་ལྡོག་པའི་གནད་དོན་དག་ཐེར་བྱ་བར་ཏན་ཏན་ཏིག་ཏིག་གིས་སྐུལ་འདེད་བཏང་ནས། ལེགས་བཅོས་བྱ་བ་སྟོང་བཤད་མིན་པ་དང་ཟུར་ལྷག་མི་བསྐྱུར་བར་ཁག་ཐེག་བྱ་དགོས། ཀྲུང་དབྱང་གི་ཁོར་སྲུང་ལྟ་བཤེར་ཚན་སྐོར་གྱིས་ཕྱིར་ལྡོག་པའི་གནད་དོན་ཆེན་པོ་རིགས་གསུམ་གྱི་དོན་ཚན11དང་བྱེ་བྲག་གི་གནད་དོན52དང། བསམ་འཆར་དང་གྲོས་གཞི་དོན་ཚན14ལ་གནད་འཁེལ་སྒོས་ཞིབ་བསྡུར་བྱས་ཏེ། “ཨང་ཐོ་སུབ་པ”ལྟར་དོ་དམ་དང་རེ་རེ་བཞིན་དུ་རྩིས་ཐོ་འཛུགས་པ་དང། ཚིགས་གནད་ཀྱི་བླང་བྱ་ལྟར་དག་ཐེར་བྱ་བ་ཡོངས་འགྲུབ་བྱ་དགོས། ཡུལ་བབ་དང་བསྟུན་ནས་ཡུན་ཕན་རྐྱེན་སྲོལ་འཛུགས་པ་དང། རྩ་བཅོས་ཐབས་ཇུས་སྒོ་ཀུན་ནས་དངོས་འབེབ་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་བ་ཁྱོན་ཡོངས་ནས་ཁྲིམས་ལུགས་ཅན་དང་ལམ་ལུགས་ཅན་གྱི་ལམ་དུ་འགྲོ་བར་སྐུལ་འདེད་གཏང་དགོས། མཁའ་དབུགས་སྦགས་བཙོག་འགོག་བཅོས་བྱེད་ཐབས་ཤུགས་དྲག་ཏུ་བཏང་ནས། ས་རྡུལ་ཕྱོགས་བསྡུས་བཅོས་སྐྱོང་བྱས་པའི་ཕན་འབྲས་བརྟན་སྲུང་བྱེད་ཅིང། གྲོང་ཁྱེར་གྱི་ཨར་ལས་སྐྲུན་ས་ཆེ་གྲས་ལ་ཆུ་གཏོར་ནས་ས་རྡུལ་གནོན་པ་དང། ཁུལ་དྲུག་གི་གཅིག་བསྡུས་དྲོད་སྐྱེལ་གྱི་རྡོ་སོལ་སྦར་བའི་ཁྲོ་སླང་གི་མུ་སི་སེལ་བའི་སྒྱུར་བཀོད་ལ་སྐུལ་འདེད་བྱས་ཏེ་གནམ་སྔོན་པོར་སྲུང་སྐྱོང་གི་གཡུལ་ལས་རྒྱལ་དགོས། ཆུའི་སྦགས་བཙོག་སྔོན་འགོག་བྱེད་ཐབས་དོན་ཚན62དོན་འཁྱོལ་བཟང་པོ་བྱས་ཏེ། བཟོ་ལས་གླིང་ཁུལ་དང་བཟོ་ལས་རུབ་བསྡུས་ཁུལ་གྱི་བཙོག་ཆུ་ཕྱོགས་བསྡུས་དྭངས་བཟོའི་སྒྲིག་ཆས་གཙོ་བོ་འཛུགས་སྐྲུན་བྱེད་པ་དང། བྱ་ཕྱུགས་གསོ་སྤེལ་བཀག་འགོག་ཁུལ་དང་ཚད་བཀག་ཁུལ་གྱི་ལམ་ལུགས་དོན་འཁྱོལ་བྱས་ཐོག རོང་འབྲོག་ཁུལ་གྱི་ཐར་ཐོར་དུ་གནས་པའི་འཚོ་བའི་བཙོག་ཆུ་བསྡུ་རུབ་དྭངས་བཟོའི་སྒྲིག་ཆས་འཛུགས་སྐྲུན་བྱ་དགོས། ས་གཤིན་སྦགས་བཙོག་སྔོན་འགོག་བྱེད་ཐབས་དོན་ཚན51དོན་འཁྱོལ་བྱས་ཏེ། ཀེའི་ཡིས་སྦགས་བཙོག་ཐེབས་ས་བསྐྱར་གསོ་བཅོས་སྐྱོང་དང། ཀན་ཧོ་དང་ན་གོར་མོ་ས་ཁུལ་དུ་ལྕི་བའི་ལྕགས་རིགས་ཀྱིས་སྦགས་བཙོག་བཟོ་བ་སྔོན་འགོག་ལས་གཞི་ལག་བསྟར་བྱ་དགོས་ཤིང། ས་གཤིན་སྦགས་བཙོག་བཟོ་མཁན་གཙོ་གནད་ལས་རིགས་ཀྱི་བཀོལ་སར་སྦགས་བཙོག་བཟོས་པའི་གནས་ཚུལ་ལ་བརྟག་དཔྱད་བྱ་དགོས། གྲོང་ཁྱེར་གྱི་འཚོ་བའི་གད་རྙིགས་བཙན་གྱིས་རིགས་དབྱེ་འབྱེད་པའི་ཚོད་ལྟ་ལ་སྐུལ་འདེད་བྱ་དགོས། བཟོ་ལས་ཀྱི་ནུས་སྲི་དང་ལྗང་མདོག་ཚད་ལྡན་ཅན་དུ་སྒྱུར་བའི་འགུལ་སྐྱོད་སྤེལ་ཏེ། བཟོ་ལས་དང་ཁེ་ལས་ཀྱི་ནུས་ཕྱོད“སྣེ་ཁྲིད་པའི”ལམ་ལུགས་དོན་འཁྱོལ་བྱེད་པ་དང། ནུས་སྲི་སྙིགས་འཕྲི་བྱེད་ཚད་རྒྱལ་ཁབ་ཀྱིས་གཏན་ལ་ཕབ་པའི་དམིགས་ཚད་ནང་ཚོད་འཛིན་བྱ་དགོས།

སྐྱེ་ཁམས་དཔལ་ཡོན་གྱི་སྒྲིག་སྲོལ་མགྱོགས་མྱུར་ངང་བཅོས་སྒྱུར་བྱ་དགོས། རྩོལ་ནུས་ཁུལ་གཙོ་བོ་དང་ཆ་འགྲིག་པའི་ནོར་སྲིད་དང་ཐོན་ལས། དངུལ་གཏོང། མི་གྲངས་འཁོར་སྐྱོད་སོགས་ཀྱི་སྲིད་ཇུས་དམ་འཛིན་སྒོས་འཐུས་ཚང་དུ་གཏོང་བ་དང། བཀག་སྡོམ་དང་ཚད་བཀག་གི་གསར་སྤེལ་ཁུལ་དུ་འཇུག་འཐུས་ཀྱི་དོན་ཚན་དག་སྔར་བས་ངེས་གསལ་བྱ་དགོས་ཤིང། རྫོང་ཁོངས་ཀྱི“ཁུལ་གསུམ་ཐིག་གསུམ”གྱི་བར་སྟོང་སྒྲིག་གཞི་ཚན་རིག་ལྟར་དབྱེ་འབྱེད་གཏན་འབེབས་བྱེད་པ་དང། སྐྱེ་ཁམས་རྩོལ་ནུས་ཁུལ་གཙོ་བོར་དཔྱད་ཞིབ་ཀྱི་སྲིད་ཇུས་ལེགས་སྒྱུར་བྱ་དགོས། རྒྱལ་དབང་རང་བྱུང་ཐོན་ཁུངས་རྒྱུ་ནོར་དོ་དམ་དང་སྐྱེ་ཁམས་ཁོར་ཡུག་ལ་ལྟ་སྐུལ་དོ་དམ། རང་བྱུང་སྐྱེ་ཁམས་བར་སྟོང་གི་སྤྱོད་སྒོ་ཚོད་འཛིན། སྐྱེ་ཁམས་ཁ་གསབ་སྟེར་བ་སོགས་སྐྱེ་ཁམས་དཔལ་ཡོན་གྱི་སྒྲིག་སྲོལ་བཅོས་སྒྱུར་དོན་འཁྱོལ་དང་ཟབ་སྤེལ་བྱ་དགོས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་གྲུབ་འབྲས་བརྟན་སྲུང་དང། གཙང་གསུམ་འབྱུང་ཡུལ་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་དོ་དམ་སྒྲིག་སྲོལ་བཅོས་སྒྱུར་ཚོད་ལྟ་བྱ་དགོས། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་བྱ་བའི་སྒྲིག་གཞི་གཅིག་གྱུར་འཆར་འགོད་ཀྱིས་སྐྲུན་པ་དང། ལག་བསྟར་འཆར་གཞི་དང་སྤྱིའི་འཆར་འགོད། ཆེད་དོན་འཆར་འགོད་བཅས་ཕྱིར་འདོན་དགོས། ཨ་ཆེན་གངས་རྒྱབ་རང་བྱུང་ཤུལ་གནས་ཀྱི་འབྲེལ་ཡོད་ཀྱི་འཆར་འགོད་གཏན་འབེབས་བྱ་དགོས། རྒྱལ་ཁབ་སྤྱི་གླིང་དང་ས་གནས་སྲིད་གཞུང་གི་བྱ་བའི་འབྲེལ་བར་མཐུན་སྦྱོར་ལེགས་པོ་བྱ་དགོས།  ཆུ་དཔོན་ལམ་ལུགས་དོན་འཁྱོལ་བཟང་པོ་བྱས་པའི་རྨང་གཞིའི་སྟེང་མཚོ་དཔོན་ལམ་ལུགས་ལག་བསྟར་བྱས་ཏེ། ཆུ་བོ(མཚོ)གཅིག་ལ་སྲིད་ཇུས་གཅིག་ལྟར་ཆུ་ཁོངས་ཀྱི་བར་སྟོང་ལ་དོ་དམ་དང་ཚོད་འཛིན་གཟབ་ནན་བྱ་དགོས། ཁོར་སྲུང་ལས་ཁུངས་ཀྱིས་ལྟ་ཞིབ་ཚད་ལེན་དང་ལྟ་སྐུལ་ཁྲིམས་འཛིན་བྱ་བར་ཐད་ཀར་དོ་དམ་གྱི་ལམ་ལུགས་སུ་བཅོས་སྒྱུར་བྱ་དགོས། རྙིགས་འདོར་དབང་ཆ་ཉོ་ཚོང་དང་ཁོར་ཡུག་སྦགས་བཙོག་གི་འགན་འཁྲི་འགན་བཅོལ་རྒྱུན་རྣམ་ཅན་དུ་སྤེལ་དགོས་ལ། ཁོར་སྲུང་ཡིད་རྟོན་དཔྱད་འཇོག་དང་ཆ་འཕྲིན་བཙན་གྱིས་ཁྲོམ་བསྒྲགས་བྱེད་པ་སོགས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏང་དགོས།

སྐྱེ་ཁམས་རྩོལ་ནུས་མཐོར་འདེགས་འགུལ་སྐྱོད་ལག་ལེན་དུ་བསྟར་དགོས། “དུམ་ཁག་ཆེན་པོ་ལྔའི”སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོ་ལ་སྐུལ་འདེད་བྱས་ཏེ། གཙང་གསུམ་འབྱུང་ཡུལ་གྱི་ལས་གྲྭ་སྐབས་གཉིས་པ་དང་མདོ་ལ་རི་བོའི་རི་ཆུ་ནགས་གསུམ་དང་ཞིང་མཚེའུ་རྩྭ། མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོང་སོགས་ས་ཁོངས་བཟོ་སྐྲུན་ལེགས་པོར་འཛིན་པ་དང། མཐོ་སྒང་གི་བརླན་ས་སྲུང་སྐྱོང་དང་བྱེ་མར་འགྱུར་བར་འགོག་བཅོས། རྨོ་བསྐྱུར་ནགས་འཛུགས་རྩྭ་སྐྱོང་སོགས་ཆེད་དོན་ལག་བསྟར་བྱས་ཏེ། ཟི་ལིང་སྐྱེ་ཁམས་ནགས་ཚལ་སྤྱི་གླིང་འཛུགས་སྐྲུན་དམ་པོར་འཛིན་པ་དང། གཙང་གསུམ་འབྱུང་ཡུལ་གྱི་འཆར་འགོད་སྐབས་གསུམ་པའི་དུས་མགོའི་བྱ་བར་ཞིབ་འཇུག་བྱ་དགོས། རྒྱལ་དབང་ས་ཁོངས་ལྗང་སྒྱུར་གྱི་འགྲོས་ཇེ་མགྱོགས་སུ་གཏོང་བའི་ལོ་གསུམ་འགུལ་སྐྱོད་འཆར་གཞིར་སྐུལ་འདེད་བཏང་ནས། ནགས་འཛུགས་ལྗང་སྒྱུར་དང་གྲོང་ཁྱེར་དང་གྲོང་གསེབ་ལྗང་སྒྱུར་མཛེས་བཟོ་སོགས་ཀྱི་གནད་སའི་བྱ་བ་ལེགས་པོར་བཟུང་སྟེ། ནགས་འཛུགས་ས་མུའུ་ཁྲི400ཡན་གསར་འཛུགས་བྱ་དགོས། སྐོར་གསར་བའི་རྩྭ་ས་སྲུང་སྐྱོང་གི་བྱ་དགའ་དང་ཁ་གསབ་དོན་འཁྱོལ་ལེགས་པོ་བྱས་ཏེ། ལས་ཕྱོད་དོ་དམ་ཤུགས་དྲག་ཏུ་གཏང་དགོས། རྨོ་ཞིང་དང་རྩྭ་ཐང། ནགས་ཚལ། ཆུ་རྒྱུན། མཚེའུ་བཅས་ཀྱི་སོར་ཆུད་སྐྱེ་འཕེལ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང། རྨོ་བསྐྱུར་རེས་འདེབས་དང་ཁུལ་བགོས་རེས་འཚོ་དམ་འཛིན་བྱས་ཏེ། སྐྱེ་ཁམས་ཁྱམས་ལམ་དང་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོང་དྲ་རྒྱ་འཛུགས་སྐྲུན་བྱ་དགོས། ཞིང་ཆེན་ཡོངས་སུ་ཁེབས་པའི“གནམ་ས་གཞི་གཅིག་ཅན”གྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་བྱེད་པའི་དཔྱད་དཔོག་སྔོན་ཚུད་ཉེན་བརྡའི་མ་ལག་གསར་འཛུགས་བྱ་དགོས།

(བཞི།)གནད་འཁེལ་དབུལ་སྒྲོལ་གྱི་མཁྲེགས་གཏོར་གཡུལ་འཐབ་ལེགས་པོར་བརྒྱབ་སྟེ། དབུལ་སྒྲོལ་གྱི་གྲུབ་འབྲས་རྒྱུན་མ་ཆད་པར་བརྟན་སྲུང་བྱ་དགོས།

