མཚོ་སྔོན་ཞིང་ཆེན་གྱི2017ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ་དང2018ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་ཞུ། ཁ་བ།

ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཡིག་ཆ།(དོན་གཉིས་པ)

---2018ལོའི་ཟླ1པའི་ཚེས25ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་སྟེང།

5. ནོར་ཁྲལ་དོ་དམ་བཅོས་སྒྱུར་གཏིང་ཟབ་ཏུ་སྐུལ་འདེད་བཏང་བ། ཀྲུང་དབྱང་ནོར་ཁྲལ་བཅོས་སྒྱུར་གྱི་གོམ་སྟབས་རྗེས་སུ་དམ་པོར་བསྙེགས་ཏེ། བྱ་བའི་བྱེད་ཐབས་ཞིབ་ཕྲ་ཅན་དང། བཅོས་སྒྱུར་གྱི་རྩིས་ཐོ་འཐུས་ཚང་དུ་བཏང་ཐོག ཕྱིར་བཏོན་པའི་བཅོས་སྒྱུར་སྲིད་ཇུས་དོན་འཁྱོལ་ལ་ཏན་ཏིག་སྒོས་སྐུལ་འདེད་དང། སྐུལ་ཁྲིད་ཞིབ་བཤེར་ཐད་ལ་ཤུགས་སྣོན་བརྒྱབ་ནས། གཙོ་གནད་བཅོས་སྒྱུར་གྱི་རྣམ་གྲངས་སོ་སོར་གོ་རིམ་ཡོད་པ་དང་ཕན་ནུས་ལྡན་པའི་སྒོ་ནས་སྐུད་འདེད་བཏང་ཡོད། འགྲོ་སྒོའི་སྒྲིག་གཞི་ལེགས་སྒྲིག་ལེགས་སྒྱུར་བྱས་པ།《ཞིང་ཆེན་ཡོངས་ཀྱི་ནོར་སྲིད་འགྲོ་སྒོའི་སྒྲིག་གཞི་ལེགས་སྒྱུར་གྱི་ལག་བསྟར་བསམ་འཆར》བཏོན་པ་དང། རྨང་མེད་པར་སྔོན་རྩིས་བྱེད་ཐབས་བཅོས་སྒྱུར་དང། གཏན་འཇགས་འགྲོ་སྒོ་གཙང་བཤེར་ཕྱིར་སློག ཇུས་ཆོད་བཀོད་སྒྲིག་གལ་ཆེན་དོན་འཁྱོལ། དངུལ་གཏོང་རྣམ་པ་གསར་གཏོད། བསགས་གྲངས་མ་དངུལ་ཧུར་པོར་སྒྱུར་བ། དོན་གཅོད་དབང་མཚམས་འབྱེད་པར་སྐུལ་འདེད། འགྲོ་སྒོའི་དོ་དམ་ཤུགས་དྲག་ཏུ་གཏོང་བ་བཅས་ཕྱོགས་བདུན་ནས་བྱ་བའི་བྱེད་ཐབས་གཟབ་ནན་གྱིས་དོན་འཁྱོལ་བྱས་ཏེ། མིག་སྔའི་རང་ཞིང་གི་ནོར་སྲིད་འགྲོ་སྒོའི་འཁོར་སྐྱོད་དོ་དམ་ཁྲོད་གནས་པའི”རང་གནས་བརྒལ་བ”དང”ལས་གནས་སྟོང་པའི”གནད་དོན་ཤུགས་ཆེན་པོས་ཐག་བཅད་ཡོད། ཞིང་ཕྱུགས་ལས་ཀྱི་མི་གྲངས་གྲོང་མིར་བསྒྱུར་བའི་གོམ་སྟབས་ཇེ་མགྱོགས་སུ་བཏང་བ། 