མཚོ་སྔོན་ཞིང་ཆེན་གྱི2017ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ་དང2018ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་ཞུ། ཀ་བ།

ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཡིག་ཆ།(དོན་གཉིས་པ)

མཚོ་སྔོན་ཞིང་ཆེན་གྱི2017ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ་དང2018ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་ཞུ།

---2018ལོའི་ཟླ1པའི་ཚེས25ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་སྟེང།

མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན།

ཞིང་ཆེན་མི་དམངས་སྲིད་གཞུང་གི་མངག་བཅོལ་ལྟར། ད་ལྟ2017ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ་དང2018ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་ཞུ་ལ་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོས་གྲོས་ཞིབ་གནང་བར་ཕུལ་བ་དང། སྲིད་གྲོས་ཀྱི་ཨུ་ཡོན་དང་གྲོས་ཚོགས་སུ་ཟུར་ཞུགས་མཛད་པའི་བློ་མཐུན་རྣམ་པས་ཀྱང་དགོངས་འཆར་འདོན་རོགས་ཞུ།

གཅིག 2017ལོར་ཞིང་ཆེན་ཡོངས་ཀྱི་སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ།

2017ལོར་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གི་མགོ་ཁྲིད་བརྟན་པོའི་འོག་དང། རིམ་པ་སོ་སོའི་དམངས་འཐུས་ཚོགས་ཆེན་དང་དེའི་རྒྱུན་ཨུ་ཁང་གི་ལྟ་སྐུལ་མཛུབ་སྟོན་འོག་ཏུ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ནོར་སྲིད་སྡེ་ཁག་གིས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་མཛུབ་སྟོན་དུ་བཟུང་བ་དང། སྔོན་རྩིས་བཅའ་ཁྲིམས་རྦད་ཆོད་སྒོས་ལག་ལེན་མཐར་ཕྱིན་བྱས་ཤིང། ”ཏན་ཏན་ཏིག་ཏིག་བཞིའི”བླང་བྱ་གལ་ཆེན་ནན་ཏན་སྒོས་དོན་འཁྱོལ་དང། བརྟན་བརླིང་ཁྲོད་འཕེལ་རྒྱས་བརྩོན་ལེན་གྱི་བྱ་བའི་སྤྱིའི་མདོ་དོན་རྒྱུན་འཁྱོངས། ”སྒྱུར་བ་བཞིའི”བསམ་ཕྱོགས་གསར་བ་རང་རྟོགས་སྒོས་ལག་ལེན་བཅས་བྱས་ཐོག འཕེལ་རྒྱས་ཀྱི་འདུ་ཤེས་གསར་བས་དཔལ་འབྱོར་གོང་འཕེལ་གྱི་རྒྱུན་རྣམ་གསར་བར་སྣེ་ཁྲིད་དང། དཀའ་བ་ཁྱད་དུ་བསད་ནས་ཡོང་འབབ་འཛིན་པ། ཤུགས་ཡོད་རྒུས་ཕན་འབྲས་མཐོར་འདེགས་དང་འཕར་ཚད་བརྟན་པོར་བཏང་ཞིང། བྱེད་ཐབས་གསར་གཏོད་བྱས་ནས་ཕན་ཁེ་བསྐྲུན་པ་དང། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་སྒོས་དམངས་འཚོ་ཁག་ཐེག ཧུར་ཐག་བརྟན་བརླིང་སྒོས་བཅོས་སྒྱུར་ལ་སྐུལ་འདེད་བྱས་པས། ཞིང་ཆེན་ཡོངས་ཀྱི་ནོར་སྲིད་གཏོང་ཡོང་འཁོར་རྒྱུག་བྱེད་ཚུལ་བརྟན་འཇགས་ཡིན་ལ། དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་སུ་འགྲོ་བར་ནུས་ལྡན་སྒོས་འགན་སྲུང་བྱས་ཡོད།

(གཅིག) 2017ལོའི་སྔོན་རྩིས་གཏོང་ཡོང་གི་གནས་ཚུལ།

1. སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས།

(1) ཞིང་ཆེན་ཡོངས་སུ་ལག་བསྟར་བྱས་པའི་གནས་ཚུལ། ཞིང་ཆེན་ཡོངས་ཀྱི་ས་གནས་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་སྒོ་སྒོར་དུང་ཕྱུར246.1ཡོད་ཅིང། སྔོན་རྩིས་ཀྱི101.3%ཡིན་ལ། 2016ལོའི་ཁ་ཚད་གཅིག་པ་དང་བསྡུར་ན9.3%འཕར་བ་རེད།

ཞིང་ཆེན་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་འགྲོ་སྒོ་སྒོར་དུང་ཕྱུར1530.3ཡོད་ཅིང། ལོ་སྔོན་མ་ལས་སྒོར་དུང་ཕྱུར5.5ཇེ་མང་དུ་སོང་བ་དང། སྔོན་རྩིས་ལག་བསྟར་བྱས་ཚད98.7%ཡིན། དེའི་ནང་དུ་སྤྱིར་བཏང་གི་སྤྱི་པའི་ཞབས་ཕྱིའི་ཐད་ལ་སྒོར་དུང་ཕྱུར128.1བཏང་ཞིང5.5%འཕར། སྤྱི་པའི་བདེ་འཇགས་ཐད་ལ་སྒོར་དུང་ཕྱུར90.1བཏང་ཞིང27%འཕར། སློབ་གསོའི་ཐད་ལ་སྒོར་དུང་ཕྱུར188.1བཏང་ཞིང9.8%འཕར། ཚན་རིག་ལག་རྩལ་ཐད་ལ་སྒོར་དུང་ཕྱུར11.9བཏང་ཞིང9.5%འཕར། རིག་གནས་ལུས་རྩལ་དང་སྨྱན་བྱད་ཐད་ལ་སྒོར་དུང་ཕྱུར37.1བཏང་ཞིང11.5%འཕར། སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་ཀྱི་ཐད་ལ་སྒོར་དུང་ཕྱུར211.4བཏང་ཞིང7.7%འཕར། སྨན་བཅོས་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་ཐད་ལ་སྒོར་དུང་ཕྱུར128.8བཏང་ཞིང25%འཕར། ནུས་སྲི་ཁོར་སྲུང་ཐད་ལ་སྒོར་དུང་ཕྱུར64.2བཏང་ཞིང12.5%མར་ཆག གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་ཐད་ལ་སྒོར་དུང་ཕྱུར142.4བཏང་ཞིང18.9%འཕར། ཞིང་ནགས་ཆུ་གསུམ་གྱི་ལས་དོན་ཐད་ལ་སྒོར་དུང་ཕྱུར224.8བཏང་ཞིང3.3%མར་ཆག འགྲིམ་འགྲུལ་སྐྱེལ་འདྲེན་ཐད་ལ་སྒོར་དུང་ཕྱུར95.2བཏང་ཞིང46.7%མར་ཆག སྡོད་ཁང་འགན་སྲུང་ཐད་ལ་སྒོར་དུང་ཕྱུར57.8བཏང་ཞིང17.3%མར་ཆག ལས་གཞི་སྐོར་ཅིག་གི་འགྲོ་སྒོ་མར་ཆག་པའི་རྒྱུ་རྐྱེན་གཙོ་བོ་ནི། ཀྲུང་དབྱང་གི་འབྲེལ་ཡོད་སྲིད་ཇུས་ལེགས་སྒྲིག་བྱས་ནས་ཆེད་སྤྱོད་ཁ་གསབ་རོགས་དངུལ་ཁག་ཅིག་ཇེ་ཉུང་དུ་བཏང་བ་དང། ལོ་སྔོན་མར་ཐེངས་གཅིག་གིས་བཀོད་སྒྲིག་བྱས་པ་སོགས་ཀྱི་རྐྱེན་རེད།