གནད་འཁེལ་དབུལ་སྒྲོལ་གྱི་དམིགས་འབེན་ལས་འགན་འགྲུབ་པར་ཁག་ཐེག་བྱ་དགོས། མ་དངུལ་རིགས་སྣ་ཚོགས་རུབ་བསྡུ་བྱས་ནས་སྒོར་དུང་ཕྱུར126བཏང་སྟེ། “1+8+10+6”ཞེས་པའི་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་པར་སྐུལ་འདེད་དང། ལོ་འདིའི་ནང་དབུལ་ཕོངས་རྫོང12ཀྱི་དབུལ་ཕོངས་ཞྭ་མོ་ཕུད་པ་དང་དབུལ་ཕོངས་སྡེ་བ500ཕྱིར་འབུད་པ། དབུལ་ཕོངས་མི་གྲངས་ཁྲི15གཏན་འཇགས་ངང་དབུལ་ཕོངས་ལས་ཐར་བར་ཁག་ཐེག་བྱ་དགོས། དབུལ་ཕོངས་མི་གྲངས་ཀྱི་ནང་གནས་སྟོབས་ཤུགས་སྐུལ་སློང་བྱེད་པར་མཐོང་ཆེན་དང། “གནས་གསུམ་གཞི་གཅིག”གི་ཐོན་ལས་དབུལ་སྐྱོར་རྣམ་པ་འཐུས་ཚང་དུ་བཏང་སྟེ། དབུལ་སྐྱོར་ཐོན་ལས་གླིང་དང་ཁྱིམ་འབེབ་ཐོན་ལས་རོགས་སྐྱོར་གྱི་ལས་གཞི་དམ་པོར་འཛིན་དགོས། ཁྱིམ་ཚང9631གནས་སྤོ་དབུལ་སྐྱོར་བྱེད་པ་ལག་བསྟར་དང། རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་འགྲིག་འཐུས་ཚང་དུ་གཏོང་བ། རྗེས་གྲབས་ཐོན་ལས་འཆར་འགོད་བྱས་ཏེ། “ལྔ་ཚན་བཅུ་གསུམ་པའི”གནས་སྤོ་དབུལ་སྐྱོར་ལས་འགན་ཁྱོན་ཡོངས་ནས་ལེགས་འགྲུབ་བྱ་དགོས། ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་ལས་དང། “ལག་གདང་སྦྲེལ་ནས་འབྱོར་འབྲིང་ལམ་དུ་བསྐྱོད་པ”། “ཁེ་ལས་བརྒྱ་ཡིས་སྡེ་བ་བརྒྱ་ལ་འབྲེལ་བ”སོགས་ཀྱི་གནད་འཁེལ་དབུལ་སྐྱོར་གྱི་འགུལ་སྐྱོད་ལག་བསྟར་བཟང་བོ་བྱ་དགོས། རིག་སྟོབས་དབུལ་སྐྱོར་དང་ལག་རྩལ་དབུལ་སྐྱོར་འབུར་དུ་དོད་དེ། ཁ་ལོ་བ་དང་གསོ་སྤེལ་སོགས་དངོས་སྤྱོད་རང་བཞིན་གྱི་ལག་རྩལ་གསོ་སྦྱོང་སྤེལ་ཏེ། དབུལ་ཕོངས་མི་གྲངས་ཀྱི་ངལ་རྩོལ་རྩལ་ནུས་ཇེ་ཆེར་གཏང་དགོས། བས་མཐའི་དབུལ་ཕོངས་མི་གྲངས་ཀྱི་ཕྱུག་འགྱུར་གནད་དོན་གཅིག་གྱུར་སྒོས་ཐག་གཅོད་གང་ལེགས་བྱ་དགོས། དབུལ་ཞྭ་ཕུད་པའི་རྫོང་དང་ཕྱིར་འབུད་པའི་སྡེ་བ། དབུལ་ཐར་ཁྱིམ་ཚང་བཅས་ལ་རིགས་བཀར་ནས་རོགས་སྐྱོར་བྱས་ཏེ། དུས་སྐབས་ངེས་ཅན་ཞིག་གི་ནང་དུ་ད་ཡོད་དབུལ་སྐྱོར་སྲིད་ཇུས་མི་འགྱུར་བ་དང་ནུས་ཤུགས་མི་འཕྲི་པར་རྒྱུན་འཁྱོངས་དང། བསྟུད་མར་ཆ་རྐྱེན་ལེགས་བཅོས་བྱས་ཏེ་ཡུན་རིང་གི་འཕེལ་རྒྱས་ལ་སྐུལ་འདེད་བྱ་དགོས།

ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་འགག་གཏོར་ལ་ཏན་ཏིག་གིས་སྐུལ་འདེད་བྱ་དགོས། ལོ་གསུམ་གྱི་འགུལ་སྐྱོད་འཆར་གཞི་དོན་འཁྱོལ་བྱས་ཏེ། “གསར་འཕར་གསུམ”གྱི་བླང་བྱ་ལྟར་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ལས་གཞིའི་མ་དངུལ་སྔོན་ལ་བཀོད་སྒྲིག་བྱ་དགོས། ཤིན་ཏུ་དབུལ་བའི་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་གལ་ཆེན་གྱི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་སྟེ། དབུལ་སྒྲོལ་ལ་སྐུལ་ཁྲིད་ཀྱི་གྲུབ་འབྲས་མངོན་གསལ་ཡིན་པའི་ལམ་དང་ཆུ། གློག་དང་ཆ་འཕྲིན་ལས་གྲྭ་ཁག་ཅིག་ལ་གོ་རིམ་ཡོད་པའི་སྒོ་ནས་སྐུལ་འདེད་བྱ་དགོས། འོད་ཝོལ་དང་གློག་རྡུལ་ཚོང་ཁང། གྲོང་གསེབ་ཡུལ་སྐོར་སོགས་ཀྱི་ལས་གཞིར་གཟིགས་སྐྱོང་བྱེད་ཤུགས་ཆེ་རུ་གཏང་དགོས། དབུལ་ཕོངས་ཁྱིམ་ཚང་གི་སྡོད་ཁང་བདེ་འཇགས་ཞིབ་བཤེར་བྱས་ཏེ། ཉེན་ཁང་སྒྱུར་བཀོད་ཐད་ཁ་གསབ་རོགས་དངུལ་སྟེར་བའི་ཚད་གཞི་ཇེ་མཐོར་བཏང་ཐོག རིམ་གྲས་བགོས་ནས་གཅིག་གྱུར་གྱིས་ལག་བསྟར་བྱ་དགོས། དབུལ་ཕོངས་ཁྱིམ་ཚང་གི་བུ་དང་བུ་མོ་ལས་རིགས་སློབ་གྲྭ་དང་མཐོ་རིམ་སློབ་གླིང་འགྲིམ་པའི་སློབ་ཡོན་རོགས་སྐྱོར་ཚད་གཞི་ཇེ་མཐོར་གཏང་དགོས། བདེ་ཐང་དབུལ་སྐྱོར་བྱེད་ཐབས་དོན་འཁྱོལ་བྱེད་པ་དང། གཉེན་མ་སྒྲིག་པའི་ན་གཞོན་ལོ་ན་ཆེ་གྲས་དང་ཕའམ་མ་ལས་མེད་པའི་དབུལ་ཕོངས་ཁྱིམ་ཚང་གི་གཏན་འཇགས་དབུལ་སྒྲོལ་གནད་དོན་ཐག་གཅོད་པར་མཐོང་ཆེན་བྱ་དགོས། ཤིན་ཏུ་དབུལ་ཕོངས་ཡིན་པའི་ས་ཁུལ་གྱི་དབུལ་ཕོངས་མ་ཡིན་པའི་སྡེ་བར་རོགས་སྐྱོར་དང། ཧྲུའུ་ཅི་དང་པོ་མངག་སྡོད་དང་ལས་བྱེད་པས་དབུལ་ཕོངས་ཁྱིམ་ཚང་དང་ཆ་བསྒྲིགས་ནས་དབུལ་སྐྱོར་བྱ་བ་ཡོངས་སུ་ཁེབས་པར་བྱ་དགོས།

དབུལ་སྐྱོར་བྱ་བའི་འགན་འཁྲི་ཏན་ཏིག་གིས་བསྒྲུབ་དགོས། སྦྲེལ་མཐུད་དུས་རིམ་གྱི་དམིགས་འབེན་ལ་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ། ད་ལྟ་ལག་བསྟར་བྱེད་བཞིན་པའི་ཚད་གཞི་འོག་གི་དབུལ་ཐར་སྤུས་ཚད་ཁག་ཐེག་བྱས་ནས། ཚད་གཞི་ཇེ་དམའ་རུ་མི་གཏོང་ལ། རེ་བ་ཇེ་མཐོར་ཡང་མི་གཏོང་བར་དོན་དངོས་དང་ཁ་བྲལ་ནས་གང་བྱུང་དུ་སྔོན་ལ་དབུལ་ཐར་གྱི་འཆར་གཞི་མི་འགོད་པ་དང། དངོས་ཐོག་བདེན་འཚོལ་སྒོས་ལེགས་སྒྲིག་དང་མགྱོགས་མྱུར་བརྟན་བརླིང་སྒོས་སྐུལ་འདེད་བྱ་དགོས། བྱ་བའི་རྨང་གཞི་བརྟན་པོར་བཏང་སྟེ་གཞི་གྲངས་ཞིབ་བསྡུར་ལེགས་པོ་དང་ཆ་འཕྲིན་གཞི་གྲངས་ལ་ཞིབ་བཤེར་བྱས་ནས། དབུལ་སྐྱོར་རྩིས་ཐོ་དང་ཡིག་ཚགས་ཐོ་བཟོའི་ཆ་འཕྲིན་ཕན་ཚུན་སྦྲེལ་མཐུད་དང་ཁུངས་འདེད་བྱ་ཆོག་པ་བྱ་དགོས། ཞིང་ཆེན་ནང་ཁུལ་གྱི་དཔྱད་ཞིབ་དཔྱད་དཔོག་བྱ་བ་དམ་འཛིན་ནན་མོ་བྱེད་པའི་རྨང་གཞིའི་སྟེང། རྒྱལ་ཁབ་ཀྱི་ལོ་འཁོར་དཔྱད་ཞིབ་ལ་མཉམ་འབྲེལ་ལེགས་པོ་དང་རང་བཤེར་ནན་མོ་བྱས་ཏེ། ལེགས་བཅོས་གྱི་གནད་དོན་དང་ཡུན་ཚད། བྱེད་ཐབས་གཙང་བཤེར་བྱས་ཐོག རྩིས་ཐོ་བཙུགས་ནས་ཆད་པ་ཁ་གསབ་བྱ་དགོས། ཉི་འོད་དབུལ་སྐྱོར་དང་སྤྱོད་གཙང་དབུལ་སྐྱོར་ལ་སྐུལ་འདེད་དང། དབུལ་སྐྱོར་ཁྱབ་ཁོངས་ཀྱི་ཀུན་སྤྱོད་ཆེད་དམིགས་བཅོས་སྐྱོང་བྱས་ཏེ། གཙོ་བོ“དབུལ་ཐར་རྫུན་མ”དང“དབུལ་ཐར་དུ་བརྩི་བ”། “གྲངས་ཀའི་དབུལ་ཐར”སོགས་ཀྱི་གནད་དོན་བཅོས་སྐྱོང་དང། ཧམ་ཟ་གཞན་སྤྱོད་དང་ལྐོག་བགོས་བཅད་ཉར། གཉེན་སྐྱོང་གྲོགས་བརྩི། རྫུན་ཞུ་གཡོ་ལེན་སོགས་རུལ་སུངས་ཀྱི་བྱ་སྤྱོད་ལ་མྱུར་མོར་ཐག་གཅོད་ནན་མོ་བྱ་དགོས།

(ལྔ།)རྒྱུན་འཁྱོངས་ལྷོད་མེད་སྒོས་གནད་འཁེལ་སྲིད་ཇུས་ལག་བསྟར་བྱས་ཏེ། དམངས་འཚོ་འགན་སྲུང་དང་ལེགས་བཅོས་ཀྱི་ཆུ་ཚད་ཇེ་མཐོར་གཏང་དགོས།

དམངས་འཚོའི་ལས་གཞི་ལས་གྲྭ་ལེགས་པོར་བསྐྲུན་དགོས། བྱིས་པར་སྐྱོང་མཁན་ཡོད་པ་དང་བསླབ་པར་ཁྲིད་མཁན་ཡོད་པ། ངལ་རྩོལ་ལ་ཐོབ་ཆ་ཡོད་པ། ནད་པར་སྨན་པ་ཡོད་པ། རྒས་ན་གསོ་མཁན་ཡོད་པ། སྡོད་པར་ཁང་པ་ཡོད་པ། གཉོམ་ཆུང་ལ་རོགས་སྐྱོར་ཡོད་པ་བཅས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སོགས་ཕྱོགས་བརྒྱད་གཙོ་གནད་དུ་བཟུང་སྟེ། ཉི་འོད་གསོ་སྐྱོང་དང་སློབ་གསོས་རྨང་འདིང། དམངས་ཡོངས་བདེ་ཐང། རྒན་གསོ་བདེ་སྐྱིད། གཉོམ་སྐྱོང་དབུལ་སྐྱོར། མཛེས་པའི་ཁྱིམ་གཞིས་སོགས་དམངས་འཚོའི་ལས་གྲྭ་ལག་བསྟར་བྱ་དགོས། སློབ་གསོའི་སྤྱི་ཡོངས་བཀོད་སྒྲིག་ལེགས་སྒྱུར་བྱས་ཏེ། བྱིས་སྐྱོང་ཁང72དང་འོས་འགན་སློབ་གསོའི་སློབ་གྲྭ80འཛུགས་སྐྲུན་བྱ་དགོས། འོས་འགན་སློབ་གསོའི་སློབ་བྱོལ་ཚོད་འཛིན་དང་སློབ་ཞུགས་ཁག་ཐེག་བྱ་བར་ཤུགས་བསྣན་ཏེ། འོས་འགན་སློབ་གསོ་དོ་མཉམ་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་དང། ལོ15རིང་གི་རིན་མེད་སློབ་གསོ་གོ་རིམ་ཡོད་པའི་སྒོ་ནས་དོན་འཁྱོལ། མཐོ་འབྲིང་དུས་རིམ་གྱི་སློབ་གསོའི་སློབ་ཞུགས་ཚད་མཐོར་འདེགས། ལས་རིགས་སློབ་གསོའི“གཙོ་བོ་གཅིག་དང་ཕལ་བ་ལྔའི”སྲིད་ཇུས་མ་ལག་བཙུགས་ཏེ། མཐོ་རིམ་སློབ་གསོས་དཔལ་འབྱོར་སྤྱི་ཚོགས་ཀྱི་གོང་སྤེལ་ལ་ཞབས་ཕྱི་སྒྲུབ་པའི་ཆུ་ཚད་ཇེ་མཐོར་གཏང་དགོས། བོད་དང་ཆའང། དབྱིས་རིགས་བཅས་ཀྱི་རིག་གནས་ཐོན་ལས་ཁྱམས་ལམ་དང་རྒྱལ་ཁབ་རིག་གནས་འཛད་སྤྱོད་ཚོད་ལྟ་བྱེད་པའི་གྲོང་ཁྱེར་འཛུགས་པར་ཧུར་ཐག་སྒོས་སྐུལ་འདེད་དང། སྡེ་བ་རིམ་པའི་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་ཞབས་ཕྱིའི་ལྟེ་གནས540འཛུགས་སྐྲུན་བྱ་དགོས་ཤིང། རྒྱང་སྒྲོག་བརྙན་འཕྲིན་སྡེ་བ་རེ་རེ་ནས་ཁྱིམ་ཚང་རེ་རེར་ཐོན་པའི་རིམ་སྤར་བྱ་བར་སྐུལ་འདེད་བྱ་དགོས། གསོ་སྨན་བཅོས་འཕྲོད་བསྟེན་ལམ་ལུགས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ཏེ། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་དངུལ་བསྡུ་ཚད་གཞི་དང་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཕྱིའི་ཁ་གསབ་ཚད་གཞི་མཐོར་འདེགས་དང། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཕྱིའི་མ་ལག་འཛུགས་སྐྲུན་ལ་ཤུགས་བསྣན་དགོས། ཁྱིམ་ཚང་གི་སྨན་པས་ཆིངས་ཡིག་འགོད་པའི་ཞབས་ཕྱི་ལ་སྐུལ་འདེད་དང། མཆོ་སྔོན་སློབ་ཆེན་གྱི་ཁོངས་གཏོགས་སྨན་ཁང་གི་སྒོ་བསྟེན་ཕྱོགས་བསྡུས་ཐོག་ཁང་དང་ཞིང་ཆེན་བུད་མེད་དང་བྱིས་པའི་སྨན་ཁང་གི་ཕྱོགས་བསྡུས་ཐོག་ཁང་འཛུགས་སྐྲུན་བྱ་དགོས། དམངས་ཡོངས་ཀྱི་ལུས་སྦྱོང་དང་རྒྱལ་གཅེས་འཕྲོད་བསྟེན་འགུལ་སྐྱོད་ཤུགས་ཆེན་པོས་སྤེལ་ཏེ། ཞང་དང་གྲོང་རྡལ། སྡེ་བ། སྡེ་ཁུལ1000ལ་ལུས་པོ་སྦྱོང་བརྡར་གྱི་སྒྲིག་ཆས་སྒྲིག་སྦྱོར་བྱེད་པ་དང། ཞིང་ཆེན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བདུན་པ་ལེགས་སྒྲུབ་བྱ་དགོས། དམངས་ཡོངས་འགན་བཅོལ་ནང་ཞུགས་པའི་འཆར་འགོད་ལག་བསྟར་དང། གཞི་རྩའི་རྒན་གསོའི་འགན་བཅོལ་ལམ་ལུགས་འཐུས་ཚང་དུ་གཏང་དགོས། སྤྱི་ཆོགས་ཀྱི་རོགས་སྐྱོར་དང་སྤྱི་ཚོགས་ཕན་བདེ། སྤྱི་ཕན་དགེ་ལས། གཟིགས་སྐྱོང་བཀོད་སྒྲིག་བཅས་ལེགས་འཛིན་བྱས་ཐོག ཞིང་སྡེའི་གཞིས་སྲུང་བྱིས་པ་དང་བུད་མེད་གཅེས་སྐྱོང་གི་ཞབས་ཕྱིའི་མ་ལག་འཐུས་ཚང་དུ་གཏང་དགོས། སྨན་བཅོས་དང་རྒན་གསོ་ཟུང་དུ་འབྲེལ་བར་སྐུལ་འདེད་བྱས་ཏེ། ད་ཡོད་ཀྱི་རྒན་གསོ་སྒྲིག་བཀོད་སྒྱུར་བཀོད་དང། སྡེ་ཁུལ་གྱི་ཉིན་མོའི་ལྟ་སྐྱོང་ལྟེ་གནས15དང་ཞིང་སྡེའི་བགྲེས་པོའི་གཞིས་ཁྱིམ50འཛུགས་སྐྲུན་བྱ་དགོས་ཤིང། ཟི་ལིང་གྲོང་ཁྱེར་གྱི་གཞིས་སྡོད་དང་སྡེ་ཁུལ་གྱི་རྒན་གསོ་ཞབས་ཕྱིའི་རྒྱལ་ཁབ་རིམ་པའི་ཚོད་ལྟའི་བྱ་བ་ལེགས་པོར་འཛིན་དགོས། རིན་གོང་སྙོམ་སྒྲིག་ཚོད་འཛིན་ལ་སྔར་ལས་ལེགས་བཅོས་དང་ཤུགས་བསྣན་ཏེ། “ཚོད་སླེའི”ལས་གྲྭ་ལེགས་འཛིན་དང། རང་ཐོན་སྔོ་ཚལ་འདོན་སྤྲོད་བྱེད་ཚད་ནུས་ལྡན་སྒོས་འཕར་སྣོན་བྱ་དགོས། “སྤྱོད་ཁང་གསར་བརྗེའི”ལོ་གསུམ་གྱི་འགུལ་སྐྱོད་འཆར་གཞི་གསར་བ་ལག་བསྟར་དང། ཚད་ལྡན་ཚད་གཞི་དང་མ་དངུལ་ཁ་གསབ། སྲིད་ཇུས་ཀྱིས་ཁྲིད་སྟོན་སོགས་བྱེད་ཐབས་སྣ་མང་སྤྱད་དེ། འཕྲོད་བསྟེན་སྤྱོད་ཁང་ཁག་ཅིག་གསར་འཛུགས་དང་སྒྱུར་བཀོད་བྱས་ནས། ཞིང་ཆེན་ཡོངས་ཀྱི་སྤྱོད་ཁང་གི་གྲངས་ཚད་འདང་ངེས་དང་འགྲེམ་ཚུལ་ལུགས་མཐུན། བྱེད་ནུས་གོ་ཆོད། དོ་དམ་ནུས་ལྡན། ཁོར་སྲུང་འཕྲོད་བསྟེན། གཙང་སྤྱོད་དཔལ་ཡོན་བཅས་ཡོང་བར་རིམ་གྱིས་མངོན་འགྱུར་བྱ་དགོས།