《ཞིང་ཕྱུགས་ལས་ཀྱི་ཡུལ་སྤོ་མི་གྲངས་གྲོང་མིར་བསྒྱུར་བར་རོགས་སྐྱོར་སྐོར་གྱི་ནོར་སྲིད་སྲིད་ཇུས་འགའ་ལག་ཏུ་བསྟར་བའི་བསམ་འཆར》བཏོན་པ་དང། རིམ་པ་སོ་སོའི་སྲིད་གཞུང་དང་ལྷག་པར་དུ་མི་གྲངས་སྤོར་སའི་སྲིད་གཞུང་གི་གཙོ་གཞིའི་འགན་འཁྲི་ཤུགས་དྲག་ཏུ་བཏང་བ་བརྒྱུད། ”གྲོན་དངུལ་མི་ཡིས་འཁྱེར་བ་དང། དོན་དག་མི་རྗེས་འབྲངས་པའི”ནོར་སྲིད་ཀྱིས་ཞིང་ལས་ཀྱི་གནས་སྤོར་མི་གྲངས་གྲོང་མིར་བསྒྱུར་བའི་སྲིད་ཇུས་མ་ལག་འཛུགས་པར་སྐུལ་འདེད་བྱས་ཏེ། གཞི་རྩའི་སྤྱི་པའི་ཞབས་ཕྱི་དེ་གཏན་སྡོད་མི་གྲངས་ཡོངས་སུ་ཁེབས་པ་གང་མགྱོགས་ཀྱིས་མངོན་འགྱུར་བྱས་ཡོད། འགྲོ་སྒོར་འབྲེལ་ཡོད་ཀྱི་དོན་ཚན་གཙང་སེལ་བྱས་ནས་ཚད་ལྡན་དུ་བཏང་བ། གཙོ་གནད་འགྲོ་སྒོ་དང་ནོར་སྲིད་གཏོང་ཡོང་འཕར་འགྲིབ་བམ་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལ་འབྲེལ་ཡོད་ཀྱི་དོན་ཚན་གཙང་སེལ་བྱས་ནས་ཚད་ལྡན་དུ་གཏོང་བའི་གནད་དོན་སྐོར་གྱི་བརྡ་ཐོ་བཏང་ནས། ཞིང་ལས་དང་ཚན་རྩལ། སློབ་གསོ་སོགས་ཀྱི་འགྲོ་སྒོ་དང་འབྲེལ་ཡོད་དཔལ་འབྱོར་ནོར་སྲིད་དམིགས་ཚད་དེ་སྔོན་རྩིས་ནང་བཀོད་སྒྲིག་མི་བྱེད་པའི་རེ་བ་བཏོན་པ་དང། ནོར་སྲིད་འགྲོ་སྒོའི་སྒྲིག་གཞི་གཏན་འཇགས་རེངས་འགྱུར་སོགས་ཀྱི་གནད་དོན་ཤུགས་ཡོད་རྒུས་ཐག་གཅོད་བྱས་ཡོད། སྔོན་རྩིས་ལས་ཕྱོད་དོ་དམ་ལ་ཤུགས་བསྣན་པ། ཞིང་ཆེན་རིམ་པའི་སྡེ་ཁག་གི་སྔོན་རྩིས་ཁྲོད་ལས་གཞི་ཡོངས་ཀྱི་འགྲོ་སྒོ་ཡོད་ཚད་ལས་ཕྱོད་དམིགས་འབེན་དོ་དམ་ནང་བསྡུ་ལེན་བྱས་པ་དང། གཙོ་གནད་ཆེད་སྤྱོད་འགྲོ་སྒོའི་ལས་ཕྱོད་དཔྱད་འཇོག་བྱ་བའི་ཁྱབ་ཚད་དང་ཟབ་ཚད་ཇེ་ཆེར་བཏང་སྟེ། 