ཞིང་ཆེན་ཡོངས་སུ་སྔོན་རྩིས་ལག་བསྟར་བྱས་པའི་མཇུག་འབྲས་ནི། སྤྱིའི་ནོར་ཤུགས་སྒོར་དུང་ཕྱུར1650.8ཡོད་ཅིང། ལོ་སྔོན་མ་དང་ཕལ་ཆེར་འདྲ་མཉམ་ཡིན། དེའི་ནང་དུ་ས་གནས་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་སྒོ་སྒོར་དུང་ཕྱུར246.1ཡོད་པ་དང། ཀྲུང་དབྱང་གི་ཁ་གསབ་ཡོང་སྒོ་སྒོར་དུང་ཕྱུར1113.4ཡོད། གསར་དུ་བཀྲམ་པའི་ས་གནས་སྲིད་གཞུང་གི་བུན་འཛིན་སྒོར་དུང་ཕྱུར96.2ཡོད། སྔོན་ལོའི་ལྷག་འཕྲོ་རྩིས་ཁོངས་སྤོས་པ་སྒོར་དུང་ཕྱུར33ཡོད་ཅིང། སྔོན་རྩིས་གཏན་འཇགས་སྙོམ་སྒྲིག་ཐེབས་རྩ་སྒོར་དུང་ཕྱུར92.9དང། ལོ་རིམ་བྱུང་གི་ནོར་སྲིད་ཀྱི་བསགས་དངུལ་དང་སྲིད་གཞུང་རང་བཞིན་གྱི་ཐེབས་རྩ་སོགས་སྒོར་དུང་ཕྱུར69.2ནང་འདྲེན་བྱས་ཡོད། དེ་ལས་གཞན་བརྗེ་སྒྱུར་བུན་འཛིན་སྒོར་དུང་ཕྱུར238.1འགྲེམ་སྤེལ་བྱས། ཞིང་ཆེན་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་འགྲོ་སྒོ་སྒོར་དུང་ཕྱུར1530.3བཏང་ཞིང། བུ་ལོན་གྱི་མ་རྩ་འཇལ་བའི་འགྲོ་སྒོ་སྒོར་དུང་ཕྱུར239.7བཏང། སྔོན་རྩིས་གཏན་འཇགས་སྙོམ་སྒྲིག་ཐེབས་རྩ་སྒོར་དུང་ཕྱུར91.8བཀོད་སྒྲིག་བྱས་པ་དང། གོང་སྤྲོད་འགྲོ་སྒོ་སྒོར་དུང་ཕྱུར1.3བཏང། གཏོང་ཡོང་གཉིས་ཐོད་གཏུག་རྗེས་ལོ་མཇུག་ཏུ་སྒོར་དུང་ཕྱུར25.8ལྷག་ཡོད་ལ། ཚང་མ་ལོ་རྗེས་མའི་འགྲོ་སྒོའི་རྩིས་ཁོངས་སུ་སྤོས་ཡོད།

(2) ཞིང་ཆེན་རིམ་པར་ལག་བསྟར་བྱས་པའི་གནས་ཚུལ། ཞིང་ཆེན་རིམ་པའི་ས་གནས་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་སྒོ་སྒོར་དུང་ཕྱུར77ཡོད་ཅིང། སྔོན་རྩིས་ལག་བསྟར་བྱས་ཚད95.7%ཡིན་ལ། སྒོར་དུང་ཕྱུར3.6ཇེ་མང་དུ་སོང་ཞིང4.9%འཕར་བ་རེད།

ཞིང་ཆེན་རིམ་པའི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་འགྲོ་སྒོ་སྒོར་དུང་ཕྱུར491.6ཡོད་པ་དང་སྔོན་རྩིས་ཀྱི97.3%ཡིན་ཞིང། སྒོར་དུང་ཕྱུར8.6ཇེ་ཉུང་དུ་སོང་ཞིང1.7%མར་ཆག་པ་རེད། དེའི་ནང་དུ་སྤྱིར་བཏང་གི་སྤྱི་པའི་ཞབས་ཕྱི་ཐད་ལ་སྒོར་དུང་ཕྱུར29.3བཏང་ཞིང12.9%འཕར། སྤྱི་པའི་བདེ་འཇགས་ཐད་ལ་སྒོར་དུང་ཕྱུར49.5བཏང་ཞིང41.4%འཕར། སློབ་གསོའི་ཐད་ལ་སྒོར་དུང་ཕྱུར28.7བཏང་ཞིང19.4%འཕར། ཚན་རིག་ལག་རྩལ་ཐད་ལ་སྒོར་དུང་ཕྱུར7.2བཏང་ཞིང་31.2%འཕར། རིག་གནས་ལུས་རྩལ་དང་སྨྱན་བྱད་ཐད་ལ་སྒོར་དུང་ཕྱུར14.2བཏང་ཞིང་24.3%འཕར། སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་ཐད་ལ་སྒོར་དུང་ཕྱུར72.8བཏང་ཞིང། 12.8%འཕར། སྨན་བཅོས་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེའི་ཐད་ལ་སྒོར་དུང་ཕྱུར49.7བཏང་ཞིང146.9%འཕར། ནུས་སྲི་ཁོར་སྲུང་ཐད་ལ་སྒོར་དུང་ཕྱུར14.4བཏང་ཞིང25.4%མར་ཆག གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་ཐད་ལ་སྒོར་དུང་ཕྱུར22.6བཏང་ཞིང4427.6%འཕར (གཙོ་བོ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐེབས་རྩ་སྒོར་དུང་ཕྱུར20བཀོད་སྒྲིག་བྱས་པའི་ཕྱིར)བ་རེད། ཞིང་ནགས་ཆུ་གསུམ་གྱི་ལས་དོན་ཐད་ལ་སྒོར་དུང་ཕྱུར34.5བཏང་ཞིང3.6%མར་ཆག འགྲིམ་འགྲུལ་སྐྱེལ་འདྲེན་ཐད་ལ་སྒོར་དུང་ཕྱུར85.3བཏང་ཞིང49.8%མར་ཆག སྡོད་ཁང་འགན་སྲུང་ཐད་ལ་སྒོར་དུང་ཕྱུར7.1བཏང་ཞིང14.9%འཕར་བ་རེད།

ཞིང་ཆེན་རིམ་པར་སྔོན་རྩིས་ལག་བསྟར་བྱས་པའི་མཇུག་འབྲས་ནི། སྤྱིའི་ནོར་ཤུགས་སྒོར་དུང་ཕྱུར582.9ཡོད་ཅིང་ལོ་སྔོན་མ་ལས་སྒོར་དུང་ཕྱུར20.1ཇེ་ཉུང་དུ་སོང། དེའི་ནང་དུ་ས་གནས་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་སྒོ་སྒོར་དུང་ཕྱུར77ཡོད་པ་དང། ཀྲུང་དབྱང་གི་ཁ་གསབ་ཡོང་སྒོ་སྒོར་དུང་ཕྱུར283.7(ཀྲུང་དབྱང་གིས་རང་ཞིང་ལ་ཁ་གསབ་བྱས་པའི་ཡོང་སྒོ་སྒོར་དུང་ཕྱུར1113.4ནང་ནས་གྲོང་ཁྱེར་དང་ཁུལ་ལ་སྒོར་དུང་ཕྱུར829.7ཁ་གསབ་བྱས་པ་ཕུད་ཡོད) ཡོད་པ་དང། ས་གནས་སྲིད་གཞུང་གི་བུན་འཛིན་ཡོང་སྒོ་སྒོར་དུང་ཕྱུར96.2བཀོལ་སྤྱོད་བྱས་པ་དང། ལོ་སྔོན་མའི་ལྷག་འཕྲོ་སྒོར་དུང་ཕྱུར25.4ཡོད། སྔོན་རྩིས་གཏན་འཇགས་སྙོམ་སྒྲིག་ཐེབས་རྩ་སྒོར་དུང་ཕྱུར75.7དང། ལོ་རིམ་བྱུང་གི་ནོར་སྲིད་ཀྱི་བསགས་དངུལ་དང་སྲིད་གཞུང་རང་བཞིན་གྱི་ཐེབས་རྩ་སོགས་མ་དངུལ་སྒོར་དུང་ཕྱུར24.9ནང་འདྲེན་བྱས། དེ་ལས་གཞན་བརྗེ་བསྒྱུར་བུན་འཛིན་སྒོར་དུང་ཕྱུར156.4(ཞིང་ཆེན་ཡོངས་ཀྱི་སྒོར་དུང་ཕྱུར238.1ལས་གྲོང་ཁྱེར་དང་ཁུལ་རིམ་པར་སྒོར་དུང་ཕྱུར81.7དངུལ་བུན་དུ་བསྒྱུར)བཀོལ་སྤྱོད་བྱས། ཞིང་ཆེན་རིམ་པའི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་འགྲོ་སྒོ་སྒོར་དུང་ཕྱུར491.6བཏང་བ་དང། བུ་ལོན་མ་རྩ་འཇལ་བའི་འགྲོ་སྒོ་སྒོར་དུང་ཕྱུར156.4བཏང། སྔོན་རྩིས་གཏན་འཇགས་སྙོམ་སྒྲིག་ཐེབས་རྩ་སྒོར་དུང་ཕྱུར71.4བཀོད་སྒྲིག་བྱས། གོང་སྤྲོད་འགྲོ་སྒོ་སྒོར་དུང་ཕྱུར1.3ཡོད། གཏོང་ཡོང་གཉིས་ཐོད་གཏུག་རྗེས། ལོ་རྗེས་མའི་རྩིས་ཁོངས་སུ་སྤོས་པའི་འགྲོ་སྒོ་སྒོར་དུང་ཕྱུར18.5ཡོད་པས། ལོ་དེའི་གཏོང་ཡོང་དོ་མཉམ་ཡིན་པ་མངོན་འགྱུར་བྱུང་ཡོད།

2. སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས།

ཞིང་ཆེན་ཡོངས་ཀྱི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་ཡོང་སྒོ་སྒོར་དུང་ཕྱུར257.8ཡོད། དེའི་ནང་དུ་ལོ་དེ་གའི་ཡོང་སྒོ་སྒོར་དུང་ཕྱུར83.5(ཡོང་ཁུངས་གཙོ་བོ་ནི་རྒྱལ་དབང་ས་ཁོངས་སྤྱོད་དབང་བཤུག་སྤྲོད་གྲོན་དངུལ་དང། རླངས་འཁོར་ཤར་བགྲོད་རིན་པ། རྒྱལ་ཁབ་ཀྱི་ཆུ་བེད་ལས་གྲྭ་གལ་ཆེན་འཛུགས་སྐྲུན་ཐེབས་རྩ། ཆུ་མཛོད་ཆེ་འབྲིང་གི་མཛོད་ཁུལ་ཐེབས་རྩ། རྒྱན་ཤོག་སྤྱི་ཕན་མ་དངུལ་སོགས་ཀྱི་ཡོང་སྒོ་ཡིན)ཡོངས་འགྲུབ་བྱས་པ་དང། ཀྲུང་དབྱང་གི་ཁ་གསབ་ཡོང་སྒོ་སྒོར་དུང་ཕྱུར13.9ཡོད། ལོ་སྔོན་མའི་རྩིས་ཁོངས་སྤོས་པ་སྒོར་དུང་ཕྱུར31.8ཡོད་ཅིང། ཆེད་སྤྱོད་བུན་འཛིན་གསར་དུ་བཀྲམས་པ་སྒོར་དུང་ཕྱུར94ཡོད། ཆེད་སྤྱོད་བརྗེ་བསྒྱུར་བུན་འཛིན་སྒོར་དུང་ཕྱུར34.6བཀྲམས། སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་འགྲོ་སྒོ་སྒོར་དུང་ཕྱུར131.6(ས་ཞིང་བསྡུ་གསོག་དང་མྱུར་ལམ་བསྐྲུན་པའི་དངུལ་བུན་འཇལ་བ། ཆུ་བེད་གལ་ཆེན་འཛུགས་སྐྲུན། མཛོད་ཁུལ་གྱི་གནས་སྤོས་ཡུལ་མིར་དུས་མཇུག་ཏུ་རོགས་སྐྱོར། སྤྱི་ཚོགས་ཕན་བདེ་རོགས་སྐྱོབ་སོགས་ཀྱི་འགྲོ་སྒོའི་ཐད་ཆེད་དུ་སྤྱད་པ་ཡིན)བཏང་བ་དང། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་སྒོར་དུང་ཕྱུར27.9ནང་འདྲེན་བྱས་ཤིང། བུ་ལོན་གྱི་མ་རྩ་འཇལ་བའི་འགྲོ་སྒོ་སྒོར་དུང་ཕྱུར34.6བཏང། ལོ་རྗེས་མའི་རྩིས་ཁོངས་སུ་སྤོས་པའི་འགྲོ་སྒོ་སྒོར་དུང་ཕྱུར63.7ཡོད་པ་རེད།

ཞིང་ཆེན་རིམ་པའི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་ཡོང་སྒོ་སྒོར་དུང་ཕྱུར119.7ཡོད། དེའི་ནང་དུ་ལོ་དེ་གར་ཡོང་སྒོ་སྒོར་དུང་ཕྱུར27ཡོངས་འགྲུབ་བྱས་པ་དང། ཀྲུང་དབྱང་གི་ཁ་གསབ་ཡོང་སྒོ་སྒོར་དུང་ཕྱུར1.8(ཞིང་ཆེན་ཡོངས་ལ་སྒོར་དུང་ཕྱུར13.9ཡོད་པ་ལས་གྲོང་ཁྱེར་དང་ཁུལ་ལ་སྒོར་དུང་ཕྱུར12.1ཁ་གསབ་བྱས)ཡོད་ཅིང། ལོ་སྔོན་མའི་རྩིས་ཁོངས་སྤོས་པ་སྒོར་དུང་ཕྱུར27.9ཡོད། གསར་བསྣན་ཆེད་སྤྱོད་བུན་འཛིན་གྱི་ཡོང་སྒོ་སྒོར་དུང་ཕྱུར63(ཞིང་ཆེན་ཡོངས་ལ་སྒོར་དུང་ཕྱུར94ཡོད་པ་ལས་གྲོང་ཁྱེར་དང་ཁུལ་ལ་སྒོར་དུང་ཕྱུར31དངུལ་བུན་དུ་བསྒྱུར)བཀོལ་སྤྱོད་བྱས། སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་འགྲོ་སྒོ་སྒོར་དུང་ཕྱུར40.3བཏང་བ་དང། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་སྒོར་དུང་ཕྱུར19.7ནང་འདྲེན་བྱས་ཤིང། ལོ་རྗེས་མའི་རྩིས་ཁོངས་སུ་སྤོས་པའི་འགྲོ་སྒོ་སྒོར་དུང་ཕྱུར59.7ཡོད།

3. རྒྱལ་དབང་མ་རྩ་བདག་གཉེར་གྱི་སྔོན་རྩིས།

ཞིང་ཆེན་ཡོངས་ཀྱི་རྒྱལ་དབང་མ་རྩ་བདག་གཉེར་གྱི་སྔོན་རྩིས་ཡོང་སྒོ་སྒོར་དུང་ཕྱུར1.2ཡོད་ལ། ཀྲུང་དབྱང་གི་ཁ་གསབ་ཡོང་སྒོ་སྒོར་དུང་ཕྱུར2.4དང། ལོ་སྔོན་མའི་རྩིས་ཁོངས་སྤོས་པ་སྒོར་དུང་ཕྱུར0.2ཡོད། རྒྱལ་དབང་མ་རྩ་བདག་གཉེར་གྱི་སྔོན་རྩིས་འགྲོ་སྒོ་སྒོར་དུང་ཕྱུར2བཏང་བ་དང། མ་དངུལ་སྒོར་དུང་ཕྱུར0.1བཀོད་གཏོང་བྱས་ཤིང། ལོ་རྗེས་མའི་རྩིས་ཁོངས་སུ་སྤོས་པའི་འགྲོ་སྒོ་སྒོར་དུང་ཕྱུར1.7ཡོད།

ཞིང་ཆེན་རིམ་པའི་རྒྱལ་དབང་མ་རྩ་བདག་གཉེར་གྱི་སྔོན་རྩིས་ཡོང་སྒོ་སྒོར་དུང་ཕྱུར1(མཚོ་སྔོན་ཞིང་ཆེན་རྒྱལ་དབང་རྒྱུ་ནོར་གཏོང་འཇོག་དོ་དམ་ཚད་ཡོད་ཀུང་སི་དང། མཚོ་སྔོན་ཆིན་ཅིང་དངོས་གཉེར་སྡེ་ཚོགས་ཚད་ཡོད་ཀུང་སི། མཚོ་སྔོན་ཞིང་ཆེན་རླངས་འཁོར་སྐྱེལ་འདྲེན་སྡེ་ཚོགས་ཚད་ཡོད་ཀུང་སི་སོགས་ཞིང་ཆེན་ཁོངས་གཏོགས་ཀྱི་རྒྱལ་དབང་ཁེ་ལས74ཡིས་སྤྲད་པའི་ཁེ་སྤོགས)ཡོད་ལ། ཀྲུང་དབྱང་གི་ཁ་གསབ་ཡོང་སྒོ་སྒོར་དུང་ཕྱུར2.4དང། ལོ་སྔོན་མའི་རྩིས་ཁོངས་སྤོས་པ་སྒོར་དུང་ཕྱུར0.2ཡོད། རྒྱལ་དབང་མ་རྩ་བདག་གཉེར་གྱི་སྔོན་རྩིས་འགྲོ་སྒོ་སྒོར་དུང་ཕྱུར1.8(རྒྱལ་དབང་ཁེ་ལས་ཀྱི་ལས་འཁྱུར་ངལ་གསོའི་དགེ་རྒན་གྱི་ཐོབ་ཐང་སྐོར་གྱི་ལོ་རྒྱུས་ཀྱི་ཤུལ་བཞག་གནད་དོན་ཐག་གཅོད་དང། མཁོ་འདོན་གསུམ་དང་ལས་རིགས་གཅིག ཐོན་ལས་རིམ་སྤར་སྒྱུར་བཀོད་སོགས་སུ་བཀོལ)ཡོད་པ་དང། མ་དངུལ་སྒོར་དུང་ཕྱུར0.1བཀོད་གཏོང་བྱས་ཤིང། ལོ་རྗེས་མའི་རྩིས་ཁོངས་སུ་སྤོས་པའི་འགྲོ་སྒོ་སྒོར་དུང་ཕྱུར1.7ཡིན།

4. སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྔོན་རྩིས།

ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་ཡོང་སྒོ་སྒོར་དུང་ཕྱུར304.8ཡོངས་འགྲུབ་བྱས་ལ། སྒོར་དུང་ཕྱུར30.7ཇེ་མང་དུ་སོང་ཞིང11.2%འཕར། སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་འགྲོ་སྒོ་སྒོར་དུང་ཕྱུར297.2བཏང་ལ། སྒོར་དུང་ཕྱུར23.6ཇེ་མང་དུ་སོང་ཞིང8.6%འཕར།  