སྡོད་ཁང་ལམ་ལུགས་བཅོས་སྒྱུར་དང་ཡུན་ཕན་རྐྱེན་སྲོལ་གང་མགྱོགས་ཀྱིས་འཛུགས་དགོས། “ཁང་བ་ནི་འཚོ་སྡོད་བྱེད་ས་ཡིན་པ་ལས་དངུལ་ལོར་བརྗེ་བྱེད་མིན”པའི་གནས་ངེས་པ་ལྟར་མང་ཚོགས་ཀྱི་བདེ་སྡོད་བཟོ་སྐྲུན་དམ་འཛིན་བྱས་ཏེ། གཉེར་མཁན་མང་པོས་འདོན་སྤྲོད་དང་ཐབས་ལམ་མང་པོ་ནས་འགན་སྲུང། གླ་གཏོང་དང་ཉོ་སྒྲུབ་མཉམ་སྤེལ་གྱི་སྡོད་ཁང་ལམ་ལུགས་གང་མགྱོགས་ཀྱིས་འཛུགས་དགོས། ཁང་ས་ཐོན་ལས་ཀྱི་ས་སྤྱོད་འདོན་སྤྲོད་མཚམས་ཚིགས་དང་བཀོད་སྒྲིག གཞི་ཁྱོན་བཅས་ཚན་རིག་ལྟར་ལེགས་སྒྲིག་བྱས་ནས། སྡོད་ཁང་འདོན་སྤྲོད་ལེགས་སྒྱུར་དང་སྡོད་ཁང་གི་ཕན་ཡོད་དགོས་མཁོ་ཇེ་ཆེར་གཏང་དགོས། སྡོད་ཁང་བོགས་མར་གཏོང་ལེན་ཁྲོམ་ར་དང་ལྷག་པར་དུ་ཡུན་རིང་གླ་གཏོང་ཤུགས་ཆེན་པོས་གོང་དུ་སྤེལ་ཏེ། ཞིང་ཆེན་ནམ་གྲོང་ཁྱེར། ཁུལ། རྫོང་བཅས་རིམ་པ་གསུམ་གྱི་དྲ་སྦྲེལ་བའི་སྡོད་ཁང་གླ་འཚོང་གི་སྤྱི་པའི་ཞབས་ཕྱི་ལས་སྟེགས་འཛུགས་དགོས། ཁང་ས་ཐོན་ལས་ཁེ་ལས་ཀྱིས་སྡོད་ཁང་གླ་གཏོང་ལ་སྐུལ་མ་བཏང་སྟེ། ཆེད་ལས་ཅན་དང་སྒྲིག་གཞི་ཅན་གྱི་སྡོད་ཁང་གླ་གཏོང་གི་ཁེ་ལས་གོང་དུ་འཕེལ་བར་རྒྱབ་སྐྱོར་བྱ་དགོས། ལོ་གསུམ་གྱི་སྤྱིལ་ཁྱིམ་ཁུལ་སྒྱུར་བཀོད་བྱེད་པའི་འཆར་གཞི་དོན་འཁྱོལ་དང། འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་ལ་སྐུལ་འདེད་བྱས་ཏེ། མཁར་གྲོང་གི་སྤྱིལ་ཁྱིམ་ཁུལ་གྱི་ཁྱིམ་ཚང་ཁྲི3.05ཡི་ཁང་པ་སྒྱུར་བཀོད་དང་ཁྱིམ་ཚང་ཁྲི2ལ་ཕྱོགས་བསྡུས་སྒྱུར་བཀོད། རོང་འབྲོག་པའི་ཁང་རྙིང་དང་ཉེན་ཁང་ཁྲི6སྒྱུར་བཀོད་བཅས་བྱ་བ་ལག་བསྟར་དང། གྲོང་ཁྱེར་དོ་དམ་ལས་དོན་དང་སྤྱི་པའི་ཞབས་ཕྱིའི་སྒྲིག་བཀོད་ཆ་འགྲིག་འཐུས་ཚང་དུ་གཏང་དགོས།

ལས་ཞུགས་སྤུས་ཚད་དང་ཡོང་སྒོའི་ཆུ་ཚད་ཇེ་མཐོར་གཏང་དགོས། ལས་ཞུགས་ཀྱི་ཡོང་སྒོ་འཕར་སྣོན་ལས་གྲྭ་ལག་བསྟར་དང་ཕྱོགས་ཡོངས་ནས་སྤྱི་པའི་ལས་ཞུགས་ཞབས་ཕྱི་འདོན་སྤྲོད་བྱས་ནས། སློབ་ཆེན་གྱི་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་སྐྲུན་གྱི་སྐུལ་འདེད་འཆར་གཞི་དང་སློབ་གྲྭ་ནས་ཐོན་ཏེ་ལས་ཀར་ཞུགས་མེད་པའི་སློབ་མའི་ནུས་རྩལ་གསོ་སྦྱོང་བྱེད་པའི་འགུལ་སྐྱོད་ལག་བསྟར་བཟང་པོ་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ངལ་རྩོལ་པ་མི་ཁྲི8ལ་ནུས་རྩལ་གསོ་སྦྱོང་བྱེད་པ་དང། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་ལས་ཞུགས་ཀྱི་ཚད85%ཡན་དུ་བསླེབ་པར་ཁག་ཐེག་བྱ་དགོས། སྒྲིག་གཞི་རང་བཞིན་གྱི་ལས་ཞུགས་འགལ་བ་ཐག་གཅོད་རྒྱུར་དོ་སྣང་བྱས་ནས། ལས་ཞུགས་རོགས་སྐྱོར་གྱི་བྱ་འགུལ་སྣ་ཚོགས་སྤེལ་བ་དང། སྤྱི་ཕན་ལས་རྐང་སྔོག་འདོན་གྱི་ཤུགས་ཆེ་རུ་བཏང་སྟེ། མངོན་གསལ་དུ་རྒྱུགས་བླངས་ནས་མི5000བསྡུ་སྤྱོད་དང། དམག་སྒྱུར་བཀོད་སྒྲིག་བྱ་བ་ལེགས་པོར་སྒྲུབ་དགོས། “འཐེན་ཐུག་དཔལ་འབྱོར”དང“སྟོན་ཁར་སྲིང་བལ་འཐུ་བ”སོགས་ངལ་ལས་ཚོང་རྟགས་རྒྱ་ཆེར་གཏང་དགོས། ལས་ཁུངས་དང་ཁེ་ལས་དོན་ལས་སྡེ་ཚན་གྱི་གླ་ཕོགས་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ཏེ། ཁེ་ལས་ཀྱི་ལས་བཟོ་བའི་གླ་ཕོགས་ལུགས་མཐུན་གྱིས་འཕར་བར་ཁྲིད་སྟོན་བྱ་དགོས། སྡོད་དམངས་ཀྱི་ལས་གཉེར་རང་བཞིན་གྱི་ཡོང་སྒོ་དང་རྒྱུ་ནོར་རང་བཞིན་གྱི་ཡོང་སྒོའི་ཐབས་ལམ་རྒྱ་བསྐྱེད་དགོས།

སྤྱི་ཚོགས་འཆམ་མཐུན་དང་བརྟན་འཇགས་ཡོང་བར་ཁག་ཐེག་བྱ་དགོས། སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་དང། ཇུས་ཆོད་གལ་ཆེན་ལ་ཉེན་ཁའི་དཔྱད་དཔོག་ལམ་ལུགས་ལག་བསྟར་བྱས་ཏེ། འགལ་བ་དང་རྩོད་གླེང་འབྱུང་བར་ནུས་ཡོད་སྒོས་སྔོན་འགོག་དང་སྡུམ་ཐབས་བྱ་དགོས། བདེ་འཇགས་ཐོན་སྐྱེད་འགན་འཁྲི་དང་དོ་དམ་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ཏེ། ཐོན་སྐྱེད་དང་འགྲིམ་འགྲུལ། བཟོ་བཀོད། མེ་འགོག་སོགས་གནད་སའི་ཁྱབ་ཁོངས་ཀྱི་བདེ་འཇགས་བྱ་བར་ཤུགས་སྣོན་པ་དང། ཉེན་ཁ་སྔོན་བརྡའི་ལས་སྟེགས་དང་རོགས་སྐྱོབ་དཔུང་སྡེ། འགན་སྲུང་སྒྲིག་བཀོད་བཅས་འཛུགས་སྐྲུན་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། བདེ་འཇགས་ཀྱི་དོན་རྐྱེན་ཚབས་ཆེན་འབྱུང་བར་ནན་འགོག་བྱ་དགོས། ཟས་རིགས་དང་སྨན་རྫས་ཀྱི་བདེ་འཇགས་ལྟ་སྐུལ་དོ་དམ་ནུས་ཤུགས་ཆེ་རུ་བཏང་སྟེ། འབུར་ཐོན་གྱི་གནད་དོན་བཅོས་སྐྱོང་དང“ལྕེ་ཐོག་གི་བདེ་འཇགས”ཁག་ཐེག་བྱ་དགོས། གནོད་འགོག་གནོད་འཕྲི་དང་གནོད་སྐྱོབ་ཀྱི་ནུས་ཤུགས་ཇེ་དྲག་ཏུ་བཏང་སྟེ། སྔོན་འགོག་འཆར་གཞི་ཕྲ་ཞིང་ཞིབ་བར་བཟོས་ཏེ། ས་འགུལ་དང་ཁངས་ཆག དཔྱིད་ཐན། ཞོད་སྐྱོན་སོགས་གནོད་འཚེར་ནུས་ལྡན་སྒོས་གདོང་གཏད་དགོས།

(དྲུག) ཞབས་ཕྱི་ལས་རིགས་ཀྱིས་བྱས་རྗེས་བཞག་ཚད་སྔར་ལས་ཇེ་ཆེར་གཏོང་བ་དང། འཛད་སྤྱོད་ཀྱི་རྨང་གཞིའི་རང་བཞིན་གྱི་ནུས་པ་ཇེ་དྲག་ཏུ་གཏང་དགོས།

སྐྱེ་ཁམས་ཡུལ་སྐོར་གྱི་དཔེ་སྟོན་ཞིང་ཆེན་གསར་སྐྲུན་བྱ་དགོས། ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས། མྱུལ་དཔྱད་དང་ཉམས་ལེན། ཚན་རིག་རྟོག་ཞིབ། ལུས་རྩལ་སོགས་ཐོན་རྫས་རྩེ་གྲ་བཏོད་དེ། སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་དང་ལམ་ཐིག་བཟང་པོ། མཛེས་ལྗོངས་ཁྱམས་ལམ་འཛུགས་སྐྲུན་བྱ་བ་ལེགས་པོར་འཛིན་པ་དང། ཡུལ་སྐོར་ཐད་ཀྱི་མཁོ་འདོད་སྤུས་ཀ་ཇེ་ལེགས་སུ་གཏང་དགོས། མདོ་ལའི་བཙུན་མོ་དམར་ཡག་དང་ཚྭ་ཁའི་ཚྭ་མཚེའུ་སོགསA5རིམ་པའི་མཛེས་ལྗོངས་ཁུལ་གསར་འཛུགས་བྱེད་པར་སྐུལ་འདེད་གཏང་བ་དང། ཀྲུང་གོའི་རྡུལ་ཕྲན་གྲོང་ཚད་གཞི་མཐོན་པོའི་སྒོ་ནས་བསྐྲུན་དགོས། མཚོ་སྔོན་པོ་དང་ཧོར་རིགས་ཀྱི་ཕ་ས་གླིང། ཁྲི་ཀ་སོགས་མཛེས་ལྗོངས་ཁུལ་གྱི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ་དང། མཚོ་སྔོན་གྱི་དཀར་ཁུང་ལྟ་བུའི་རིག་གནས་ཡུལ་སྐོར་གྲོང་ཁྱེར་དང་ཞོན་ཧྭ་ས་ལར་རིགས་ཆུའི་གྲོང་རྡལ་འཛུགས་སྐྲུན་བྱ་དགོས། ས་ཁོངས་ཡོངས་ཀྱི་ཡུལ་སྐོར་འཆར་འགོད་སྒྲིག་བཟོ་དང། ས་ཁོངས་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ཇེ་མགྱོགས་སུ་གཏང་དགོས། ཡུལ་སྐོར་ཞབས་ཕྱིའི་སྤུས་ཚད་ཇེ་ལེགས་སུ་གཏོང་བའི་འགུལ་སྐྱོད་སྤེལ་ནས་རྩ་ལག་མཉམ་བཅོས་བྱེད་པ་དང། ཆུང་ཕྱོགས་ནས་མགོ་བཙུགས་ཏེ་གཙོ་རྒྱུའི་མཁོ་འདོན་ཕུན་སུམ་ཇེ་ཚོགས་སུ་གཏང་ནས་མཉེན་པའི་ཁོར་ཡུག་ལེགས་བཅོས་བྱ་དགོས། ཡུལ་སྐོར་ཚོགས་ཁག་ཆེ་གྲས་ནང་འདྲེན་བྱེད་པ་དང། ཚོང་ར་ཅན་དུ་སྒྱུར་བཅོས་བྱ་བར་སྐུལ་འདེད་བྱས་ནས་ཡུལ་སྐོར་ཚོང་ར་ཁྱོན་ཡོངས་ནས་སྒོ་འབྱེད་དགོས། ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་ཐོན་ལས་ཚོགས་ཆེན་གྲ་སྒྲིག་ཞིབ་ཚགས་བྱ་དགོས། ཡུལ་སྐོར་གྱི་ཡོང་འབབ་བསྡོམས་འབོར20%འཕར་བར་འཇུག་དགོས།