2017ལོར་ཞིང་ཆེན་རིམ་པའི་དཔྱད་འཇོག་བྱས་པའི་མ་དངུལ་གྱི་གཞི་རྒྱ་སྒོར་དུང་ཕྱུར323.5ལ་སླེབས་པ་དང། རྩ་བའི་ཆ་ནས་ཞིང་ཆེན་རིམ་པའི་གཙོ་གནད་ཆེད་སྤྱོད་འགྲོ་སྒོ་ཡོངས་སུ་ཁེབས་ཡོད། བརྟག་བསྡུར་རྐྱེན་སྲོལ་རྒྱུན་མ་ཆད་པར་འཐུས་ཚང་དུ་བཏང་སྟེ། ཞིང་ཆེན་གྱིས་འོག་རིམ་དང་ཞིང་ཆེན་རིམ་པའི་སྡེ་ཁག་ལ་ཕྱོགས་བསྡུས་སྒོས་ལས་ཕྱོད་བརྟག་བསྡུར་བྱས་འབྲས་དེ་ལོ་འཁོར་གྱི་དམིགས་འབེན་འགན་འཁྲིར་དཔྱད་ཞིབ་གྱི་གཞི་འཛིན་ས་གལ་ཆེན་དུ་བཟུང་ཡོད། ཤུགས་ཆེན་པོས་སྲིད་གཞུང་རང་བཞིན་གྱི་བུ་ལོན་དོ་དམ་ཚད་ལྡན་དུ་བཏང་བ། སྲིད་གཞུང་གི་བུ་ལོན་བཅད་གྲངས་དོ་དམ་གཟབ་ནན་བྱས་ནས། སྲིད་གཞུང་གི་བུ་ལོན་བླངས་ནས་དངུལ་བསྡུའི་རྐྱེན་སྲོལ་ཚད་ལྡན་དུ་བཏང་སྟེ། ཚད་ལྡན་མིན་པའི་བུན་ལེན་དངུལ་བསྡུ་ལ་འགན་ལེན་གྱི་བྱ་སྤྱོད་གཙང་སེལ་ལེགས་སྒྱུར་བྱས་པ་དང། མངོན་མིན་བུ་ལོན་འཕར་བའི་འཕེལ་ཕྱོགས་གཏན་འགོག་བྱས་ཡོད། སྲིད་གཞུང་རང་བཞིན་གྱི་བུ་ལོན་ཉེན་ཁ་མཁོ་བསྟུན་ཐག་གཅོད་རྐྱེན་སྲོལ་དང་ཉེན་ཁ་སྐོང་འདྲི་རྐྱེན་སྲོལ་བཙུགས་ཏེ། སྲིད་གཞུང་གི་བུ་ལོན་ཉེན་ཁ་སྔོན་ཟོན་བྱེད་ཤུགས་ཇེ་དྲག་ཏུ་བཏང་ཡོད། སྲིད་གཞུང་གི་བུ་ལོན་དེ་མགོ་ཁྲིད་ཚན་ཆུང་གི་ལོ་འཁོར་དམིགས་འབེན་འགན་ཁུར་དཔྱད་ཞིབ་མ་ལག་དང། ཞིང་ཆེན་གྱིས་འོག་རིམ་ནོར་སྲིད་དོ་དམ་དང་ཞིང་ཆེན་རིམ་པའི་སྡེ་ཁག་གི་སྔོན་རྩིས་དོ་དམ་ཕྱོགས་བསྡུས་ལས་ཕྱོད་ལ་དཔྱད་བསྡུར་བྱ་གཞིའི་ནང་དུ་བཀོད་ཡོད། ནོར་སྲིད་ནོར་དོན་དོ་དམ་ལ་ཁྱོན་ཡོངས་ནས་ཤུགས་བསྣན་པ། སྲིད་འཛིན་དོན་ལས་སྡེ་ཚན་གྱི་རྒྱུ་ནོར་ལ་འགུལ་རྣམ་གྱིས་ལྟ་སྐུལ་དོ་དམ་ལག་བསྟར་དང། སྲིད་གཞུང་གི་ཉོ་སྒྲུབ་ལ་དོ་དམ་ཚད་ལྡན་དང་ཤུགས་སྣོན་བྱས་ཏེ། རྒྱལ་མཛོད་ཀྱིས་གཅིག་བསྡུས་ངང་གཏོང་སྤྲོད་བྱེད་པ་བཅོས་སྒྱུར་གཏིང་ཟབ་དང། ནོར་སྲིད་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་དང། ནོར་སྲིད་དཔལ་འབྱོར་གྱི་སྒྲིག་ལམ་གཟབ་ནན། གཞི་རིམ་ནོར་དོན་མི་སྣ་གསོ་སྦྱོང་བྱེད་ཤུགས་ཇེ་དྲག་བཅས་བཏང་ཐོག