ཞིང་ཆེན་རིམ་པའི་སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་ཡོང་སྒོ་སྒོར་དུང་ཕྱུར250.5ཡོངས་འགྲུབ་བྱས་པ་དང། སྒོར་དུང་ཕྱུར51.8ཇེ་མང་དུ་སོང་ཞིང26%འཕར། སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་འགྲོ་སྒོ་སྒོར་དུང་ཕྱུར256.6བཏང་བ་དང། སྒོར་དུང་ཕྱུར47.4ཇེ་མང་དུ་སོང་ཞིང22.7%འཕར་བ་རེད།

གསལ་བཤད་བྱ་དགོས་པའི་གནད་དོན། གཅིག་ནི་ས་གནས་སྤྱིར་བཏང་གི་སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་སྒོ་འཕར་ཆག་སྐོར་གྱི་གནད་དོན་ཏེ། ནོར་སྲིད་པུའུ་ཡི་བྱ་བའི་བླང་བྱ་ལྟར་ང་ཚོས་ལོ་མགོར2017ལོའི་སྔོན་རྩིས་ཡོང་སྒོའི་དམིགས་འབེན་གཏན་ཁེལ་བྱེད་དུས། གཉེར་ཁྲལ་འཕར་ཁྲལ་དུ་བསྒྱུར་བའི་རྒྱུ་རྐྱེན་གྱི་ཁ་ཚད་གཅིག་པར་ལེགས་སྒྲིག་བྱས་པ་དང། འཕར་སྣོན་དམིགས་འབེན་དེ་ཁ་ཚད་གཅིག་པ་ལྟར་ན8%འཕར་བར་གཏན་ཁེལ་བྱས་ཡོད། ལོ་མཇུག་ཏུ་ཡོང་སྒོ་སྒོར་དུང་ཕྱུར246.1ཡོངས་འགྲུབ་བྱས་པ་དང། ལོ་སྔོན་མར་དངོས་སུ་ཡོངས་འགྲུབ་བྱས་ཚད་ལས་སྒོར་དུང་ཕྱུར7.6ཇེ་མང་དུ་སོང་ཞིང། ཁ་ཚད་གཅིག་པ་ལྟར་ན9.3%འཕར། གཉིས་ནི་སྔོན་རྩིས་ལག་བསྟར་བྱེད་ཚུལ་ལེགས་སྒྲིག་བྱས་པའི་སྐོར་གྱི་གནད་དོན་ཏེ། སྤྱིར་བཏང་གི་སྤྱི་པའི་ནོར་སྲིད་འགྲོ་སྒོ་དེ་ལོ་མགོའི་སྔོན་རྩིས་ལས་སྒོར་དུང་ཕྱུར242.3ཇེ་མང་དུ་སོང་ལ། གཙོ་བོ་ཀྲུང་དབྱང་གི་ཆེད་སྤྱོད་སྤོ་སྒྱུར་གཏོང་སྤྲོད་ཁ་གསབ་རོགས་དངུལ་ལས་འགྲོ་སྒོ་སྒོར་དུང་ཕྱུར200མང་དུ་བཏང་བ་དང། ཀྲུང་དབྱང་གིས་གསར་དུ་བསྣན་པའི་དོ་མཉམ་རང་བཞིན་གྱི་སྤོ་སྒྱུར་གཏོང་སྤྲོད་སོགས་བེད་སྤྱད་དེ་འོག་རིམ་ལ་ཁ་གསབ་རོགས་དངུལ་གྱི་འགྲོ་སྒོ་སྒོར་དུང་ཕྱུར10དང་གླ་ཕོགས་རང་བཞིན་གྱི་ཁ་གསབ་རོགས་དངུལ་འཕར་བར་འགྲོ་སྒོ་སྒོར་དུང་ཕྱུར20དང། རིམ་པ་སོ་སོའི་མ་དངུལ་གཞན་དག་བསྡུ་སྒྲིལ་ནང་འདྲེན་བྱས་ནས་འགྲོ་སྒོ་སྒོར་དུང་ཕྱུར12.3བཏང་ཡོད། གསུམ་ནི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩ་རྩིས་ཁོངས་སུ་སྤོས་པའི་སྐོར་གྱི་གནད་དོན་ཏེ། ཀྲུང་དབྱང་ནོར་སྲིད་པུའུ་ཡི་ཆེད་སྤྱོད་བུ་ལོན་སྔར་བས་བཅོས་སྒྱུར་བྱེད་པའི་བླང་བྱ་ལྟར། སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་ཡོང་སྒོ་དེ་བུ་ལོན་འཇལ་བྱེད་ཀྱི་ཡོང་ཁུངས་བྱས་ཏེ་འགྲེམས་སྤེལ་བྱས་པའི་ཆེད་སྤྱོད་བུན་འཛིན་དེ། འགྲེམས་སྤེལ་དང་བཀོད་སྒྲིག་བྱེད་དུས་ངེས་པར་དུ་བྱེ་བྲག་གི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་འགྲོ་སྒོ་ལ་ཁ་མཐུན་པར་བྱས་ཐོག ཀྲུང་དབྱང་ནོར་སྲིད་ཀྱིས་ས་གནས་མཛོད་ཉར་མ་དངུལ་གྱི་གཞི་རྒྱ་ཚོད་འཛིན་ནན་མོ་དང་དོ་མཉམ་ངང་འགྲེམས་སྤེལ་གྱི་ལམ་ལུགས་ལག་བསྟར་བྱས་པས། ས་གནས་ཁག་ཅིག་གི་ཆེད་སྤྱོད་བུན་འཛིན་འགྲེམས་སྤེལ་ཅུང་འཕྱི་སོང་བས་ལོ་དེའི་འགྲོ་སྒོར་གྲུབ་ཐུབ་མེད་ལ། ལོ་རྗེས་མའི་རྩིས་ཁོངས་སུ་སྤོས་ཏེ་མུ་མཐུད་དུ་བཀོལ་སྤྱོད་བྱ་རྒྱུ་ཡིན། བཞི་ནི་ས་གནས་སྲིད་གཞུང་གི་བུན་འཛིན་སྔོན་རྩིས་དོ་དམ་སྐོར་གྱི་གནད་དོན་ཏེ། 2017ལོར་ཞིང་ཆེན་ཡོངས་ཀྱིས་གསར་དུ་བསྣན་པའི་ས་གནས་སྲིད་གཞུང་གི་སྒོར་དུང་ཕྱུར190.2ཀྱི་བུན་འཛིན་འགྲེམ་སྤེལ་བྱས་པ་དང། འབྲེལ་ཡོད་གཏན་ཕབ་གཞིར་བཟུང་སྟེ་ཐ་དད་དུ་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་དང་སྲིད་གཞུང་རང་བཞིན་གྱི་ཐེབས་རྩ་སྔོན་རྩིས་ནང་དུ་མངོན་པར་བྱས་ཡོད། 2017ལོའི་ལོ་མཇུག་བར་དུ་ས་ཁུལ་སྐོར་ཅིག་གི་བུན་འཛིན་ཉེན་ཁ་ཅུང་ཆེ་བ་ལས་གཞན་ཞིང་ཆེན་ཡོངས་ཀྱི་བུ་ལོན་ཉེན་ཁ་སྤྱིའི་ཆ་ནས་ཚོད་འཛིན་ཐུབ་ཡོད།

(གཉིས།) ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་སྔོན་རྩིས་ཞིབ་བཤེར་གྲོས་ཆོད་དོན་འཁྱོལ་བྱས་པའི་གནས་ཚུལ།

འཐུས་མི་རྣམ་པ། འདས་པའི་ལོ་གཅིག་གི་ནང་དུ་ཞིང་ཆེན་ཡོངས་ཀྱི་ནོར་སྲིད་སྡེ་ཁག་གིས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དྲུག་པའི་འབྲེལ་ཡོད་གྲོས་ཆོད་དང། ཞིང་ཆེན་དམངས་འཐུས་ཚོགས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཞིབ་བཤེར་བསམ་འཆར་གཞིར་བཟུང་སྟེ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་ཕྱོགས་ལ་རང་འགུལ་སྒོས་ཡར་ཞུ་འབྲེལ་འདྲིས་བྱེད་པར་ཤུགས་སྣོན་དང། དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའི་གྲོས་གཞི་ནན་ཏན་སྒོས་བསྒྲུབས་ཤིང། ནོར་སྲིད་ཀྱི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། གཏོང་ཡོང་དོ་དམ་ཐད་ལ་ཤུགས་སྣོན་དང་འགྲོ་སྒོའི་སྒྲིག་གཞི་ལེགས་སྒྲིག བཅོས་སྒྱུར་གསར་སྐྲུན་བྱེད་ཤུགས་ཇེ་ཆེར་བཏང་ཞིང། འཕེལ་རྒྱས་ཀྱི་འགག་སྒོའི་ཚོད་འཛིན་གཏོར་བ་དང། དོ་དམ་གྱི་རྨང་གཞིའི་བྱ་བ་བརྟན་པོ་དང་ཉེན་ཁ་སྔོན་འགོག་ཚོད་འཛིན་བྱེད་ཤུགས་ཇེ་དྲག་ཏུ་བཏང་ཐོག བྱ་བ་དོན་ཐོག་ཏུ་འཁྱོལ་རྒྱུ་ནན་གྱིས་བཟུང་སྟེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་བརྟན་འཇགས་ངང་འཕེལ་རྒྱས་ཅུང་མགྱོགས་པོར་འགྲོ་བར་ཧུར་ཐག་སྒོས་སྐུལ་འདེད་བཏང་ལ། གཙོ་བོ་གཤམ་གྱི་བྱ་བ་དག་བསྒྲུབས་པ་སྟེ།