དེང་རབས་ཞབས་ཕྱིའི་ལས་རིགས་ཤུགས་ཡོད་རྒུས་གོང་དུ་སྤེལ་དགོས། ཞབས་ཕྱིའི་ལས་རིགས་ཀྱི་སྤུས་ཚད་ཇེ་ལེགས་སུ་གཏོང་བ་དང་ཞབས་ཕྱིའི་ལས་རིགས་ཚད་ལྡན་ཅན་དུ་བསྒྱུར་བའི་ཆེད་དོན་འགུལ་སྐྱོད་སྤེལ་བ་དང། ཞབས་ཕྱིའི་ལས་རིགས་ཕྱོགས་བསྡུས་ཀྱིས་བཅོས་སྒྱུར་ཚོད་ལྟ་བྱེད་ཐེངས་གསར་པར་སྐུལ་འདེད་བྱ་དགོས། ཟི་ལིང་སྐྱེ་དངོས་ཚན་རྩལ་ཐོན་ལས་གླིང་གི་ཞབས་ཕྱིའི་ལས་རིགས་ཀྱི་ཚོད་ལྟའི་བྱ་བར་སྐུལ་འདེད་བྱས་ཏེ། ཞབས་ཕྱིའི་ལས་རིགས་ཀྱི་ལས་རྣམ་གསར་པ་དང་བཟོ་ལས་སྒྱུར་བཀོད་རིམ་སྤར་མཉམ་བགྲོད་ཀྱི་རྣམ་པ་གསར་པ་བཏོད་ནས་ཞབས་ཕྱིའི་ལས་རིགས་དང་བཟོ་ལས་མཉམ་བསྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བྱ་དགོས། ཐོན་སྐྱེད་རང་བཞིན་གྱི་ཞབས་ཕྱིའི་ལས་རིགས་ཆེད་ལས་ཅན་དུ་འཕེལ་རྒྱས་དང་རིན་ཐང་ཕྲེང་ཐག་རིམ་མཐོའི་ཕྱོགས་སུ་བསྲིངས་ཚད་ཇེ་མགྱོགས་སུ་གཏོང་བ་དང། བཟོ་ལས་ཇུས་འགོད་དང། ནུས་ཁུངས་གྲོན་ཆུང་ཁོར་ཡུག་སྲུང་སྐྱོང་གི་ཞབས་ཕྱི། ཞིབ་བཤེར་ཞིབ་དཔྱད་ཀྱི་དཔང་ཡིག་ངོས་འཛིན། གློག་རྡུལ་ཚོང་དོན། ཚོང་རའི་གཉེར་འཚོང་སོགས་ཀྱི་ཐོན་ལས་ཤུགས་ཡོད་རྒུས་གོང་དུ་སྤེལ་དགོས། དངོས་ཟོང་འཁོར་རྒྱུག་ཞབས་ཕྱིའི་མ་ལག་གང་མགྱོགས་ཀྱིས་འཐུས་སྒོ་ཚང་བར་འཛུགས་སྐྱོང་དང། ཁྲའོ་དབྱང་དངོས་ཟོག་འཁོར་རྒྱུག་གླིང་དང་དར་གོས་ཚོང་ལམ་གྱི་རྒྱལ་སྤྱིའི་དངོས་ཟོག་འཁོར་རྒྱུག་གླིང། འཁྱགས་སྦྲེལ་དངོས་ཟོག་འཁོར་རྒྱུག་སོགས་རྣམ་གྲངས་དམ་འཛིན་ཡག་པོ་བྱས་ཏེ། འཁོར་རྒྱུག་ཁེ་ལས་དེ་མཁོ་འདོན་ཕྲེང་ཐག་ཕྱོགས་བསྡུས་ཞབས་ཕྱིའི་རིགས་ལ་བསྒྱུར་བར་ཁྲིད་སྟོན་བྱ་དགོས། བདེ་སྐྱིད་ཐོན་ལས་ཀྱི་གོང་སྤེལ་ལ་རོགས་སྐྱོར་བྱས་ནས། བདེ་ཐང་དང་རྒན་གསོ། རིག་གནས། ལུས་རྩལ། སློབ་གསོ་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ། སྤྱི་ཚོགས་མ་རྩས་མ་དངུལ་འཇོག་ཤུགས་ཆེ་རུ་གཏོང་བར་ཁྲིད་སྟོན་བྱས་ནས་སྤུས་ཚད་མཐོར་འདེགས་མུ་མཐུད་དུ་རྒྱ་བསྐྱེད་དང་མངོན་མེད་འཛད་སྤྱོད་ཀྱི་དགོས་མཁོ་གཏོང་གློད་བྱ་དགོས། འཚོ་བ་རང་བཞིན་གྱི་ཞབས་ཕྱིའི་ལས་རིགས་ཆུ་ཚད་ཤུགས་ཆེན་པོས་མཐོར་འདེགས་བྱས་ཏེ། བཟའ་བཏུང་དང་ཞག་སྡོད་ཀྱི་སྤུས་ཚད་མཐོ་རུ་གཏོང་བའི་ལས་གྲྭ་ལག་བསྟར་བྱེད་པ་དང། སྒེར་ཚལ་དང་ཁྱིམ་ཚང་མགྲོན་ཁང་སོགས་ལས་སྒོའི་རྣམ་པ་ཚད་མཐུན་ཅན་དུ་བཏང་ཐོག ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱ་བར་སྐུལ་འདེད་དང། སྐར་མ་རིམ་པའི་དོ་དམ་ལག་བསྟར་བྱ་དགོས།

འཛད་སྤྱོད་གདང་རིམ་འཕར་བར་སྐུལ་འདེད་གཏང་དགོས། འཛད་སྤྱོད་ལ་སྐུལ་འདེད་བྱ་རྒྱུའི་སྒྲིག་སྲོལ་དང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང། “འཛད་སྤྱོད་རྒྱ་བསྐྱེད་པའི་འགུལ་སྐྱོད་ཆེན་པོ་བཅུ”ལག་ལེན་དུ་བསྟར་བར་སྐུལ་འདེད་བྱས་ཏེ། འཛད་སྤྱོད་ཀྱི་འཕར་གནས་གསར་པ་རྒྱ་བསྐྱེད་དགོས། མིང་གྲགས་ཅན་གྱི་གློག་རྡུལ་ཚོང་དོན་ལས་སྟེགས་ལ་འབྲེལ་མཐུད་བྱས་ནས། ཞིང་ཆེན་ནང་གི་ཚོང་ཟོག་ཡོང་ཁུངས་རྟེན་གཞི་འཆར་འགོད་འཛུགས་སྐྲུན་དང། སིལ་ཚོང་ཁེ་ལས་གྲངས་འཛིན་ཅན་དུ་སྒྱུར་བཀོད་བྱེད་པར་རྒྱབ་སྐྱོར་བྱ་དགོས་ཤིང། གྲོང་ཁྱེར་དང་ཁུལ་རིམ་པའི་གློག་རྡུལ་ཚོང་དོན་ཞབས་ཕྱིའི་རྟེན་གཞི2དང། རྫོང་རིམ་པའི་ཞབས་ཕྱིའི་ལྟེ་གནས10། ཤང་ངམ་གྲོང་རྡལ་དང་སྡེ་བ་རིམ་པའི་ཞབས་ཕྱིའི་ས་ཚིགས200བཅས་སྐྲུན་ནས་འགྲུབ་པར་བྱས་ནས། ཞིང་ཆེན་ནང་ཁུལ་གྱི་ཐོན་རྫས་དྲ་ཐོག་ཏུ་ཕྱིར་འཚོང་གི་གྲངས་འབོར་རྒྱ་བསྐྱེད་དགོས། འཛད་སྤྱོད་དགོས་མཁོའི་འགྱུར་ཕྱོགས་གསར་པ་དང་བསྟུན་ཏེ། གྲངས་འཛིན་དུད་ཁྱིམ་དང་རྒྱང་རིང་དུ་གཏན་ཁེལ་སྒྲིག་བཟོ། ཉམས་ལེན་ལོངས་སྤྱོད་སོགས་གསར་དར་འཛད་སྤྱོད་ལས་རྣམ་ཧུར་ཐག་གིས་གོང་དུ་སྤེལ་ནས། ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང། ཐཱན་དམའ་བ་སོགས་ཀྱི་ལྗང་མདོག་གི་འཛད་སྤྱོད་ལ་སྐུལ་འདེད་གཏང་དགོས། འཛད་སྤྱོད་ཚོང་རའི་ཁོར་ཡུག་རྒྱུན་མཐུད་ངང་ལེགས་བཅོས་དང། གྲོང་ཁྱེར་གྱི་ཕྱོགས་བསྡུས་གཞི་སྒྲོམ་ཚན་རིག་ལྟར་བཀོད་སྒྲིག་བྱེད་ཅིང། སྲོལ་རྒྱུན་ཚོང་ལས་ཁུལ་སྒྱུར་བཀོད་དང་ཁྱད་ཆོས་ལྡན་པའི་ཚོང་ཁྲོམ་སྐོར་ཅིག་བསྐྲུན་དགོས་ཤིང། ནང་འདྲེན་ཚོང་ཟོག་ཐད་འཚོང་གི་ལས་སྟེགས་འཛུགས་སྐྲུན་བྱ་དགོས། རླངས་འཁོར་གྱི་འཛད་སྤྱོད་བརྟན་པོའི་ངང་འཕེལ་རྒྱས་སུ་གཏོང་བ་དང། རླངས་འཁོར་འགྲེམས་སྟོན་གསར་སྤེལ་བྱེད་པ། གྲོང་ཁྱེར་གྱི་གཞུང་ལམ་དྲ་བ་སྒྱུར་བཀོད་བྱས་ཐོག རླངས་འཁོར་འཇོག་ས་ཇེ་མང་དུ་གཏོང་བ་དང། གློག་གསོག་ཀ་བ་སྣོན་འཛུགས་བྱས་ཏེ། རླངས་འཁོར་གྱི་འཛད་སྤྱོད་རྒྱ་ཆེ་རུ་གཏང་དགོས། ལོ་ཧྲིལ་པོར་འཛད་སྤྱོད་དངོས་ཟོག་སིལ་འཚོང་བྱས་པའི་བསྡོམས་འབོར9%ཡས་མས་འཕར་བར་མངོན་འགྱུར་བྱ་དགོས།

(བདུན།)གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་དངུལ་འཇོག་གིས་མཁོ་འདོན་སྒྲིག་གཞི་ལེགས་སྒྲིག་ལ་འགག་རྩའི་ནུས་པ་འདོན་སྤེལ་བྱ་དགོས།

རྨང་གཞིའི་སྒྲིག་བཀོད་ཀྱི་འདེགས་སྐྱོར་དང་འགན་སྲུང་ནུས་པ་ཆེ་རུ་གཏང་དགོས། མ་དངུལ་འཇོག་ཚད་ལུགས་མཐུན་གྱིས་འཕར་བ་སྲུང་འཛིན་བྱེད་པ་དང། ལས་གཞི་གལ་ཆེན་སྐོར་ཅིག་མུ་མཐུད་དུ་ལག་བསྟར་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ཐད་ལ་མ་དངུལ་གཏོང་ཚད7%ཡས་མས་འཕར་བར་བརྩོན་ལེན་བྱ་དགོས། ན་གོར་མོ་ནས་ཏུན་ཧོང་བར་གྱི་ལྕགས་ལམ་དང་མཚོ་བོད་ལྕགས་ལམ་གྱི་ན་གོར་མོ་ནས་ལྷ་སའི་བར་གྱི་རིམ་པའི་ནུས་པ་ཆེར་བསྐྱེད་སྒྱུར་བཀོད་ལས་གྲྭ་ཡོངས་འགྲུབ་བྱེད་པ་དང། གོར་མོ་ནས་ཁོར་ལེའུ་བར་གྱི་ལྕགས་ལམ་གྱི་ཞིང་ཆེན་ནང་ཁུལ་གྱི་རིམ་པ་ཕལ་ཆེར་ཡོངས་འགྲུབ་བྱས་ཐོག ཟི་ལིང་ནས་ཁྲིན་ཏུའུ་བར་གྱི་ལྕགས་ལམ་དང་ཚའོ་ཅཱ་པའོ་ཕྱོགས་བསྡུས་འགྲིམ་འགྲུལ་ལྟེ་གནས་ཀྱི་ལས་གྲྭ་མགྱོགས་མྱུར་ངང་བསྐྲུན་དགོས། རྫ་མ་ལུང་ནས་རིག་སྨོན་བར་གྱི་མྱུར་ལམ་ཡོངས་འགྲུབ་བྱེད་པ་དང། ཏ་ཐུང་ནས་ཝུའུ་ཝེའི་བར་དང། ལེའུ་ཏུའུ་ནས་དཔའ་ལུང་བར་གྱི་མྱུར་ལམ་གང་མགྱོགས་ཀྱིས་བསྐྲུན་དགོས། གཅན་ཚ་ནས་གུང་ཧོའི་བར་དང་སྤེན་མདོ་ཉག་ཁ་ནས་མིན་ཡོན་བར་གྱི་མྱུར་ལམ་ལས་མགོ་བརྩམས་ཐོག རྒྱལ་ལམ109ཡི་མཚོ་སྔོན་པོའི་རིམ་པ་སྒྱུར་བཀོད་དང། ཟི་ལིང་གི་གྲོང་སྐོར་གཞུང་ལམ་གྱི་ཏ་ཐུང་དང་སྟོང་སྐོར། ཕེན་ཨན་བཅས་ཀྱི་རིམ་པ་དང། ཏུའུ་ལེན་ནས་གཏེར་ལེན་ཁའི་བར་དང་རྟ་བོ་ནས་པད་མའི་བར་གྱི་གཞུང་ལམ་བཅས་བསྐྲུན་ནས་འགྲུབ་དགོས། “ཐོགས་མེད་ཟི་ལིང”གི་ལས་གྲྭ་མུ་མཐུད་དུ་ལག་བསྟར་བྱ་དགོས། མདོ་ལ་གནམ་གྲུ་ཐང་གི་མཁའ་ལམ་ཤར་གཏོང་ལས་གཉེར་ཐུབ་པ་མངོན་འགྱུར་དང། ཟི་ལིང་གནམ་གྲུ་ཐང་གི་ལས་གྲྭ་སྐབས་གསུམ་པ་དང། མཚོ་སྔོན་པོ་གནམ་གྲུ་ཐང་དང་ཁྲི་ཀའི་ཀུན་སྤྱོད་གནམ་གྲུ་ཐང་བཅས་ཀྱི་ལས་མགོ་བརྩམ་དགོས། ཆའོ་ཐུག་ཧ་ཡང་གློག་འདོན་ས་ཚིགས་ཀྱི“ཆེ་སྤེལ་ཆུང་གནོན”དང་ཟི་ལིང་མེ་ཤུགས་གློག་འདོན་བཟོ་གྲྭའི་དྲོད་འདོན་སྒྱུར་བཀོད་དང། དེ་མིན་ཟི་ལིང་གི་མཁར་ལྷོ་དང་མཁར་བྱང་གི་དྲོད་རླངས་གཅིག་སྡུད་མཁོ་འདོན་གྱི་ལས་གྲྭ་ལག་བསྟར་བྱ་དགོས། གློག་དྲ་འཛུགས་སྐྲུན་ལེགས་འཛིན་བྱས་ནས་ཟི་ལིང་བྱང་གི་སྟོང་ཝོལ750ཅན་གྱི་གློག་སྐྱེལ་གློག་སྒྱུར་ལས་གྲྭ་བསྐྲུན་ནས་ཐོན་སྐྱེད་བྱེད་མགོ་རྩོམ་པ་དང། མཚོ་ནུབ་ནས་བཏུལ་ཐང་བར་གྱི་སྟོང་ཝོལ་750ཅན་གྱི་གློག་སྐྱེལ་སྐུད་ལམ་ལས་མགོ་བརྩམས་ཐོག ཞིང་སྡེའི་གློག་དྲ་སྤྱི་ལེ9228འཛུགས་སྐྲུན་དང་སྒྱུར་བཀོད་བྱ་དགོས། ཡུས་ཁཱ་གཏེར་ཁྲོན་དང་བོའི་ལས་གྲྭ་ལེགས་གྲུབ་བྱུང་སྟེ་ཐོན་སྐྱེད་བྱེད་མགོ་བརྩམ་དགོས། གུང་ཧོའི་གཞོང་སའི་སྐམ་ཚའི་བྲག་གཟེངས་དང་ཚ་འདམ་གཞོང་བྱང་རྒྱུད་ཀྱི་རྡོ་སོལ་ཆགས་རིམ་གྱི་སོལ་རླངས་མགྱོགས་མྱུར་ངང་གཏིང་ཟབ་ཏུ་རྩད་ཞིབ་དང་གསར་སྤེལ་བེད་སྤྱོད་བྱ་དགོས། ཞོས་ཅི་འགག་དང་ན་ལིན་ཀེ་ལིའུ་ཆུ་བེད་ལྟེ་གནས་དང། འཇུ་ལག་ཆུ་ཙོང་ཆུར་འདྲེན་པའི་མ་ཡུར། ཙོང་ཆུའི་མ་ཡུར་བྱང་མའི་ལས་གྲྭ་སྐབས་གཉིས་པ། ལ་ཞོལ་མའི་ཆུ་འདྲེན་སོགས་ལས་གྲྭ་འཛུགས་སྐྲུན་བྱེད་པ་དང། ཙོང་ཆུ་དང་རོང་བོ་དགུ་ཆུ། འབྲི་ཆུ་སོགས་ཡན་ལག་ཆུ་བོ་གལ་ཆེན་གྱི་ཆུ་ལོག་འགོག་བཅོས་ལ་སྐུལ་འདེད་བྱས་ཐོག བཙན་མོ་དང་སྨར་ཁམས་ཆུ་མཛོད། བར་ཧོང་ཆུ་མཛོད་བཅས་སྐྲུན་མགོ་བརྩམ་དགོས། “མཚོ་སྔོན་འོད་སྐུད་དྲ་སྦྲེལ”ཁྱོན་ཡོངས་ནས་འཛུགས་སྐྲུན་གཏིང་ཟབ་བྱེད་པ་དང། ཀྲའོ་བརྒྱས་སྣེ་ཁྲིད་པའི་སྤུས་ལེགས་གཤོང་ཆེན་དྲ་རྒྱ་བཟོ་སྐྲུན་བྱས་ཐོག རྨང་གཞིའི་དྲ་རྒྱ་དང་གཞི་གྲངས་ལྟེ་གནས། གློག་རྡུལ་སྲིད་དོན། ཁེ་ལས་ཆུང་འབྲིང་ཆ་འཕྲིན་ཅན། ཟོང་འབྲེལ་དྲ་བ་སོགས་ཆ་འཕྲིན་ཅན་གྱི་ལས་གྲྭ་ཁག་ཅིག་ལག་བསྟར་བྱས་ཐོག སྐུད་མེད་དྲ་རྒྱའི་རབས་གསར་པ་སྔོན་ལ་སྒྲིག་བཀོད་བྱས་ཏེ། ཆ་འཕྲིན་བདེ་འཇགས་འགན་སྲུང་ལ་ཤུགས་སྣོན་བྱ་དགོས།

ལས་གཞི་གནད་འཁེལ་གྱིས་ཇུས་འགོད་བྱ་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་དང་ས་ཁོངས་སྲིད་ཇུས་ཀྱི་གོ་སྐབས་དང་འབྲེད་མཐུད་བྱས་ནས། “ལས་གཞི་གྲུབ་པའི་ལོའི་བྱ་འགུལ”སྤེལ་བ་དང། ཁྱོན་ཡོངས་ཀྱི་རང་བཞིན་དང་རྨང་གཞིའི་རང་བཞིན། འཐབ་ཇུས་རང་བཞིན་གྱི་ལས་གཞི་ཁག་ཅིག་ཇུས་འགོད་བྱེད་པ་དང། ནུས་ཤུགས་ཡོད་རྒུས་ལས་གཞི་གལ་ཆེན318ཀྱི་སྔོན་འགྲོའི་ལས་སྒོར་སྐུལ་འདེད་གཏོང་བ་དང། རྒྱལ་ཁབ་ཀྱིས“ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”ཆེད་དོན་འཆར་འགོད་ལ་དུས་དཀྱིལ་དུ་དཔྱད་དཔོག་བྱེད་པའི་གོ་སྐབས་དམ་པོར་བཟུང་སྟེ། གོར་མོ་ནས་ཁྲིན་ཏུའུ་བར་གྱི་ལྕགས་ལམ་དང། ཟི་ལིང་ནས་ཡུལ་ཤུལ་དང་དེ་ནས་ཆབ་མདོའི་བར་གྱི་ལྕགས་ལམ། ཡུལ་ཤུལ་གནམ་གྲུ་ཐང་རྒྱས་སྐྲུན། ཚུ་ཧཱ་ཆུ་གློག་ས་ཚིགས་སོགས་ལས་གྲྭ་གལ་ཆེན་ཁག་ཅིག་རྒྱལ་ཁབ་ཀྱི་འཆར་འགོད་ཁྲོད་ཚུད་པར་བརྩོན་ལེན་བྱ་དགོས། ཕྱོགས་བསྡུས་དཔྱད་དཔོག་དང་གསབ་དངུལ་གྱི་ཚབ་ཏུ་བྱ་དགའ་སྟེར་བ་ལག་བསྟར་བྱས་ཏེ། སྔོན་འགྲོའི་ལས་ཀའི་མྱུར་ཚད་དང་སྤུས་ཚད་མཐོར་འདེགས་བྱ་དགོས། རྒྱལ་ཁབ་ཀྱི་ཐོན་ལས་སྲིད་ཇུས་ལ་ནན་ཏན་གྱིས་ཞིབ་འཇུག་བྱས་ཐོག གནས་བབ་ལེགས་པོར་བརྟེན་ནས་ཐོན་ལས་ལས་གཞི་ཁག་ཅིག་ཇུས་འགོད་བྱས་ཏེ། དུས་སུ་བབ་པའི་ཚད་མཐོ་རུ་བཏང་ཐོག རྣམ་གྲངས་གཟུགས་ཐུབ་དང་ཚོང་འགུག་ཐུབ་པ། དོན་ཐོག་ཏུ་འཁྱོལ་ཐུབ་པ་བཅས་ལ་བརྩོན་སྐུལ་བྱ་དགོས། ལས་གཞི་གསོག་འཇོག་བྱེད་ཤུགས་ཆེ་རུ་གཏོང་བ་དང། འཛུགས་སྐྲུན་ལས་གཞིའི་མཛོད་གལ་ཆེན་ཏན་ཏིག་གིས་བསྐྲུན་པ་མ་ཟད། འགུལ་རྣམ་གྱིས་ལེགས་སྒྲིག་དང་འཐུས་ཚང་དུ་གཏང་དགོས་ཤིང། སྲིད་དོན་ཚོམས་ཆེན་དང་དྲ་ལམ་སྟེགས་བུའི་བར་དུ་ནུས་ཡོད་སྒོས་འབྲེལ་མཐུད་བྱ་བ་ལེགས་པོར་བསྒྲུབ་དགོས།

ལས་གཞི་སྐྲུནཔའི་འཕེལ་རིམ་ཇེ་མགྱོགས་སུ་གཏང་དགོས། “དངུལ་འཇོག་ལས་གཞི་ཅན་དང། ལས་གཞི་འགན་འཁྲི་ཅན། འགན་འཁྲི་ཞིབ་ཕྲ་ཅན”གྱི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང། བགོས་ཁུལ་འགན་གཙང་ལེན་དང་ལས་གཞི་འགན་གཙང་ལེན་གྱི་འགན་འཁྲི་དོན་ཐོག་ཏུ་འཁྱོལ་བར་བྱས་ནས། ཟླ་རེར་བཀོད་གཏོང་དང་དུས་ཚིགས་རེར་ཞིབ་བཤེར། ལོ་རེར་དཔྱད་ཞིབ་ཚད་ལེན་བྱེད་པ་ལག་བསྟར་བྱ་དགོས། མ་དངུལ་གཤམ་སྤྲོད་བྱེད་པའི་གོམ་སྟབས་མགྱོགས་སུ་གཏོང་བ་དང། རྒྱལ་ཁབ་ཀྱི་མ་དངུལ་ཐོན་མ་ཐག་ཏུ་བརྒྱུད་སྤྲོད་བྱས་ནས་སྔོན་ལ་ལས་གཞི་ཁག་ཅིག་སྐྲུན་མགོ་བརྩམ་དགོས། དགུན་དུས་ཀྱི་ཁོམ་གསེང་ཁོམ་མེད་དུ་བསྒྱུར་ནས། ཇུས་འགོད་དང་སུས་འཇོན་དེ་འགུག་སོགས་ཀྱི་བརྒྱུད་རིམ་ཇེ་མགྱོགས་སུ་བཏང་སྟེ། སྔ་རོལ་ཏུ་བཟོ་ལས་དང་རྒྱུ་ཆ་གྲ་སྒྲིག་བྱས་ཐོག སྤུས་ཚད་བདེ་འཇགས་ཁག་ཐེག་བྱས་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཏུ་དགུན་དུས་ལས་མཚམས་མི་འཇོག་པ་བརྩོན་ལེན་བྱས་ཏེ། དངོས་རྫས་ཀྱི་ཚད་གྲངས་གང་ཐུབ་ཅི་ཐུབ་སྒོས་ལེགས་འགྲུབ་བྱ་དགོས། ཨར་ལས་རྒྱུ་ཆ་ཐོན་སྐྱེད་གཉེར་སྐྱོང་འགན་འཁྲིའི་ལས་བགོས་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་དང། འཛུགས་སྐྲུན་རྒྱུ་ཆའི་ཚོང་ར་དང་བྱེ་རྡོ་རྒྱུ་ཆ་བཟོ་གྲྭ་ཁག་ཅིག་བསྐྲུན་པར་འཆར་འགོད་བཟོས་ཏེ། ཞིང་ཆེན་ནང་ཁུལ་གྱི་འཛུགས་སྐྲུན་དགོས་མཁོ་འགན་སྲུང་བྱ་དགོས། གཏོང་འཇོག་དངོས་རྫས་མཁོ་སྤྲོད་ཀྱི་ཚད་མཐོར་འདེགས་ལས་གྲྭ་ལེགས་པོར་བཟུང་སྟེ། ཞིང་ཆེན་ནང་ཁུལ་གྱི་གཏོང་འཇོག་རྒྱུ་རྐྱེན་གཙོ་བོའི་བསྡུར་ཚད་མཐོ་རུ་གཏང་དགོས།

དམངས་ཁྲོད་ཀྱི་དངུལ་འཇོག་གསོན་ཤུགས་སྐུལ་སྤེལ་བྱ་དགོས། དམངས་ཁྲོད་ཀྱིས་མ་དངུལ་འཇོག་པར་རྒྱབ་སྐྱོར་གྱི་སྲིད་ཇུས་སྣ་ཚོགས་སྔར་ལས་ལྷག་པར་དོན་ཐོག་ཏུ་འཁྱོལ་བར་བྱ་དགོས། ཞིབ་མཆན་གྱི་འཁྱགས་རོམ་གཏོར་བའི་ལས་གྲྭར་སྐུལ་འདེད་གཏིང་ཟབ་གཏོང་བ་དང། “བཀག་རྒྱའི་གསལ་ཐོ+ཚད་གཞི+དམ་བཅའ+གྲབས་ཐོ་འགོད་པ+དུས་བཅད”ཀྱི་ལམ་ལུགས་ལག་བསྟར་བྱས་ཐོག “དཔྱད་མང་གཅིག་སྡུད”དང། “རིས་མང་མཉམ་བཤེར།” “མཉམ་འབྲེལ་གྱིས་རྩིས་ལེན”སོགས་ཀྱི་དཔེ་དབྱིབས་གསར་བ་འཚོལ་ཞིབ་བྱ་དགོས། ནོར་སྲིད་མ་དངུལ་གྱི་ཡར་སྐུལ་ནུས་པ་འདོན་སྤེལ་བྱས་ཏེ། དཔེ་དབྱིབསPPPཤུགས་ཆེན་པོས་བེད་སྤྱོད་ཁྱབ་སྤེལ་གཏོང་བ་དང། བྱེད་སྟངས་བསྒྱུར་ནས་བསྐྲུན་ཟིན་པའི་ལས་གཞི་ཤུགས་འདོན་ས་བྱས་ནས། ཡོང་འབབ་བརྟན་པོ་ཡོད་པ་དང་འགུག་ཤུགས་ཆེ་བའི་ལས་གཞི་ཁག་ཅིག་འོས་སྦྱོར་བྱས་ཏེ། སྤྱི་ཚོགས་ཀྱི་མ་དངུལ་སྔར་ལས་མང་པོ་སྐུལ་ཁྲིད་བྱ་དགོས། ལས་གཞིPPPཀྱི་འཕེལ་རྒྱས་ཚད་མཐུན་དུ་གཏོང་བ་དང། སྲིད་གཞུང་ཁ་ཆད་དང་འགལ་བ་དང་ཁེ་ལས་ཀྱིས་ཡིད་རྟོན་ཤོར་བར་འགོག་ཟོན་བྱ་དགོས།

(བརྒྱད།) ས་ཁོངས་མཐུན་སྦྱོར་ངང་གོང་སྤེལ་གྱི་འཐབ་ཇུས་ལག་བསྟར་དང། རྣམ་པ་གསར་བའི་གྲོང་རྡལ་ཅན་དུ་བསྒྱུར་བའི་ཆུ་ཚད་མཐོ་རུ་གཏང་དགོས།

ཤར་རྒྱུད་ས་ཁུལ་གྱི་སྐུལ་ཁྲིད་ནུས་ཤུགས་ཆེ་རུ་གཏང་དགོས། 《ལན་གྲུ་ནས་ཟི་ལིང་གི་གྲོང་ཁྱེར་ཁྱུ་ཚོགས་གོང་སྤེལ་གྱི་འཆར་འགོད》ནན་ཏན་གྱིས་སྒྲིག་འཛུགས་དང་ལག་བསྟར་བྱས་ནས། མི་འབོར་གཅིག་སྡུད་བྱེད་ནུས་དང་དཔལ་འབྱོར་གོང་དུ་སྤེལ་བའི་གསོན་ཤུགས་མངོན་གསལ་དོད་པོས་ཆེ་རུ་གཏང་ནས། ལྟེ་གནས་སྟོབས་ལྡན་དང་གནས་ཚིགས་མང་བའི་མཁར་གྲོང་ཅན་གྱི་རྣམ་པ་གསར་པ་བསྐྲུན་པ་དང། ཕྱི་ནང་དུ་སྒོ་འབྱེད་པའི་ཆུ་ཚད་སྔར་བས་མཐོ་རུ་བཏང་སྟེ། ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་རྐྱེན་སྲོལ་གསར་པ་འཚོལ་ཞིབ་སྒོས་འཛུགས་དགོས། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་ཡོལ་གྱི་རྩོལ་ནུས་ཆེ་རུ་གཏོང་བ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་མཉམ་དུ་སྲུང་རྒྱུ་དམིགས་ཡུལ་བྱས་ནས། ཙོང་ཆུའི་འབབ་རྒྱུད་བར་སྟོང་བཅོས་སྐྱོང་གི་འཆར་འགོད་ཡོངས་འགྲུབ་བྱེད་པ་དང། འབབ་རྒྱུད་ཀྱི་སྐྱེ་ཁམས་དང་འཕེལ་རྒྱས་བར་སྟོང་གི་རྩོལ་ནུས་བཀོད་སྒྲིག་ཞིབ་ཚགས་བྱས་ཐོག ཆུའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དང་ནགས་ར་གཞི་ཁྱོན་ཅན་སོགས་ཀྱི་ལས་གྲྭ་ལག་བསྟར་བྱས་ཏེ། འབབ་རྒྱུད་ཧྲིལ་བོ“གཙང་པོ་དྭངས་ཤིང་མཚོ་མོ་སྔོ་བ། རི་ཀླུང་མཛེས་ཤིང་ཡིད་དུ་འོང་བ། རིག་གནས་ཀྱི་རྫོང་མཐུག་པ། འཚོ་གནས་བདེ་ཞིང་སྐྱིད་པའི”གནས་ཤིག་ཏུ་བསྐྲུན་དགོས། ཞིང་ཆེན་ཡོངས་འཕེལ་རྒྱས་སུ་འགྲོ་བར་འདེགས་སྐྱོར་དང་སྣེ་ཁྲིད་བྱེད་པའི་སྲོག་ཤིང་གི་འཕར་སྣེ་བསྐྲུན་ནས། ཟི་ལིང་དང་མཚོ་ཤར་གཞི་གཅིག་ཅན་དུ་བསྒྱུར་བའི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་བ་དང། ཐོན་ལས་དང་འགྲིམ་འགྲུལ། སྐྱེ་ཁམས་སོགས“གཞི་གཅིག་ཅན་བདུན”ལ་སྐུལ་འདེད་གཏང་ཐོག ཟི་ལིང་ལྗང་མདོག་གོང་སྤེལ་གྱི་དཔེ་མཚོན་གྲོང་ཁྱེར་སྐྲུན་པ་དང་མཚོ་ཤར་གྱིས་གྲོང་ཁྱེར་བྱེད་ནུས་གང་མགྱོགས་སྒོས་འཐུས་ཚང་དུ་གཏང་བ་དང་། ལེགས་ཆ་གསབ་རེས་དང་ལས་བགོས་མཉམ་སྒྲུབ་ཀྱི་ས་ཁོངས་འཕེལ་རྒྱས་ཀྱི་རྣམ་པ་ཆེན་པོ་ཆགས་སུ་འཇུག་དགོས།