1.ནོར་སྲིད་ཀྱི་གཏོང་ཡོང་སྔོན་རྩིས་ལག་བསྟར་བྱ་བ་ནན་གྱིས་བཟུང་བ། དམིགས་འབེན་སྣེ་ཁྲིད་རྒྱུན་འཁྱོངས་དང་བྱ་བའི་འགན་འཁྲི་ནན་གྱིས་འཁུར་བ། གཏོང་ཡོང་དོ་དམ་ཐད་ལ་ཤུགས་སྣོན་བྱས་ཏེ། དམིགས་འབེན་ལས་འགན་དུས་ལྟར་སྒོ་ཀུན་ནས་ཡོངས་སུ་འགྲུབ་ཡོད། ས་གནས་ཀྱི་ཡོང་སྒོའི་དམིགས་འབེན་སྔོག་དཔག་ལས་བརྒལ་ཡོད་དེ། ནོར་སྲིད་གཏོང་ཡོང་ལག་བསྟར་བྱས་ཚུལ་གྱི་དབྱེ་ཞིབ་ཚོགས་འདུ་ཟླ་ལྟར་བསྡུས་ནས། དབྱེ་ཞིབ་དང་དཔྱད་ཞིབ། བརྡ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ། བསྡུ་ལེན་བྱེད་མཁན་གྱི་སྡེ་ཚན་དང་འབྲེལ་འདྲིས་མཐུན་སྦྱོར་བྱ་བར་ཤུགས་བསྣན་ནས། ཁྲིམས་ལྟར་བསྡུ་ལེན་དང་བསྡུ་དགོས་པ་ཚང་མ་བསྡུས་ཏེ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོ་དང་སྡེ་ཁག་སོ་སོའི་དཀའ་སྤྱད་སྡུག་རུས་བརྒྱུད་ནས། ལོ་མགོར་གཏན་ཁེལ་བྱས་པའི་དམིགས་འབེན་ལས་འགན་སྔོན་དཔག་ལས་བརྒལ་དེ་ཡོངས་འགྲུབ་བྱས་ཡོད། ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་བསྟུད་མར་ཇེ་མང་དུ་སོང་བ་སྟེ། བྱ་བའི་བསམ་ཕྱོགས་དང་བྱེད་ཐབས་གསར་སྐྲུན་བརྩོན་ལེན་དང། ཀྲུང་དབྱང་གི་པུའུ་ཨུ་དང་ཕན་ཡོད་སྒོས་འབྲེལ་མཐུད་བྱེད་ཤུགས་ཇེ་ཆེ་དང་སྐུལ་ཁྲིད་དཔྱད་ཞིབ་ཤུགས་ཚད་ཆེ་རུ་བཏང་སྟེ། ལོ་ཧྲིལ་བོར་ཀྲུང་དབྱང་གི་རིགས་སྣ་ཚོགས་ཀྱི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར1113.4དོན་འཁྱོལ་བྱས་པ་དང། ལོ་སྔོན་མ་ལས་སྒོར་དུང་ཕྱུར32.9ཇེ་མང་དུ་སོང་ཞིང3%འཕར། དེ་ལས་གཞན་ས་གནས་སྲིད་གཞུང་གི་བུ་ལོན་དངུལ་འབོར་སྒོར་དུང་ཕྱུར195གསར་དུ་བསྣན་པར་བརྩོན་ལེན་བྱས་ནས་ལོ་སྔོན་མ་ལས29.1%འཕར། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར14.4དོན་འཁྱོལ་བྱས་པ་དང་ལོ་སྔོན་མ་ལས9.7%འཕར། འགྲོ་སྒོ་ལག་བསྟར་བརྟན་འཇགས་དང་གོ་རིམ་ལྡན་པ་སྟེ། སྔོན་རྩིས་ལག་བསྟར་དོ་དམ་བྱེད་ཤུགས་ཇེ་དྲག་ཏུ་གཏང་རྒྱུར་དོ་སྣང་བྱས་ནས། ཟླ་རེར་འགྲོ་སྒོ་གཏོང་བའི་ལས་འགན་གཟབ་ནན་སྒོས་དོན་འཁྱོལ་བྱས་ཐོག སྔོན་རྩིས་དམིགས་ཚད་འོག་རིམ་ལ་གང་མགྱོགས་ཀྱིས་འཕྲོད་པར་བྱས་ཡོད། ལྷག་པར་དུ་འགྲོ་གྲོན་སྔ་གཏོང་དང་སྔ་འདོན་བྱེད་ཐབས་སྤྱད་དེ། རྨང་གཞིའི་སྒྲིག་བཀོད་གལ་ཆེན་དང་དམངས་འཚོ་ལས་གྲྭ། སྐྱེ་ཁམས་འཛུགས་སྐྲུན་སོགས་གཙོ་གནད་ལས་གཞིའི་འགྲོ་སྒོའི་དགོས་མཁོ་ཁག་ཐེག་བྱས་པས། ཞིང་ཆེན་ཡོངས་ཀྱི་སྤྱི་པའི་ནོར་སྲིད་གཏོང་ཡོང་སྔོན་རྩིས་ལག་བསྟར་བྱས་ཚད་ལ་སྔར་བས་མཐོར་འདེགས་བྱུང་ཡོད་པ་རེད།