བོད་ཁུལ་གོང་སྤེལ་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏང་དགོས། བོད་ཁུལ་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང། གོ་རིམ་ལྡན་པའི་སྒོ་ནས་བོད་ཁུལ་གྱི“ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”ལས་གཞི་འཆར་འགོད་ལག་བསྟར་བྱས་ཏེ། དུས་དཀྱིལ་གྱི་དཔྱད་དཔོག་དང་ཟུང་འབྲེལ་གྱིས་རྣམ་གྲངས་གསར་པ་ཁ་སྣོན་བྱས་ནས། སྔར་ལས་ལྷག་པར་ཆད་པ་ཁ་གསབ་དང་ཞན་ཆར་ཤུགས་སྣོན་བྱ་དགོས། ཚྭ་འདམ་ས་ཁུལ་རིགས་སྒྱུར་རིམ་སྤར་དང་སྣེ་མང་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་དང། ནུས་ཁུངས་གསར་པ་དང་ཚྭ་མཚེའུ་རྫས་འགྱུར་བཟོ་ལས་སོགས་ཐོན་ལས་སྔོན་ལ་འཕེལ་རྒྱས་སུ་གཏོང་བ་དང་ཆབས་ཅིག་ཏུ། ཡུལ་སྐོར་དང་ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ལས་སོགས་ལེགས་ཆ་ལྡན་པའི་ཐོན་ལས་གོང་དུ་སྤེལ་བར་རྒྱབ་སྐྱོར་བྱས་ཏེ། རྒྱལ་ཡོངས་ཀྱི་འཁོར་རྒྱུག་དཔལ་འབྱོར་གྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་ཐད་ནས་གོམ་སྟབས་གསར་པ་སྤོ་དགོས། ན་གོར་མོའི་རྒྱལ་ཡོངས་རང་བཞིན་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་ལྟེ་གནས་གཟུགས་རྒྱུ་རྟེན་ས་བྱས་ནས། འབྲེལ་ཡོད་ཇུས་འགོད་ཀྱི་མགོ་བརྩམས་ཏེ་ཤར་མཐུད་ནུབ་སྦྲེལ་དང། ཨེ་ཤེ་ཡ་དབུས་མ་དང་ནུབ་མར་ཁ་ཕྱོགས་པའི་འགྲིམ་འགྲུལ་ལྟེ་གནས་གལ་ཆེན་དང་དེང་རབས་ཀྱི་དངོས་ཟོང་བསྡུ་འགྲེམས་རྟེན་གཞི་གལ་ཆེན་བསྐྲུན་དགོས། མཚོ་སྐོར་ས་ཁུལ་ཁྱད་ཆོས་ཅན་དུ་འཕེལ་རྒྱས་སུ་གཏང་རྒྱུ་ལེགས་འཛིན་བྱེད་པ་དང། གུང་ཧོ་དང་ཧའེ་ཡན་སོགས་མཐོ་སྒང་གི་གསར་དར་མཁར་གྲོང་གི་མྱུར་བར་འཛུགས་སྐྲུན་དང། མཚོ་སྔོན་པོའི་རྩྭ་ཐང་བརླན་སའི་སྐྱེ་ཁམས་ས་རྒྱུད་དང་མདོ་ལ་རི་བོའི་ཆུའི་ཁུངས་གསོ་འཁྱོངས་སྐྱེ་ཁམས་ས་རྒྱུད་བསྐྲུན་དགོས་ཤིང། མཚོ་སྔོན་པོའི་མི་ཆོས་ཡུལ་སྐོར་ལྗོངས་གཟིགས་ཁྱམས་ལམ་བསྐྲུན་ནས། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཡུལ་སྐོར་དཔེ་སྟོན་ཁུལ་དང་དེང་རབས་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ། རྒྱལ་སྤྱིའི་ཡུལ་སྐོར་བྱ་ཡུལ་བཅས་སུ་བསྐྲུན་གང་ཐུབ་བྱ་དགོས། མཚོ་སྔོན་ལྷོ་རྒྱུད་ས་ཁུལ་གྱི་ལྗང་མདོག་གོང་སྤེལ་ལ་རོགས་སྐྱོར་དང། མཚོ་སྔོན་དང་ཀན་སུའུ། སི་ཁྲོན་བཅས་ཀྱི་འབྲེལ་མཚམས་ས་ཁུལ་བདེ་འཇགས་དང་དར་སྤེལ་ལས་གྲྭ་ལེགས་འཛིན་དང། མགོ་ལོག་གོང་དུ་སྤེལ་བར་རྒྱབ་སྐྱོར་གྱི་སྲིད་ཇུས་བྱེད་ཐབས་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། ལྗང་མདོག་སྐྱེ་ཁམས་ཐོན་རྫས་མཁོ་སྤྲོད་བྱེད་ཡུལ་དང། ཁྱད་ཆོས་ལྡན་པའི་རིག་གནས་མྱོང་རོལ་ཡུལ་སྐོར་བྱ་ཡུལ་དུ་བསྐྲུན་པར་འབད་བརྩོན་བྱ་དགོས།

མཁར་གྲོང་ཅན་དུ་བསྒྱུར་བའི་སྤུས་ཚད་ཇེ་མཐོར་གཏང་དགོས། མཁར་གྲོང་ཅན་དུ་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་བཞིན་པའི་གནས་བབ་ཆེན་པོ་དམ་པོར་བཟུང་ནས། ཤར་རྒྱུད་ས་ཁུལ་དང་ཁུལ་གྱི་ལྟེ་བའི་གནས་ཡུལ། ཁྱད་ཆོས་ལྡན་པའི་མཁར་གྲོང་ཆུང་གྲས་བཅས་ཀྱིས་འདེགས་སྐྱོར་དང། རྨང་གཞིའི་སྒྲིག་བཀོད་ཀྱི་དྲ་བ་འཐུས་ཚང་དུ་གཏོང་རྒྱུ་རྟེན་བྱེད་བྱས་ཐོག ཐེམ་ཐོ་དང་གནས་སྡོད། མི་འབོར་ལམ་ལུགས་བཅས་སྦྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་ཐོག མཁར་གྲོང་གི་གཞི་རྩའི་སྤྱི་པའི་ཞབས་ཕྱིའི་འགྲོ་སྒོ་འགན་བགོས་ཁག་ཁུར་བྱེད་པའི་རྐྱེན་སྲོལ་འཛུགས་པ་དང། ཞིང་ལས་ཀྱི་ཡུལ་སྤོས་མི་འབོར་གྲོང་མིར་སྒྱུར་ཚད་ཇེ་མགྱོགས་སུ་གཏོང་བ། སྔར་ལས་སྒོ་འབྱེད་པ་དང་གསོན་ཤུགས་རྒྱས་པའི་གསར་དར་མཁར་གྲོང་ཅན་གྱི་རྣམ་པ་བསྐྲུན་དགོས། ཞིང་ཆེན་རིམ་པའི་རྒྱལ་ཁབ་ས་ཁོངས་འཆར་འགོད་དང་ཟི་ལིང་གི་རེས་སྐོར་གསར་བའི་གྲོང་ཁྱེར་སྤྱིའི་འཆར་འགོད་སྒྲིག་བཟོ་བྱ་དགོས། མཚོ་ནུབ་ཀྱི་སྲིད་ཨུ་གསུམ་གྱི་སྲིད་འཛིན་ས་ཁོངས་ལེགས་སྒྲིག་བྱ་བ་ཡོངས་འགྲུབ་བྱེད་པ་དང། གུང་ཧོ་སོགས་རྫོང་གཏོར་ནས་གྲོང་ཁྱེར་འཛུགས་པའི་གོམ་སྟབས་ཇེ་མགྱོགས་སུ་གཏང་དགོས། མུ་མཐུད་དུ་མཛེས་སྡུག་ལྡན་པའི་མཁར་གྲོང16དང་ཚྭ་ཁ། ཁུ་ལུ་ཁུ། ཚལ་རྔ་འགག་སོགས་ཁྱད་ཆོས་ལྡན་པའི་གྲོང་རྡལ་ཆུང་བ་འཛུགས་སྐྲུན་བྱས་ཏེ། ལས་སྣོན་ལས་རིགས་ཆུང་འབྲིང་དང། སྤྲོ་གསེང་ངལ་གསོའི་ཡུལ་སྐོར། ཚོང་ལས་ཉོ་ཚོང་ཁྲོམ་ར་སོགས་ཀྱི་འདྲེན་བྱེད་ནུས་པ་ཆེ་རུ་གཏང་དགོས། “གྲོང་ཁྱེར་ཟུང་གསོ”དང་མཚོ་བལ་གྲོང་ཁྱེར་འཛུགས་སྐྲུན་གྱི་ཚོད་ལྟ་བྱེད་པ་དང། རིག་ལྡན་གྲོང་ཁྱེར་དང་ལྗང་མདོག་གྲོང་ཁྱེར། མི་ཆོས་གྲོང་ཁྱེར་བཅས་འཛུགས་སྐྲུན་བྱེད་མགོ་བརྩམ་དགོས། སྔར་ཡོད་བཟོ་བཀོད་སྨི་གྲུ་བཞི་མ་ཁྲི120ནུས་ཁུངས་གྲོན་ཆུང་ཐུབ་པར་སྒྱུར་བཀོད་ཡོངས་འགྲུབ་བྱ་དགོས།

གླིང་ཁུལ་བཅོས་སྒྱུར་དང་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་བྱ་དགོས། གླིང་ཁུལ་བཅོས་སྒྱུར་དང་གསར་གཏོད་འཕེལ་རྒྱས་གཏོང་བར་སྐུལ་འདེད་བྱ་རྒྱུའི་བསམ་འཆར་དོན་འཁྱོལ་གང་ལེགས་བྱས་ནས། ཞིང་ཆེན་ཡོངས་ཀྱི་ཐོན་སྐྱེད་ནུས་ཤུགས་འགྲེམ་ཚུལ་དེ་གླིང་ཁུལ་ལ་ཕྱོགས་པ་དང། ཐོན་ལས་དག་གླིང་ཁུལ་ཕྱོགས་སུ་གཅིག་བསྡུས། རྒྱུ་ཆ་དག་གླིང་ཁུལ་ཕྱོགས་སུ་འཁོར་རྒྱུག ཁེ་ལས་དག་གླིང་ཁུལ་དུ་རུབ་འདུས་བཅས་བྱེད་པར་སྐུལ་འདེད་བྱས་ཏེ། གླིང་ཁུལ་དཔལ་འབྱོར་དེ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་མེ་འཁོར་གྱི་མགོ་སྒམ་དང་གཡུལ་ས་གཙོ་བོ་ལྟ་བུར་ཆགས་སུ་འཇུག་དགོས། གླིང་ཁུལ་གྱི་རྣམ་པ་དང་བཀོད་པ་ཇེ་ལེགས་སུ་གཏོང་བ་དང། གླིང་ཁུལ་ཕྱོགས་སྒྱུར་རིམ་སྤར་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ། ཚན་རྩལ་གསར་གཏོད་ཀྱི་ནུས་པ་ཇེ་ཆེར་གཏོང་བ། ཐོན་ལས་སྤུས་ལེགས་རིམ་འཕར་ལ་སྐུལ་འདེད། ལྗང་མདོག་འཁོར་རྒྱུག་འཕེལ་རྒྱས་ལ་སྐུལ་འདེད། སྤྱི་པའི་ལས་སྟེགས་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་དང། རྨང་གཞིའི་སྒྲིག་བཀོད་ཀྱི་ཆུ་ཚད་མཐོར་འདེགས་བཅས་བྱ་དགོས། དོ་དམ་གྱི་འབྲེལ་བ་མཐུན་སྦྱོར་དང་ནང་བཙུགས་སྡེ་ཚན་བསྡུ་སྒྲིལ་བྱས་ཐོག ཁོར་ཡུག་སྲུང་སྐྱོང་དང་བདེ་འཇགས་ལྟ་སྐུལ་དོ་དམ་བྱེད་ཤུགས་ཇེ་ཆེར་གཏོང་བ་དང། དཔྱད་ཞིབ་སྲིད་ཇུས་འཐུས་ཚང་དུ་བཏང་ནས། གླིང་ཁུལ་ལ་ཇུས་ཐག་གཅོད་དབང་དང་རང་ཐག་རང་གཅོད་བྱེད་དབང་སྔར་ལས་མང་བ་སྤྲོད་དགོས།

(དགུ།)ཉེན་ཁ་ཆེན་པོ་འགོག་སེལ་གྱི་མཁྲེགས་གཏོར་གཡུལ་འཐབ་ལེགས་པོར་བརྒྱབ་སྟེ། ནོར་སྲིད་ཀྱི་དངུལ་རྩའི་འདེགས་སྐྱོར་ནུས་པ་འདོན་སྤེལ་བྱ་དགོས།

ཉེན་ཁ་སྔོན་འགོག་ཚོད་འཛིན་གྱི་འགག་སྒོ་ལེགས་པར་གཏོར་དགོས། དངུལ་རྩའི་ཉེན་ཁ་སྔོན་འགོག་ཚོད་འཛིན་བྱ་རྒྱུ་དེ་སྔར་བས་གལ་ཆེ་སར་བཞག་སྟེ་ཞིང་ཆེན་ཡོངས་ཀྱི་དངུལ་རྩའི་ཉེན་ཁ་འགོག་སེལ་མགོ་ཁྲིད་ཚན་ཆུང་སྒྲིག་འཛུགས་དང། སྡེ་ཁག་བར་མཉམ་འགོག་མཉམ་འཛིན་མཉམ་སྒུལ་གྱི་ཕུགས་ཕན་རྐྱེན་སྲོལ་བཙུགས་ཐོག དངུལ་རྩའི་ཉེན་ཁ་ཕྱོགས་བསྡུས་སྔོན་འགོག་ཚོད་འཛིན་བྱ་བའི་ཇུས་གཞི་གཏན་འབེབས་བྱས་ཏེ། དངུལ་ཁང་གི་བུན་དངུལ་མི་ལེགས་པ་བརྟན་བརླིང་ངང་སེལ་དགོས། ཞིང་ཆེན་གྱི་ཁོངས་གཏོགས་རྒྱལ་དབང་ཁེ་ལས་དང་ཐོན་སྐྱེད་བྱེད་ནུས་ཆེ་དྲགས་པའི་ལས་རིགས་ཀྱི་འཇའ་ཤིང་འདོར་བར་སྐུལ་འདེད་བྱས་ཏེ། ཆ་རྐྱེན་དང་མཐུན་པའི་ཁེ་ལས་ཀྱིས་ཚོང་ར་ཅན་ཟླ་སྒྲིལ་བསྐྱར་སྒྲིག་བྱེད་པར་ཁྲིད་སྟོན་བྱ་དགོས། དྲ་སྦྲེལ་དངུལ་རྩའི་ཁེ་ལས་དང་དངུལ་འཇོག་དོ་དམ་རིགས་ཀྱི་ཀུང་སིར་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་སྣོན་དང། ཁྲིམས་དང་མི་མཐུན་པའི་མ་དངུལ་བསྡུ་རུབ་ཆེད་དོན་བཅོས་སྒྲིག་དང་ཉོ་ཚོང་བྱེད་ས་གཙང་བཤེར་དག་ཐེར་བྱ་བ་མུ་མཐུད་དུ་ལེགས་པར་བསྒྲུབས་ཏེ། ས་ཁོངས་རང་བཞིན་དང་མ་ལག་རང་བཞིན་གྱི་དངུལ་རྩའི་ཉེན་ཁ་མི་འབྱུང་བའི་མ་མཐའི་ཚད་གཞི་བསྲུང་དགོས། སྲིད་གཞུང་གི་བུ་ལོན་གཏོང་བའི་བྱ་སྤྱོད་སྔར་བས་ཚད་མཐུན་དུ་གཏོང་བ་དང། མངོན་མེད་བུ་ལོན་གྱི་མཐིལ་རྟོགས་པའི་བྱ་བ་བསྒྲུབས་ནས། སྔར་ལས་ལྷག་པའི་སྒོ་ནས་འགན་འཁྲི་ཁ་གསལ་བ་དང། འཕར་གྲངས་ཚོད་འཛིན་ནན་མོ་བྱས་ཏེ་གསོག་ཚད་རིམ་བཞིན་འཇུ་བར་བྱ་དགོས། སྲིད་གཞུང་གི་དངུལ་འཇོག་ལས་གཞིའི་དོ་དམ་ལ་ཤུགས་སྣོན་དང་ལྷག་པར་དུ་རྨང་གཞིའི་སྒྲིག་བཀོད་དང་དམངས་ཚིས་ལས་གྲྭ་འཆར་འགོད་བྱེད་སྐབས། གང་ཐུབ་ཅི་ཐུབ་དང་ནུས་ཚོད་ལྟར་བསྒྲུབས་ཏེ་ས་གནས་ཀྱི་བུན་འགན་ལྕི་བའི་ས་ཁུལ་ལ་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་བཏང་ནས། ས་གནས་ཀྱི་ཁུར་པོ་སྔར་ལས་མང་དུ་བཏང་སྟེ་མ་རྩའི་སྟོང་ཆ་ཆེན་པོ་འབྱུང་བར་གཡོལ་དགོས། ལས་གྲྭ་འཛུགས་སྐྲུན་གྱི་ཁྱབ་ཁོངས་སུ་གླ་ཆ་འགན་ལེན་དངུལ་གྱི་ལམ་ལུགས་དང་ལས་གྲྭའི་མ་དངུལ་གཏོང་སྤྲོད་འགན་ལེན་གྱི་ལམ་ལུགས་ཁྱོན་ཡོངས་ནས་ཁྱབ་སྤེལ་བཏང་སྟེ། ཞིང་པ་ལས་བཟོ་པའི་གླ་ཆ་གཏོང་སྤྲོད་འགན་སྲུང་བྱ་དགོས།

སྔར་ལས་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ལག་བསྟར་བྱ་དགོས། བསགས་འབོར་ཧུར་པོར་བསྒྱུར་བ་དང་ཆེད་སྤྱོད་མ་དངུལ་གཅིག་བསྡུས་སོགས་བྱེད་ཐབས་སྤྱད་དེ་ལས་གཞི་གལ་ཆེན་གྱི་འཛུགས་སྐྲུན་འགན་སྲུང་དང། མཁོ་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་དང་སྐྱེ་ཁམས་སྲུང་སྐྱོང། དབུལ་སྒྲོལ་འགག་གཏོར་སོགས་ཀྱི་ཕྱོགས་ལ་གཏོང་ཆ་ཇེ་མང་དུ་བཏང་ནས། ནོར་སྲིད་དངུལ་འཇོག་གིས་དཔལ་འབྱོར་འཕར་སྣོན་གྱི་ཡར་སྐུལ་ནུས་པ་སྲ་བརྟན་དང་རྒྱ་བསྐྱེད་གཏང་དགོས། བྱེད་ཐབས་གསར་གཏོད་བྱས་ནས་སྲིད་གཞུང་གི་སྐུལ་ཁྲིད་ཐེབས་རྩ“ཁ་གསབ་པ་དེ་གཏོང་འཇོག་ཏུ་བསྒྱུར”ནས་འཁོར་སྐྱོད་བྱེད་པར་སྐུལ་འདེད་བྱེད་ཅིང། བརྟན་པོའི་རྒྱབ་སྐྱོར་དང་འགྲན་རྩོད་རང་བཞིན་གྱི་རྒྱབ་སྐྱོར་མཐུན་སྦྱོར་གྱི་རྐྱེན་སྲོལ་འཛུགས་དགོས། སྔོན་རྩིས་དོ་དམ་འཐུས་ཚང་དུ་གཏོང་བ་དང། དུས་དཀྱིལ་གྱི་ནོར་སྲིད་འཆར་འགོད་དོ་དམ་ལ་སྐུལ་འདེད་བྱས་ཏེ། ནོར་སྲིད་ཀྱི་གཏོང་སྒོའི་འབྲེལ་མཐུད་དོན་ཚན་གཙང་བཤེར་བྱ་དགོས། “གཉེར་ཁྲལ་འཕར་ཁྲལ་དུ་བསྒྱུར”བའི་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང། སྒྲིག་གཞིའི་རང་བཞིན་གྱི་དཔྱ་ཁྲལ་འཕྲི་བ་དང་ཡོངས་ཁྱབ་རང་བཞིན་གྱི་འགྲོ་གྲོན་གཅོག་པའི་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། སྲིད་གཞུང་རང་བཞིན་གྱི་ཐེབས་རྩ་དང་ཁྲལ་མིན་ཡོང་འབབ་ཚད་མཐུན་དུ་གཏང་དགོས། ཁྲལ་འབབ་འཕར་གཞི་གསར་པ་གསོ་སྐྱོང་དང། ཁོར་ཡུག་སྲུང་སྐྱོང་དཔྱ་ཁྲལ་བཅོས་སྒྱུར་བྱེད་མགོ་སློང་བ། འབྲེལ་ཡོད་ཐོན་ཁུངས་དཔྱ་ཁྲལ་གྱི་སྲིད་ཇུས་འཐུས་ཚང་དུ་གཏང་དགོས་ཤིང། རྒྱལ་ཁབ་ཀྱི་འཛད་སྤྱོད་དཔྱ་ཁྲལ་དང་འཁོར་རིགས་བསྡུ་ཉོའི་དཔྱ་ཁྲལ། མི་སྒེར་གྱི་ཐོབ་ཁྲལ་དང་ས་ཁང་བདག་ཁོངས་ཀྱི་དཔྱ་ཁྲལ་སོགས་བཅོས་སྒྱུར་གྱི་རྗེས་བསྙེགས་ཏེ། ས་གནས་ཀྱི་སྤྱི་པའི་ནོར་སྲིད་ཡོང་འབབ་དང་ས་ཁུལ་གྱི་ཐོན་སྐྱེད་བསྡོམས་འབོར་མཐུན་སྦྱོར་ངང་འཕར་བར་མངོན་འགྱུར་བྱ་དགོས། ཞིབ་རྩིས་གང་ལེགས་བརྒྱབ་ཏེ་སྤྱིར་བཏང་གི་འགྲོ་སྒོ་ཇེ་ཉུང་ལ་གཏང་དགོས།

དངུལ་རྩས་དངོས་གཉེར་དཔལ་འབྱོར་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏང་དགོས། དངུལ་རྩས་མཁོ་འདོན་ཕྱོགས་ཀྱི་སྒྲིག་གཞིའི་རང་བཞིན་གྱི་བཅོས་སྒྱུར་ལ་རོགས་སྐྱོར་བྱེད་ཐབས་དོན་ཚན20དོན་ཐོག་ཏུ་འཁྱོལ་བར་བྱེད་པ་དང། “དངུལ་རྩས་ཁེ་ལས་ལ་དྲོད་ཁོལ་སྦྱིན་པའི”འགུལ་སྐྱོད་སྤེལ་བ་དང། ཁྱད་པར་ལྡན་པའི་དངུལ་ལོར་གྱི་སྲིད་ཇུས་བེད་སྤྱོད་གང་ལེགས་བྱས་ཏེ། གཙོ་གནད་ལས་རིགས་དང་གནད་ཆེའི་ལས་གཞི་ལ་ནུས་ལྡན་གྱིས་འབྲེལ་མཐུད་བྱས་ཐོག དངུལ་བུན་ལྷག་གྲངས9%འཕར་བར་བརྩོན་ལེན་བྱ་དགོས། རྒྱལ་ཁབ་ཀྱི་ཀུན་ཕན་དངུལ་རྩ་ཕྱོགས་བསྡུས་དཔེ་སྟོན་ཁུལ་ཚོད་ལྟའི་བྱ་བ་ལེགས་འཛིན་བྱེད་པ་དང། དངུལ་རྩའི་སྒྲིག་གཞི་དེ་གཙོ་བོ་མཚོ་སྔོན་ལྷོ་རྒྱུད་ས་ཁུལ་གྱི་རྫོང་ཁོངས་སུ་བསྲིང་བར་སྐུལ་སྤེལ་བཏང་སྟེ། “ཞིང་གསུམ”དང་དངུལ་རྩའི་ཞབས་ཕྱི་ཆུང་གྲས་ཀྱི་ཁྱབ་རྒྱ་དང་ཐོབ་པའི་རང་བཞིན་མཐོ་རུ་གཏང་དགོས། གྲོང་སྡེའི་དངུལ་ཁང2འཛུགས་པ་དང། ཞིང་སྡེའི་ཡིད་རྟོན་མཉམ་ལས་དངུལ་ཁང་ཡོངས་རྫོགས་ཞིང་ལས་ཚོང་དོན་དངུལ་ཁང་དུ་བསྒྱུར་ཐོག མཚོ་སྔོན་དངུལ་ཁང་གིས་མ་དངུལ་འཕར་སྣོན་དང་མ་རྐང་རྒྱ་བསྐྱེད་ཐེངས་བཞི་བ་ཇེ་མགྱོགས་སུ་གཏང་དགོས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ལྗང་མདོག་དངུལ་བསྡུའི་བཅོས་སྒྱུར་ཚོད་ལྟའི་བྱ་བ་ལེགས་འཛིན་བྱས་ཏེ། ཐཱན་ཕྱིར་གཏོང་དབང་ཆ་དང་སྙིགས་རོ་ཕྱུང་འབུད་དབང་ཆ། ནུས་ཁུངས་བེད་སྤྱོད་དབང་ཆ་སོགས་ཁོར་ཡུག་གི་ཁེ་དབང་སྣ་ཚོགས་ལ་བརྟེན་ནས་མ་དངུལ་སྡུད་པའི་ཡོ་བྱད་ཧུར་ཐག་གིས་འཚོལ་ཞིབ་བྱ་དགོས། བཟོ་བཀོད་ཇུས་འགོད་གླིང་དང་ལུའུ་ཆིན་གཟན་ཆས་སོགས་ཁེ་ལས་ཀྱིས་མ་རྐང་ཚོང་རར་འགྲེམ་པར་སྐུལ་འདེད་དང། ཡུན་ཐུང་དངུལ་སྡུད་བུན་འཛིན་དང་ཡུན་འབྲིང་གི་འཛིན་ཤོག་སོགས་ཧུར་ཐག་གིས་འགྲེམས་སྤེལ་བྱས་ནས། ཐད་ཀར་མ་དངུལ་སྡུད་རུབ་ཀྱི་གཞི་རྒྱ་བསྐྱེད་དགོས།

(བཅུ།)སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་གྱི་སྒྲིག་སྲོལ་འཐུས་ཚང་དུ་བཏང་སྟེ། ཁྱོན་ཡོངས་ནས་སྒོ་འབྱེད་གྱི་རྣམ་པ་གསར་པ་བསྐྲུན་དགོས།

ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱེད་ཤུགས་ཆེ་རུ་གཏང་དགོས། ཚོང་རར་ཞུགས་འཐུས་ཀྱི་བཀག་རྒྱའི་གསལ་ཐོ་ལམ་ལུགས་ཁྱོན་ཡོངས་ནས་ལག་བསྟར་བྱ་དགོས། ཚོང་དོན་ལམ་ལུགས་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང། “དཔང་འཛིན་དང་ལག་ཁྱེར་སོར་འབྱེད”དང་དྲ་ཐོག་ཏུ་ཞིབ་མཆན་འགོད་པར་མགྱོགས་མྱུར་ངང་སྐུལ་འདེད་བཏང་སྟེ། བཟོ་ཚོང་ཐོ་འགོད་སྟབས་བདེ་ཅན་དུ་བསྒྱུར་བའི་ཆུ་ཚད་ཇེ་མཐོར་གཏང་དགོས། ཁེ་ལས་དང་འབྲེལ་བའི་གཉེར་སྐྱོང་ཞབས་ཕྱིའི་རང་བཞིན་གྱི་རིན་དངུལ་བསྡུ་ཚུལ་བསྟུད་མར་ཚད་ལྡན་དུ་གཙང་བཤེར་བྱ་བ་དང། གཉེར་སྐྱོང་རང་བཞིན་གྱི་རིན་དངུལ་སྲིད་གཞུང་གིས་གཏན་འཁེལ་བྱེད་པའི“དྲ་བ་གཅིག”ཅན་ལག་བསྟར་བྱས་ཏེ། ལུགས་དང་མི་མཐུན་པའི་རིན་དངུལ་བསྡུ་ལེན་གྱི་མེ་རོ་བསྐྱར་འབར་ལ་མཐའ་གཅིག་ཏུ་སྔོན་འགོག་བྱ་དགོས། ལས་དོན་སྒྲུབ་སྒང་དང་བསྒྲུབས་རྗེས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བྱ་བ་དང། “སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག”གི་ལྟ་སྐུལ་དོ་དམ་བྱེད་སྟངས་ཁྱོན་ཡོངས་ལ་ཁྱབ་པར་སྐུལ་འདེད་བྱས་ཏེ། ཕྱོགས་བསྡུས་ཁྲིམས་བསྟར་བཅོས་སྒྱུར་ལ་སྐུལ་འདེད་བྱས་ཐོག དཀྱེལ་ཡངས་གཟབ་ནན་གྱི་ལྟ་སྐུལ་དོ་དམ་ལ་བརྟེན་ནས་སྒུལ་ནུས་གསར་པ་བདེ་བླག་ངང་འཚར་ལོངས་ཡོང་བར་རོགས་འདེགས་བྱ་དགོས། སྲིད་དོན་སྤྲིན་སྟེགས་མགྱོགས་མྱུར་ངང་སྐྲུན་པ་དང། “དྲ་སྦྲེལ+སྲིད་གཞུང་གི་ཞབས་ཕྱི”སྐུལ་སྤེལ་བྱས་ཏེ། དངོས་གཞིའི་ཞབས་ཕྱིའི་ཚོམས་ཆེན་དྲ་ཐོག་ཏུ་བསྲིང་པར་སྐུལ་འདེད་བྱས་ཐོག གཅིག་བསྡུས་ཀྱིས་ཞིབ་མཆན་འགོད་པ་ནས་འདུས་གྲུབ་ཀྱི་ཞབས་ཕྱིའི་ཕྱོགས་སུ་བསྒྱུར་དགོས།

ཁྱབ་ཁོངས་གཙོ་བོ་བཅོས་སྒྱུཪ་ཟབ་མོ་བྱ་དགོས། རྒྱལ་གཉེར་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་པ་དང། དེང་རབས་ཀྱི་ཁེ་ལས་ལམ་ལུགས་དང་ཀུང་སིའི་ཁྲིམས་མི་བཅོས་སྐྱོང་སྒྲིག་གཞི་འཐུས་ཚང་དུ་བཏང་ཐོག རྒྱལ་གཉེར་ཁེ་ལས“3+10”ཡི་བཅོས་སྒྱུར་ལ་སྐུལ་སྤེལ་གཏོང་བ་དང། དབང་བའི་ལམ་ལུགས་འདྲེས་མ་བཅོས་སྒྱུར་དང། ལས་བཟོ་བས་རྐང་འཛིན་དང་ཁེ་ལས་ཀྱི་ཏུང་ཧྲི་ལྷན་ཚོགས་འཛུགས་པ་ཚད་མཐུན་གྱི་ཚོད་ལྟར་སྐུལ་འདེད་གཏོང་བ། རྒྱལ་དབང་རྒྱུ་ནོར་ལ་ལྟ་སྐུལ་དོ་དམ་བྱེད་སྟངས་ལེགས་སྒྲིག་བྱ་དགོས་ཤིང། རྒྱལ་དབང་མ་རྩ་དངུལ་འཇོག་གཉེར་སྐྱོང་ཀུང་སིར་ཕྱོགས་བསྡུས་རང་བཞིན་གྱི་བཅོས་བསྒྱུར་ཟབ་མོ་བྱེད་པ་དང། “མཁོ་འདོན་གསུམ་དང་ལས་རིགས་གཅིག”དབྱེ་གྱེས་རྩིས་སྤྲོད་བྱ་བ་འོས་མཐུན་གྱིས་ལེགས་སྒྲུབ་བྱས་ཏེ། རྒྱལ་དབང་མ་རྩའི་སྤུས་ཚད་ཇེ་ལེགས་ཇེ་བཟང་ཇེ་ཆེ་རུ་གཏང་དགོས། རྒྱལ་ཁབ་རྡོ་སྣུམ་དང་རང་བྱུང་སོལ་རླངས། གློག་ཤུགས་ཀྱི་སྒྲིག་སྲོལ་བཅོས་སྒྱུར་འཆར་འགོད་དོན་འཁྱོལ་ཡག་པོ་བྱ་དགོས། དོན་ལས་སྡེ་ཚན་བཅོས་སྒྱུར་ཟབ་མོ་བྱེད་པ་དང། སྤྱི་ཕན་གྱི་རང་བཞིན་ཤུགས་དྲག་ཏུ་བཏང་སྟེ། དོན་ལས་དང་སྲིད་གཞུང་སོར་འབྱེད་དང་དོན་ལས་དང་ཁེ་ལས་སོར་འབྱེད། དོ་དམ་དང་ལས་སྒྲུབ་སོར་འབྱེད་བཅས་ལ་སྐུལ་འདེད་བྱ་དགོས། ཡིད་རྟོན་མ་ལག་འཛུགས་སྐྱོང་མགྱོགས་པོར་བྱེད་པ་དང། སྤྱི་པའི་ཡིད་རྟོན་ཆ་འཕྲིན་མཉམ་སྤྱོད་ལས་སྟེགས(མཚོ་སྔོན)དང“ཡིད་རྟོན་ཀྲུང་གོའི(མཚོ་སྔོན)”དྲ་ཚིགས་འཐུས་ཚང་དུ་བཏང་ནས། ཡིད་རྟོན་ཆ་འཕྲིན་བསྡུ་རུབ་དང། མཉམ་སྤྱོད། སྤྱི་བསྒྲགས། བེད་སྤྱོད་ཆུ་ཚད་བཅས་མཐོ་རུ་བཏང་ཐོག “མིང་ཐོ་དམར་པོ་དང་ནག་པོའི”ལམ་ལུགས་དོན་ཐོག་ཏུ་འཁྱོལ་བར་བྱ་བ་དང། ཡིད་རྟོན་ལ་མཉམ་འབྲེལ་གྱིས་བྱ་དགའ་སྟེར་བའམ་ཆད་པ་གཅོད་ཤུགས་ཆེ་རུ་གཏོང་བ་དང། དངུལ་རྩ་དང་དྲ་ཐོག་ཚོང་དོན་ཁྱབ་ཁོངས་སུ་ཁ་དན་ཚིག་ལ་མ་གནས་པའི་གནད་དོན་ཚབས་ཆེན་ཆེད་དོན་བཅོས་སྐྱོང་གི་ལས་སྒོ་སྤེལ་དགོས། དེང་རབས་ནོར་སྲིད་ལམ་ལུགས་གང་མགྱོགས་ཀྱིས་འཛུགས་པ་དང། ཞིང་ཆེན་དང་གྲོང་ཁྱེར་རམ་ཁུལ་གྱི་ཡོང་འབབ་ཆ་བགོས་ཀྱི་ཇུས་གཞི་འཐུས་ཚང་བཏང་ནས། ཞིང་ཆེན་རིམ་པ་མན་གྱི་དོན་གཅོད་དབང་ཆ་དང་འགྲོ་སྒོའི་འགན་འཁྲི་ལུགས་མཐུན་གྱིས་གཏན་ཁེལ་བྱས་ཐོག ཞིང་ཆེན་རིམ་པའི་དོན་གཅོད་དབང་ཆ་དང་འགྲོ་སྒོའི་འགན་འཁྲི་འོས་འཚམ་གྱིས་ཇེ་ཆེར་གཏང་དགོས། ཚན་རྩལ་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་བྱ་བ་དང། ཚན་རྩལ་གྲུབ་འབྲས་ཁེ་བཟང་དུ་བསྒྱུར་བ་མཉམ་སྤྱོད་ཀྱི་བསྡུར་ཚད་ཇེ་མཐོར་བཏང་སྟེ། ཚན་རྩལ་འཆར་གཞིའི་ལས་ཕྱོད་ལ་གདེང་འཇོག་དང། ལེགས་སྒྲིག མཚམས་འཇོག་པ་བཅས་ཀྱི་རྐྱེན་སྲོལ་འཛུགས་དགོས། རིན་གོང་བཅོས་སྒྱུར་བྱ་བར་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང། འགྲན་རྩོད་རང་བཞིན་གྱི་ཁྱབ་ཁོངས་ཀྱི་རིན་གོང་གང་མགྱོགས་ཀྱིས་གློད་པ་དང། ཆུ་རླངས་དྲོད་གསུམ་སོགས་ལ་སྲིད་གཞུང་གིས་རིན་གོང་གཏན་ཁེལ་བྱས་ནས་དོ་དམ་བྱེད་སྟངས་ཚད་ལྡན་དུ་གཏང་དགོས། གཞུང་འཁོར་བཅོས་སྒྱུར་ཡོངས་འགྲུབ་བྱ་དགོས།