2. མཁོ་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ཐད་ལ་མ་དངུལ་གཏོང་ཚད་ཇེ་མང་དུ་བཏང་བ། ནོར་སྲིད་མ་དངུལ་གྱི་མཁོ་སྤྲོད་སྤུས་ཚད་དངོས་གནས་ཇེ་མཐོར་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྒྲིག་གཞི་ལེགས་སྒྱུར་སྙོམ་སྒྲིག་དང་ཐོན་ལས་སྒྲིག་གཞི་གཞན་སྒྱུར་རིམ་སྤར་བྱ་བར་སྐུལ་འདེད་བྱས་པ་སྟེ། ཕན་ཡོད་སྒོས་མ་དངུལ་འཇོག་ཚད་བསྟུད་མར་རྒྱ་བསྐྱེད་པ། ལོ་ཧྲིལ་བོར་མ་དངུལ་སྒོར་དུང་ཕྱུར320བཏང་ནས། གཙོ་བོ་འགྲིམ་འགྲུལ་དང་ཆུ་བེད། འགན་སྲུང་སྡོད་ཁང། ཤར་རྒྱུད་ཀྱི་གྲོང་ཁྱེར་ཁྱུ་ཚོགས། བོད་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་སོགས་ལས་གཞི་གལ་ཆེན་དག་ལ་རྒྱབ་སྐྱོར་དང་འགན་སྲུང་བྱས་ནས། དེང་དུས་ཀྱི་དཔལ་འབྱོར་འཕར་བར་ནུས་ཡོད་སྒོས་སྐུལ་ཁྲིད་བྱས་པར་མ་ཟད། རྗེས་ཕྱོགས་སུ་འཕར་བར་ཡང་སྒུལ་ཤུགས་གསར་བ་འདོན་སྤྲོད་བྱས། འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་འདེགས་པར་རྒྱབ་སྐྱོར་བྱས་པ་སྟེ། ཞིང་ཆེན་ཡོངས་ཀྱི་གཙོ་གནད་ཐོན་ལས་མགྱོགས་པོར་འཕེལ་རྒྱས་སུ་འགྲོ་བར་ཧུར་ཐག་སྒོས་རྒྱབ་སྐྱོར་དང། དཔལ་འབྱོར་གྱི་འཕེལ་གནས་གསར་བ་གསོ་སྐྱོང་བྱས་ཡོད། མ་དངུལ་སྒོར་དུང་ཕྱུར12.7བཏང་ནས། སྲོལ་རྒྱུན་ཐོན་ལས་གཞན་སྒྱུར་རིམ་སྤར་དང། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་དར་རྒྱས་སུ་གཏོང་བ། རྡོ་སོལ་སོགས་ལས་རིགས་ཀྱི་ཐོན་ནུས་ཆེ་དྲག་པ་ཐག་གཅོད་དང་ཁེ་ལས་ཀྱི་ལས་བཟོ་བ་ཁག་བགོ་བཀོད་སྒྲིག་སོགས་ཀྱི་ཐད་ལ་བཀོལ་བ་དང། གློག་ཤུགས་ཐད་ཀར་ཉོ་འཚོང་དང¡°སོལ་རླངས་རིགས¡±ཀྱི་ཁེ་ལས་ཀྱིས་བརྟན་འཇགས་ངང་ཐོན་སྐྱེད་ལ་སྐུལ་འདེད་བཏང་བར་མ་ཟད། དཔལ་འབྱོར་འཁོར་རྒྱུག་དང་ཁེ་ལས་ཆུང་འབྲིང། ཡུལ་སྐོར་ཐོན་ལས། བོད་ལུགས་གསོ་སྨན་གོང་སྤེལ་བཅས་ཀྱི་ཐེབས་རྩ4ལ་མ་དངུལ་སྒོར་དུང་ཕྱུར8.5བཏང་བ་དང། ཁྱད་ཆོས་ཅན་གྱི་ཐོན་ལས་ཀྱི་སྦས་ཤུགས་སྔོག་འདོན་དང་ཁེ་ལས་ཆུང་འབྲིང་གི་ལས་རིགས་གསར་སྐྲུན་ལ་རྒྱབ་སྐྱོར་བྱས་ཡོད། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་ཨང1པོའི་དགོངས་དོན་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་བྱས་ལ། མ་དངུལ་སྒོར་དུང་ཕྱུར53.3བཏང་ནས། ཞིང་ཕྱུགས་ལས་གོང་དུ་སྤེལ་བར་རོགས་སྐྱོར་གྱི་སྲིད་ཇུས་སྣ་ཚོགས་དོན་འཁྱོལ་བྱས་ཏེ། རྣམ་པ་གསར་བའི་ཞིང་ཕྱུགས་ལས་གཉེར་མཁན་དང། དེང་རབས་ཞིང་ལས་དཔེ་སྟོན་གླིང་ཁུལ་གྱིས་གཞི་རྒྱ་ཚད་རན་པའི་སྒོ་ནས་བདག་གཉེར་བྱེད་པར་རོགས་སྐྱོར་བྱས་པ་དང། གཙོ་བོ“ཚོད་སླེའི“ལས་གྲྭ་དང། “འབྲུ་རིགས་གཟན་སྒྱུར“ལས་གྲྭ། ཚད་ལྡན་ཅན་གྱི་ཕྱུགས་ལས་གཞི་རྒྱ་ལྡན་པར་གསོ་སྤེལ་སོགས་ལས་གཞི་ལ་སྐུལ་འདེད་བཏང། མ་དངུལ་སྒོར་དུང་ཕྱུར7.8བཏང་ནས་ནུས་ཁུངས་གསར་བའི་རླངས་འཁོར་ཁྱབ་བརྡལ་བཀོལ་སྤྱོད་དང། གནམ་གྲུ་འབབ་ཐང་གི་མཁའ་ལམ་གསབ་དངུལ། འཁྱགས་སྦྲེལ་ཟོང་སྐྱེལ། གློག་རྡུལ་ཚོང་དོན་ཞིང་སྡེར་སྐྱོད་པ། སྲོལ་རྒྱུན་ཐོན་ལས་གསུམ་པ་སྒྱུར་བཀོད་རིམ་སྤར་སོགས་ལས་གཞི་ཐད་བཀོལ་བ་དང། གཙོ་བོ་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང། ཡུལ་སྐོར་ལས་རྣམ་གསར་བ་གསར་སྤེལ་སོགས་ལ་རོགས་སྐྱོར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་ལས་དོན་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱས་ཡོད། ཁྲལ་གྲོན་གཉིས་གཅོག་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་པ། གཉེར་ཁྲལ་འཕར་ཁྲལ་དུ་བསྒྱུར་བའི་བར་བརྒལ་དུས་སྐབས་དང། རིམ་འཕར་དཔྱ་ཁྲལ་གྱི་ཁྲལ་ཚད་སྒྲིག་གཞི་ཁུ་བསྡུ། ཁེ་ལས་ཆུང་གྲས་སོགས་ཀྱི་ཁྲལ་བསྡུ་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་མཐར་ཕྱིན་བྱས་ཏེ། ཁེ་ལས་ཀྱི་གྲོན་དངུལ་བསྡུ་ལེན་བྱེད་ཚུལ་ཁྱོན་ཡོངས་ནས་གཙང་སེལ་བྱས་ཐོག་ཚད་ལྡན་དུ་བཏང་ཞིང། སྲིད་འཛིན་ལས་དོན་རང་བཞིན་གྱི་གྲོན་དངུལ་བསྡུ་ལེན་དང་སྲིད་གཞུང་རང་བཞིན་གྱི་ཐེབས་རྩ་སྣ27མེད་པར་བཟོས་པའམ་སྡུད་མཚམས་བཞག་པ་དང། སྲིད་གཞུང་གིས་བུ་ལོན་འཇལ་བའི་རིམ་པ་གཉིས་པའི་གཞུང་ལམ་གྱི་ལམ་རིན་ཡོངས་རྫོགས་མི་བསྡུ་བར་བྱས་ཤིང། ཆེས་དམའ་བའི་སྤྱི་ཚོགས་འགན་སྲུང་རིན་ཚད་ཇེ་དམའ་རུ་གཏོང་བའི་སྲིད་ཇུས་མུ་མཐུད་དུ་དོན་འཁྱོལ་བྱས་ཏེ། ལོ་ཧྲིལ་བོར་ཁེ་ལས་ཀྱི་ཁྲལ་སྒོར་དུང་ཕྱུར93.2ཆག་ཡང་ངམ་རྩ་ཆག་བཏང་བས། ཁེ་ལས་ཀྱི་མ་རྩ་ནུས་ཡོད་སྒོས་ཇེ་དམའ་རུ་ཕབ་ཡོད། གསར་སྐྲུན་འཕེལ་རྒྱས་ལ་སྐུལ་འདེད་བྱ་བར་རོགས་སྐྱོར་བྱས་པ། ཀྲུང་དབྱང་གི་སྲིད་ཇུས་ཀྱི་བླང་བྱ་ཧུར་ཐག་སྒོས་དོན་འཁྱོལ་བྱས་ཏེ། འགྲན་རྩོད་རང་བཞིན་གྱི་གྲོན་དངུལ་དང་སྤྱིར་བཏང་གི་གྲོན་དངུལ་ཕན་ཚུན་མཐུན་སྦྱོར་སྒོས་དངུལ་གཏོང་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། མ་དངུལ་སྒོར་དུང་ཕྱུར7.2བཏང་ནས། ཚན་རྩལ་ཆེད་དོན་གལ་ཆེན་དང། ཁེ་ལས་ཀྱི་ཞིབ་འཇུག་གསར་སྤེལ་དང་གཞན་སྒྱུར། ཚན་རྩལ་གྲུབ་འབྲས་གཞན་སྒྱུར། རྨང་གཞི་ཞིབ་འཇུག་སོགས་ལས་གཞི་ལ་རོགས་སྐྱོར་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་གསར་གཏོད་ཀྱི་ཁྲིད་སྟོན་ཐེབས་རྩའི་གཞི་རྒྱ་མུ་མཐུད་དུ་ཆེ་རུ་བཏང་བ་དང། ཤུགས་དྲག་ཏུ་སློབ་ཆེན་པས་ལས་གཏོད་མ་དངུལ་གཏོང་བའི་ཁྲིད་སྟོན་མ་དངུལ་གྱི་ནུས་པ་ཇེ་དྲག་ཏུ་བཏང་བ་རེད།

3. སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་ལ་ཤུགས་ཆེན་པོས་འགན་སྲུང་བྱས་པ། དཔལ་འབྱོར་གྱི་ཞིང་ཆེན་ཆུང་བ་ནས་སྐྱེ་ཁམས་ཀྱི་ཞིང་ཆེན་ཆེན་པོ་དང། སྐྱེ་ཁམས་སྟོབས་དང་ལྡན་པའི་ཞིང་ཆེན་དུ་སྒྱུར་བའི་བླང་བྱ་གསར་བ་ལྟར། ནོར་སྲིད་སྲིད་ཇུས་དང་མ་དངུལ་གྱི་ཐོག་ནས་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་ལ་དངོས་གནས་རྒྱབ་སྐྱོར་བྱས་ཡོད། སྐྱེ་ཁམས་ཁོར་སྲུང་འཛུགས་སྐྲུན་ཐད་ལ་མ་དངུལ་ཇེ་མང་དུ་བཏང་བ། མ་དངུལ་སྒོར་དུང་ཕྱུར60.9བཏང་ནས་མདོ་ལ་རི་བོའི”རི་ཆུ་ནགས་ཞིང་མཚོའི“སྐྱེ་ཁམས་ཉམས་གསོ་དང། གཙང་གསུམ་འབྱུང་ཡུལ་གྱི་ལས་གཞི་སྐབས་གཉིས་པ། རང་བྱུང་ནགས་ཚལ་སྲུང་སྐྱོང། ནགས་ཚལ་སྐྱེ་ཁམས་ཕན་འབྲས་ཁ་གསབ། བརླན་སའི་སྐྱེ་ཁམས་ཕན་འབྲས་ཁ་གསབ་རྐྱེན་སྲོལ། ཕྱུགས་བསྐྱུར་ནགས་འཛུགས་རྩྭ་འདེབས་དང་འགོག་སྲུང་ནགས་ཚལ་སྲུང་སྐྱོང་ལས་གྲྭ་གལ་ཆེན་འཛུགས་སྐྲུན་ཐད་བཀོལ་བ་དང། མཁའ་རླུང་དང་བཙོག་ཆུ། འབབ་རྒྱུད་གཙོ་བོ། ས་ཞིང་བཅས་ལ་སྦགས་བཙོག་ཐེབས་པ་བཅོས་སྐྱོང་ལས་གཞི་ལག་བསྟར་བྱས་ཡོད། སྐྱེ་ཁམས་དཔལ་ཡོན་བཅོས་སྒྱུར་གཏིང་ཟབ་ཏུ་སྐུལ་འདེད་བྱས་པ། མདོ་ལ་རི་བོ་སྲུང་སྐྱོང་བྱ་བར་རྒྱབ་སྐྱོར་བྱེད་པ་འགག་སྒོ་གཏོར་ས་བྱས་ཏེ། ཀྲུང་དབྱང་གིས་གཙོ་གནད་སྐྱེ་ཁམས་བྱེད་ནུས་ཁུལ་ལ་ཁ་གསབ་རོགས་དངུལ་སྤོ་སྒྱུར་གཏོང་སྤྲོད་བྱ་བར་བརྩོན་ལེན་ཆེན་པོ་བྱས་ནས། གཏེར་ལེན་ཁ་གྲོང་ཁྱེར་ཁ་གསབ་རོགས་དངུལ་སྤོ་སྒྱུར་གཏོང་སྤྲོད་ཀྱི་ཁྱབ་ཁོངས་སུ་བསྡུས་པ་དང། ཁྱོན་ཡོངས་ནས”1+9+3“སློབ་གསོའི་གྲོན་དངུལ་འགན་སྲུང་དང། སྐྱེ་ཁམས་གནས་སྤོ་ཡུལ་མི་ལས་དཀའ་ངལ་ཅན་གྱི་མང་ཚོགས་ཀྱི་འཚོ་བའི་རོགས་དངུལ་སོགས་སྐྱེ་ཁམས་ཁ་གསབ་རོགས་དངུལ་སྟེར་བའི་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བར་ནུས་ཡོད་ཀྱིས་འགན་སྲུང་བྱས་ཡོད། མ་དངུལ་སྒོར་དུང་ཕྱུར24.1བཀོད་སྒྲིག་བྱས་ཏ། རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་བྱས་པར་བྱ་དགའ་དང་ཁ་གསབ་རོགས་དངུལ་སྟེར་བའི་སྲིད་ཇུས་སོགས་སྒོ་ཀུན་ནས་དོན་འཁྱོལ་བྱས་ཡོད། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་སྐུལ་འདེད་བྱས་པ། བྱ་བའི་ཐད་ནས་འབྲེལ་འདྲིས་སྦྲེལ་མཐུད་དང་ཀྲུང་དབྱང་གི་མ་དངུལ་བརྩོན་ལེན་ཤུགས་ཚད་ཆེ་རུ་བཏང་ནས། ”ཕྱོགས་བསྡུས་ནོར་ཤུགས་ཁ་གསབ་རོགས་དངུལ+ཆེད་སྤྱོད“ཀྱི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ནོར་སྲིད་དོ་དམ་སྒྲིག་གཞིའི་གྲོས་གཞི་ཞིབ་འཇུག་བྱས་ཏེ་བཏོན་པ་དང། འཛུགས་སྐྲུན་མ་དངུལ་སྒོར་དུང་ཕྱུར6.3བཀོད་སྒྲིག་བྱས་ནས། གླིང་ཁུལ་ནང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང། ལས་ཁུངས་ཀྱི་འཁོར་རྒྱུག་སོགས་ཐད་ལ་བཀོལ་བ་དང། སྤྱི་གླིང་ཡུན་རིང་བོར་འཕེལ་རྒྱས་དང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང། གནད་ཁེལ་དབུར་སྐྱོར་དང་སྦྲེལ་ཏེ། ཞིང་ཆེན་ཡོངས་སུ་སྐྱེ་ཁམས་སྤྱི་ཕན་དོ་དམ་སྲུང་སྐྱོང་ལས་གནས་ཁྲི5.5སྒྲིག་འཛུགས་བྱས་ཏེ། སྐྱེ་ཁམས་དབུལ་ཐར་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་བ་རེད།