“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྱོང་ཁྲོད་དུ་ཟབ་ཞུགས་བྱ་དགོས། འཐབ་ཇུས་བགྲོད་ལམ་ལས་གཞི་མགྱོགས་མྱུར་ངང་ལག་བསྟར་བྱས་ནས། ནུབ་ཕྱོགས་སུ་སྒོ་འབྱེད་པའི་དངོས་ཟོག་འདུ་འགྲེམས་ལྟེ་གནས་ཆེ་གྲས་བསྐྲུན་པར་ཇུས་འགོད་བྱ་དགོས། མཚོ་རྒྱུད་དང་མཐའ་རྒྱུད་ས་ཁུལ་དང་འགག་སྒྲོལ་གཞི་གཅིག་ཅན་གྱི་མཉམ་ལས་ལ་ཤུགས་སྣོན་པ་དང། ཟི་ལིང་གནམ་ཐང་གི་གྲུ་ཁའི་རྨང་གཞིའི་ཆ་འགྲིག་འཐུས་ཚང་དུ་བཏང་ཐོག ཀྲུང་གོ་དང་ཡོ་རོབ་བར་གྱི་རེས་འཁོར་གནམ་གྲུ་རྒྱུན་རྣམ་ཅན་དུ་གཉེར་སྐྱོང་བྱེད་པར་སྐུལ་འདེད་གཏང་དགོས། སྲུང་སྐྱོབ་ཆེན་པོ་མཉམ་འཛིན་དང་གསར་སྤེལ་ཆེན་པོ་མི་བྱེདཔའི་བླང་བྱ་ལྟར། འབྲི་ཆུའི་དཔལ་འབྱོར་རྒྱུད་གོང་དུ་སྤེལ་བའི་ཁྲོད་ཧུར་ཐག་གིས་ཞུགས་པ་དང། རྒྱལ་ཁབ་ཀྱི་ཆུ་རྒྱུན་འབབ་ཡུལ་ལ་འཕྲེད་ཕྱོགས་སྐྱེ་ཁམས་ཁ་གསབ་རོགས་དངུལ་སྟེར་བའི་རྐྱེན་སྲོལ་རྗེས་བསྙེགས་ནས་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་མཉམ་ལས་ལ་སྐུལ་འདེད་བྱ་དགོས། རྒྱལ་ཁབ་ཀྱི་རང་མོས་ཉོ་ཚོང་ཁུལ་གྱི་ཉམས་མྱོང་ཇི་མ་ཇི་བཞིན་ཁྱབ་གདལ་བྱས་ཏེ། ཆ་རྐྱེན་འཛོམས་པའི་ས་ཁུལ་དུ་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་འཛུགས་དགོས། ཕྱི་ཕྱོགས་ཉོ་ཚོང་ཐད་ནས་གསར་གཏོད་དང་གོང་སྤེལ་གཏོང་བར་སྐུལ་བ་དང། མཚོ་བོད་རྒྱལ་སྤྱིའི་སྐམ་སའི་གྲུ་ཁའི་ལས་གཞི་ལག་ཏུ་བསྟར་བ་དང། ཨ་སྒོར་བྱེ་བ་བསྐྲུན་པའི་སྦས་ཤུགས་ལྡན་པའི་ཁེ་ལས་དང་ཕྱིར་གཏོང་གི་རང་བདག་ཚོང་རྟགས་གཉིས་གསོ་སྐྱོང་གི་འཆར་གཞིར་སྐུལ་འདེད་གཏོང་བ་དང། ཁྱད་ཆོས་ལྡན་པའི་ཡང་བའི་བཟོ་ལས་དང་ནུས་ཁུངས་གསར་པའི་རིགས་སྒྱུར་རིམ་སྤར་དཔེ་སྟོན་རྟེན་གཞི་བསྐྲུན་པ་དང། འཕང་འབྲས་སོགས་ཁེ་ལས་ཀྱི་ཕྱིར་གཏོང་ཐོབ་ཐང་ངོས་ལེན་བདེན་དཔང་གསོ་སྐྱོང་རྒྱ་བསྐྱེད་ཅིང། ས་གདན་དང་ལིན་སྐྱུར་ལྕགས་ལིས་སོགས་ཐོན་རྫས་ཕྱིར་གཏོང་བར་རྒྱབ་སྐྱོར་བྱས་ནས། ཕྱིར་གཏོང་ནང་འདྲེན་བྱས་པའི་བསྡོམས་འབོར8%འཕར་བར་མངོན་འགྱུར་བྱ་དགོས། “ཆེན་པོ་ལེགས་པོ་གསར་བ་གསུམ་མཚོ་སྔོན་དུ་འདྲེན་པར”དམིགས་ཏེ། སྤེལ་རེས་མཉམ་ལས་གཏིང་ཟབ་བྱེད་པ་དང། མཚོ་སྔོན་དཔལ་འབྱོར་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུ་དང་མཚོ་སྐོར་ལྕགས་རྟ་འགྲན་རྒྱུག རིག་གནས་ཡུལ་སྐོར་དུས་ཆེན། བོད་ཀྱི་ས་གདན་འགྲེམས་སྟོན་སོགས་འགྲན་ཚོགས་དང“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གཉིས་སྦྲེལ་མཐུད་ནུས་ལྡན་བྱས་ཐོག “རྒྱུད་གཅིག་ལམ་གཅིག”གི་དཔལ་འབྱོར་ཚོང་དོན་གྲོས་མོལ་ཚོགས་འདུ་བསྡུས་ནས། རིམ་པ་ཇེ་མཐོ་དང་ཤུགས་རྐྱེན་རྒྱ་ཆེར་བཏང་ནས། ཚོང་འགུགས་དངུལ་འདྲེན་གྱི་གན་རྒྱ་འཇོག་ཚད་དང། གན་རྒྱ་ལག་ཏུ་བསྟར་ཚད། མ་དངུལ་མཁོ་སར་འབྱོར་ཚད་བཅས་ལོ་གོང་མ་ལས་མང་བ་ཁག་ཐེག་བྱ་དགོས།

སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་གོང་དུ་སྤེལ་བར་རྒྱབ་སྐྱོར་བྱ་དགོས། སྤྱི་ལ་དབང་བའི་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་ཁེ་ལས་ཀྱི་སྤྱི་པའི་ཞབས་ཕྱིའི་ལས་སྟེགས་བཙུགས་ནས། སྲིད་ཇུས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་དང་རེ་ཞུའི་ཐབས་ལམ་ཐོགས་མེད་ཡོང་བར་བཟོས་ཏེ། མ་དངུལ་སྡུད་དཀའ་བ་དང་སྡུད་རིན་མཐོ་བའི་གནད་དོན་འབད་བརྩོན་གྱིས་སེལ་དགོས། རྒྱལ་གཉེར་དང་དམངས་གཉེར་ཁེ་ལས་ལ་ཕྱོགས་རིས་མེད་པ་རྒྱུན་འཁྱོངས་དང་ཚོང་རར་ཞུགས་འཐུས་ཀྱི་ཚད་གཞི་ཇེ་དམའ་རུ་བཏང་ནས། ལས་རིགས་ཀྱི་གེགས་རྐྱེན་སེལ་ཏེ་གཅིག་གྱུར་གྱིས་འཆར་འགོད་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང། རྒྱུ་རྐྱེན་གཙོ་བོ་སྒྲིག་བཀོད་ལེགས་པོ་བྱས་ཏེ། གཙོ་བོ་སྐུལ་ཁྲིད་ཀྱི་ནུས་པ་ཆེ་བའི་དམངས་གཉེར་ཁེ་ལས་སྐོར་ཅིག་གི་ལས་གཞི་གལ་ཆེན་བསྐྲུན་པར་རྒྱབ་སྐྱོར་བྱ་དགོས། མཐོང་ཆུང་རང་བཞིན་གྱི་ཚད་བཀག་དང་མངོན་མེད་འགལ་རྐྱེན་སྣ་ཚོགས་སྔར་ལས་སེལ་ནས་ཐོན་དབང་སྲུང་སྐྱོང་ལ་ཤུགས་སྣོན་པ་དང། གསར་བྱུང་གི་སྲིད་ཚོང་འབྲེལ་བ་ཉེ་ཞིང་གསལ་བ་མགྱོགས་མྱུར་ངང་འཛུགས་དགོས། ཁེ་ལས་པའི་སྙིང་སྟོབས་སྐུལ་སློང་དང་སྲུང་སྐྱོང་བྱས་ཐོག ཁེ་ལས་པ་གསོ་སྐྱོང་ལས་གྲྭ་ལག་བསྟར་དང། སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་གོང་འཕེལ་དང་ཁེ་ལས་པ་བདེ་ཐང་ངང་ནར་སོན་པར་ཕན་པའི་སྲིད་ཇུས་དང་ཁྲིམས་སྐྱོང། ཚོང་ར། དངུལ་གཏོང་བཅས་ཀྱི་ཁོར་ཡུག་བསྐྲུན་ནས་ཁེ་ལས་པའི་ནུས་པ་སྔར་ལས་ལེགས་པོ་འདོན་དུ་འཇུག་དགོས།

རོགས་སྐྱོར་བྱ་བ་དངོས་གནས་ལེགས་འཛིན་བྱ་དགོས། རོགས་སྐྱོར་བྱ་བའི་རྐྱེན་སྲོལ་དོན་འཁྱོལ་དང་འཐུས་ཚང་དུ་བཏང་ཐོག མཐོ་རིམ་ཕན་ཚུན་བར་འབྲེལ་འདྲིས་བརྗེ་རེས་བྱེད་པར་ཤུགས་སྣོན་དང། སྡེ་ཁག་བར་དུ་ཆ་བསྒྲིགས་ནས་མཉམ་སྐྲུན་བྱེད་པའི་རྐྱེན་སྲོལ་འཛུགས་པ་དང། མཚོ་སྔོན་ལ་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར6གི་སྲིད་གཞུང་བར་དུ་མཉམ་ལས་སྒྲོམ་གཞིའི་གྲོས་ཆིངས་འཇོག་དགོས། ལས་སྟེགས་གསར་པ་ཇུས་བཟོ་བྱས་ཐོག རོགས་སྐྱོར་བྱ་བ་དེ“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་དང་འབྲི་ཆུའི་དཔལ་འབྱོར་ས་རྒྱུད་འཛུགས་སྐྲུན་ལ་ནུས་ཡོད་སྒོས་ཟུང་དུ་སྦྲེལ་ཏེ། ལག་གདང་སྦྲེལ་ནས་མཉམ་སྐྱོད་མཉམ་སྐྲུན་བྱེད་པའི་ཐད་ནས་འགག་སྒོ་གསར་བ་གཏོར་དགོས། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་གྱི་འཆར་གཞི་ལག་བསྟར་བཟང་པོ་བྱེད་པ་དང། ལོ་འཁོར་གྱི་རིགས་མཐུན་རོགས་སྐྱོར་མ་དངུལ་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། གཙོ་བོ་དབུལ་ཕོངས་ས་ཁུལ་གྱི་བདེ་སྡོད་དང་ལས་ཞུགས། སློབ་གསོ། སྨན་བཅོས། ཐོན་ལས་བཅས་གོང་དུ་སྤེལ་བར་རོགས་སྐྱོར་བྱ་དགོས། སློབ་གྲྭ་དང་སྨན་ཁང་ཆ་བསྒྲིགས་ནས་རོགས་སྐྱོར་བྱ་བར་སྐུལ་འདེད་གཏོང་བ་དང། ཡུལ་གཞན་དུ་མཐོ་འབྲིང་གི་འཛིན་གྲྭ་དང་འབྲིང་རིམ་ལས་རིགས་འཛིན་གྲྭ་གཉེར་བའི་གཞི་རྒྱ་བརྟན་འཇགས་ངང་རྒྱ་བསྐྱེད་པ་དང། ཁུལ་རིམ་པའི་ཕྱོགས་བསྡུས་སྨན་ཁང་ལེགས་པར་གཉེར་བར་རྒྱབ་སྐྱོར་བྱ་དགོས། མཚོ་སྔོན་ལ་རོགས་སྐྱོར་བྱེད་མཁན་ལས་བྱེད་པ་འཇོན་ཐང་ཅན་ལ་ཞབས་ཕྱི་འགན་སྲུང་ལེགས་པོ་བྱ་་དགོས།

འཐུས་མི་རྣམ་པ། 2018ལོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་སྔོན་དཔག་གི་དམིགས་འབེན་ཡོངས་འགྲུབ་བྱེད་པའི་ལས་འགན་དཀའ་ཚེགས་ཆེ་ཞིང་འགན་འཁྲི་ལྕི་བས། ཞིང་ཆེན་ཏང་ཨུའི་ཡང་དག་པའི་མགོ་ཁྲིད་འོག་ཏུ། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་བྱས་ནས། ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་ནན་ཏན་སྒོས་ལག་བསྟར་དང། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་བཀོད་སྒྲིག་སྒོ་ཀུན་ནས་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། ཡིད་ཆེས་བརྟན་བཅངས་དང་དཀའ་ངལ་ཁྱད་གསོད། བདེན་འཚོལ་དོན་གཉེར། དཀའ་སྤྱད་སྡུག་རུས་ཀྱི་སྒོ་ནས“འགྲོས་མཉམ་གཅིག་དང་སྔར་ལས་བཞིའི”དམིགས་འབེན་མངོན་འགྱུར་བྱ་བར་འབད་པ་ལྷུར་ལེན་བྱ་དགོས།།