4. དམངས་འཚོ་འགན་སྲུང་ཆུ་ཚད་བསྟུད་མར་ཇེ་མཐོར་བཏང་བ། འཕེལ་རྒྱས་ཁྲོད་དམངས་འཚོ་འགན་སྲུང་དང་ལེགས་སྒྱུར་བྱ་རྒྱུ་རྒྱུན་འཁྱོངས་དང། དམངས་འཚོའི་ཐད་མ་དངུལ་གཏོང་ཚད་བརྟན་འཇགས་ངང་འཕར་བའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་ཐོག གཅིག་གྱུར་སྒོས་ནོར་ཤུགས་བཀོད་སྒྲིག་བྱས་ཏེ། མ་དངུལ་འབོར་ཆེན་དམངས་འཚོ་ལེགས་སྒྱུར་དང་སྤྱི་ཚོགས་ལས་དོན་འཕེལ་རྒྱས་ཐད་དངོས་གནས་བཀོལ་བ་རེད། ཤུགས་ཡོད་རྒུས་དམངས་འཚོའི་དོན་དངོས་བཅུ་ལག་བསྟར་བྱས་པ། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་མྱུར་མཁོ་ལ་གཅིག་གྱུར་གྱིས་བསམ་གཞིགས་བཏང་ནས། དམིགས་ཚད་ལས་འགན་ཇེ་ཞིབ་དང་སྐུལ་ཁྲིད་དོན་འཁྱོལ་ཤུགས་དྲག་ཏུ་བཏང་ཏེ། དམངས་འཚོའི་དོན་དངོས65གཏན་ཁེལ་བྱས་པ་ཡོངས་སུ་ཁ་བཤད་ལག་བསྟར་ཡོད། ཤུགས་ཆེན་པོས་དབུལ་ཐར་མཁྲེགས་གཏོར་ལ་སྐུལ་འདེད་བྱས་པ། ནོར་སྲིད་ཀྱི་དབུལ་སྐྱོར་མ་དངུལ་གཏོང་ཚད་མུ་མཐུད་དུ་ཤུགས་ཆེ་རུ་བཏང་ནས། ནོར་སྲིད་ཀྱི་དབུལ་སྐྱོར་ཆེད་སྤྱོད་དང་ཡུལ་གཞན་དུ་སྤོར་ནས་དབུལ་སྐྱོར་བྱེད་པའི་མ་དངུལ་སྒོར་དུང་ཕྱུར60.3བཏང་བ་དང། ལོ་སྔོན་མ་ལས49.7%འཕར། དརེ་མ་ཟད་རྒྱུ་རྐྱེན་ཐབས་ལམ་ལྟར་མ་དངུལ་རྫོང་དུ་བགོས་ཏེ། ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་ས་ཁུལ་དང་དབུལ་ཕོངས་མི་གྲངས་གནད་འཁེལ་དབུལ་སྐྱོར་གྱི་མ་དངུལ་དགོས་མཁོ་ནུས་ལྡན་གྱིས་འགན་སྲུང་བྱས་ཡོད། ཞིང་ལས་དང་འབྲེལ་བའི་མ་དངུལ་གཅིག་གྱུར་ཕྱོགས་བསྡུས་ཀྱིས་བཀོལ་བར་གཏིང་ཟབ་ཏུ་སྐུལ་འདེད་བཏང་བ་དང། ”རྐ་མང་པོ་ནས་ཆུ་འདྲེན་པ་དང། ཆུ་ཁུངས་གཅིག་ལས་ཆུ་གཏོང“བའི་དབུལ་སྐྱོར་མ་དངུལ་གཏོང་བའི་རྐྱེན་སྲོལ་བཙུགས་ཏེ། ལོ་ཧྲིལ་བོར་གཅིག་གྱུར་ཕྱོགས་བསྡུས་བྱས་པའི་གཞི་རྒྱ་སྒོར་དུང་ཕྱུར190.8ལ་སླེབས་ཡོད། སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་ལ་རྒྱབ་སྐྱོར་དང་ཤུགས་སྣོན་བྱས་པ། མ་དངུལ་སྒོར་དུང་ཕྱུར99.3བཏང་ནས། རིགས་སོ་སོའི་ལས་འཁྱུར་ངལ་གསོ་མི་སྣའི་རྒན་གསོ་དངུལ་གྱི་ཚད་གཞི་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འགན་སྲུང་གི་ཁ་གསབ་ཚད་གཞི་ལེགས་སྒྲིག་དང་ཇེ་མཐོར་བཏང་ཞིང། དམིགས་བསལ་གྱི་དབུལ་ཕོངས་མི་སྣར་རོགས་སྐྱོར་དང་གསོ་སྐྱོང་བྱེད་པའི་ལམ་ལུགས་དང་མང་ཚོགས་དཀའ་ངལ་ཅན་དག་གི་དྲོད་ལེན་ཁ་གསབ་སྲིད་ཇུས་བཙུགས་པ་དང། དབང་བོ་སྐྱོན་ཅན་གྱི་ཁྱིམ་ཚང་དུ་གེགས་མེད་སྒྲིག་ཆས་སྒྱུར་བཀོད་དང་དབང་བོ་སྐྱོན་ཅན་ཚབས་ཆེན་ལ་རོགས་འདེགས་རང་བཞིན་གྱི་ལས་ཁར་ཞུགས་པར་རོགས་སྐྱོར་བྱས། ལས་ཞུགས་ལས་སྐྲུན་གྱི་རོགས་སྐྱོར་སྲིད་ཇུས་སོ་སོ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་པ་དང། ”འཐེན་ཐུག་དཔལ་འབྱོར”སོགས་ཁྱད་ལྡན་ངལ་ལས་ཟོང་རྟགས་སྐྲུན་པ་དང་ལས་སྐྲུན་འགྱེད་འཕྲོ་རྟེན་གཞི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ངལ་རྩོལ་པའི་ནུས་རྩལ་གསོ་སྦྱོང་དང་ཞིང་འབྲོག་ཁུལ་གྱི་ངལ་རྩོལ་པ་ལྷག་མ་གནས་སྤོ་ལས་ཞུགས་བྱེད་པར་རོགས་སྐྱོར་ཤུགས་ཚད་ཆེ་རུ་བཏང་ནས། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་ལས་ཞུགས་ལས་སྐྲུན་ལ་ཕན་ཡོད་སྒོས་སྐུལ་འདེད་བཏང་ཡོད། སློབ་གསོ་བཅོས་སྒྱུར་དང་གོང་སྤེལ་ལ་རོགས་སྐྱོར་བྱས་པ། མ་དངུལ་སྒོར་དུང་ཕྱུར49.6བཏང་ནས་ཟི་ལིང་དང་མཚོ་ཤར་གྲོང་ཁྱེར་གཉིས་ཀྱི་ཡིག་ཚགས་བྱང་བུ་བཟོས་མེད་པའི་དབུལ་ཕོངས་ཁྱིམ་ཚང་གི་དབང་བོ་སྐྱོན་ཅན་གྱི་སློབ་མ་དང་ཞིང་སྡེའི་རོགས་སྐྱོར་དང་གསོ་སྐྱོང་བྱ་ཡུལ་དམིགས་བསལ་གྱི་དབུལ་ཕོངས་སློབ་མ་དག་ལོ15རིང་གི་རིན་མེད་སློབ་གསོ་གཏོང་ཁྲོད་བསྡུ་ལེན་བྱས་པ་དང། འོས་འགན་སློབ་གསོའི་སྐབས་ཀྱི་སློབ་མ་རེའི་སྤྱི་སྤྱོད་གྲོན་དངུལ་གྱི་ཁ་གསབ་ཚད་གཞི་ཇེ་མཐོར་བཏང་ཡོད། སྔོན་འགྲོའི་སློབ་གསོའི”ལོ་གསུམ་འགུལ་སྐྱོད”འཆར་གཞི་དང། འོས་འགན་སློས་གསོའི”ཉམ་ཞན་པ་ཕྱོགས་ཡོངས་ནས་བཅོས་སྒྱུར”། ཉམ་ཞན་པའི་མཐོ་འབྲིང་བཅོས་སྒྱུར་འཆར་གཞི། མཐོ་རིམ་སློབ་གསོ་དང་ལས་རིགས་སློབ་གསོའི་ཕྱོགས་བསྡུས་སྟོབས་ཤུགས་མཐོར་འདེགས་འཆར་གཞི་བཅས་མུ་མཐུད་དུ་ལག་བསྟར་བྱས་ནས། སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་ཇེ་མཐོར་བཏང། རྒྱ་བོད་སྐད་གཉིས་དམིགས་འཛུགས་རིན་མེད་དགེ་ཐོན་སློབ་མ་གསོ་སྐྱོང་འཆར་གཞི་ལག་བསྟར་བྱས་ཤིང། དགེ་རྒན་ཁ་སྣོན་རྐྱེན་སྲོལ་འཐུས་ཚང་དུ་བཏང་ཡོད། གསོ་སྨན་འཕྲོད་བསྟེན་ལམ་སྲོལ་བཅོས་སྒྱུར་ཟབ་མོ་བྱེད་པར་རོགས་སྐྱོར་བྱས་པ། མ་དངུལ་སྒོར་དུང་ཕྱུར43.5བཏང་ནས། གཞུང་གཉེར་སྨན་ཁང་གི་ཕྱོགས་བསྡུས་བཅོས་སྒྱུར་ལ་རོགས་སྐྱོར་དང། རིམ་གསུམ་གཞུང་གཉེར་སྨན་ཁང་གི་ཕྱོགས་བསྡུས་བཅོས་སྒྱུར་ལ་ཁ་གསབ་རོགས་དངུལ་སྟེར་བའི་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཐོག གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་གྲབས་དངུལ་དང་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཕྱིའི་ཁ་གསབ་ཚད་གཞི་ལེགས་སྒྲིག་དང་མཐོར་འདེགས་སུ་བཏང་བ་དང། ཐུམ་འབུ་ནད་འགོག་བཅོས་དང་ཞིང་སྡེའི་བུད་མེད་ཀྱི”འབྲས་སྐྲན་རིགས་གཉིས”འདེམས་བཤེར། འཕྲོད་བསྟེན་མཁོ་བསྟུན་ནུས་པ་འཛུགས་སྐྲུན། སྨན་བཅོས་འཕྲོད་བསྟེན་གྱི་འཇོན་མི་གསོ་སྐྱོང་སོགས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། མང་ཚོགས་ཀྱི”ནད་ལ་སྟོན་དཀའ་བ་དང་སྨན་རིན་མཐོ་བའི”གནད་དོན་ཕན་ཡོད་སྒོས་ཞི་ལྷོད་དུ་བཏང་ཡོད། རིག་གནས་ལུས་རྩལ་དར་རྒྱས་ལ་ཤུགས་ཆེན་པོས་སྐུལ་འདེད་བཏང་བ། མ་དངུལ་སྒོར་དུང་ཕྱུར13.5བཏང་ནས། གཞི་རིམ་གྱི་ཕྱོགས་བསྡུས་རིག་གནས་ཞབས་ཕྱི་ལྟེ་གནས་འཛུགས་སྐྲུན་དང། ”ཁང་གསུམ”རིན་མི་དགོས་པར་སྒོ་འབྱེད་པ། གཙོ་གནད་རིག་དངོས་དང་གཟུགས་འདས་ཤུལ་བཞག་ལ་སྲུང་སྐྱོང་སོགས་ལས་གཞི་བསྐྲུན་པར་རོགས་སྐྱོར་དང། སྤྱི་པའི་ལུས་རྩལ་ར་བའི་སྒྲིག་བཀོད་འཛུགས་སྐྲུན་དང”མཚོ་སྐོར་ལྕགས་རྟ་འགྲན་རྒྱུག”། རིག་གནས་ཡུལ་སྐོར་དུས་ཆེན་སོགས་བྱ་འགུལ་ཆེན་པོ་སྤེལ་བར་རོགས་སྐྱོར་བྱས་ཏེ། སྤྱི་པའི་རིག་གནས་ལུས་རྩལ་གྱི་ཞབས་ཕྱི་ཚད་གཞི་ཅན་དང་དོ་མཉམ་ཅན་དུ་སྔར་བས་སྐུལ་འདེད་བཏང་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་ཁང་འགན་སྲུང་བྱ་བར་སྐུལ་འདེད་བཏང་བ། མ་དངུལ་སྒོར་དུང་ཕྱུར35.4བཀོད་སྒྲིག་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཞིང་སྡེའི་ཁང་པ་ཉེན་ཁ་ཅན་དང་རྙིང་བ་ཁྲི6སྒྱུར་བཀོད་དང། འགན་སྲུང་ཁང་བ་ཁྲི5.6དང་སྤྱི་པའི་གླ་ཁང་འཛུགས་སྐྲུན་ལ་རོགས་སྐྱོར་བྱས་པ་མ་ཟད། ད་དུང་སྤྱིལ་བུའི་སྡོད་ཁང་ཁུལ་སྒྱུར་བཀོད་དེ་དངུལ་ལོར་ཅན་དུ་བཏང་ནས་བཀོད་སྒྲིག་བྱས་པའི་བསྡུར་ཚད50%ཡན་དུ་ཇེ་མཐོར་བཏང་ཡོད།