ནོར་སྲིད་ཆ་འཕྲིན་ཅན་དུ་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་བཏང་བ་དང་དུས་མཉམ་དུ། ཁྲིམས་འཛིན་དང་སྤྱི་ཚོགས་འགན་སྲུང། ཚན་རྩལ། དངུལ་རྩ་སོགས་གཙོ་གནད་བཅོས་སྒྱུར་ཁྲོད་ཧུར་ཐག་གིས་ཐེ་ཞུགས་བྱས་ནས། ནོར་ཁྲལ་བཅོས་སྒྱུར་གྱི་རྨང་གཞིའི་འདེགས་སྐྱོར་ནུས་པ་འདོན་སྤེལ་བྱས། ཧུར་ཐག་སྒོས་དོན་གཅོད་དབང་མཚམས་དང་འགྲོ་སྒོའི་འགན་འཁྲི་དབྱེ་བ། བཅོས་སྒྱུར་གྱི་གོམ་འགྲོས་དང་བསྟུན་ནས་ཞིང་ཆེན(གྲོང་ཁྱེར)གཞན་པའི་ཉམས་མྱོང་ལ་བརྟག་དཔྱད་ཞིབ་འཇུག་དང་སློབ་སྦྱོང་དཔྱད་གཞིར་བྱས་པའི་རྨང་གཞིའི་སྟེང། 《ཞིང་ཆེན་རིམ་པ་མན་གྱི་ནོར་དོན་ཐག་གཅོད་དབང་མཚམས་དང་འགྲོ་སྒོའི་འགན་འཁུར་དབྱེ་འབྱེད་བཅོས་སྒྱུར་གྱི་ལག་བསྟར་བསམ་འཆར》གྱི་འཆར་ཟིན་བཀོད་དེ། རིམ་པ་སོ་སོའི་སྲིད་གཞུང་བར་གྱི་ནོར་དོན་ཐག་གཅོད་དབང་མཚམས་དང་འགྲོ་སྒོའི་འགན་འཁྲི་ལུགས་མཐུན་གྱིས་དབྱེ་བ་དང། ནོར་ཤུགས་དང་དོན་གཅོད་དབང་མཚམས་དང་འགྲོ་སྒོ་ཕན་ཚུན་ཆ་འགྲིག་པའི་མ་དངུལ་འགན་བགོས་ཁག་ཁུར་རྐྱེན་སྲོལ་བཙུགས་ཏེ། རིམ་པ་སོ་སོའི་སྲིད་གཞུང་གིས་སྔར་ལས་ལེགས་པོའི་སྒོ་ནས་འགན་འཁྲི་བསྒྲུབ་པར་སྐུལ་འདེད་བཏང་ཡོད། ཁྲལ་དོན་ལམ་ལུགས་བཅོས་སྒྱུར་ལ་ཏན་ཏིག་གིས་སྐུལ་འདེད་བཏང་བ། ཞིང་ལས་ཐོན་རྫས་ཀྱི་རིན་འཕར་དཔྱ་ཁྲལ་དང་ཡོང་འབབ་ཁྲལ་ཚད་ཞིབ་བཤེར་གཏན་འབེབས་བྱས་ནས་འཕྲི་བར་ཚོད་ལྟའི་གཞི་རྒྱ་བསྐྱེད་པ་དང། ལག་ལེན་དུ་བསྟར་ཐུབ་པ་དང་རང་ཞིང་གི་དོན་དངོས་དང་མཐུན་པའི་ཁོར་ཡུག་སྲུང་སྐྱོང་དཔྱ་ཁྲལ་གྱི་ཚད་གཞི་དང། གཅིག་མཐུན་གྱི་ཕྱིར་ཕྱུང་སྒོའི་སྦགས་བཙོག་དཔྱ་ཁྲལ་འཇལ་བྱའི་རྣམ་གྲངས་ཀྱི་འཆར་ཟིན་ཞིབ་འཇུག་གཏན་འབེབས་བྱས་ཤིང། ཆུའི་ཐོན་ཁུངས་ཀྱི་ཁྲལ་དོན་ལམ་ལུགས་བཅོས་སྒྱུར་དང། ས་གནས་དཔྱ་ཁྲལ་མ་ལག་འཛུགས་སྐྲུན་སོགས་ལ་ཚོད་ཐིག་ལེན་པ་དང་བརྟག་དཔྱད་ཞིབ་འཇུག་བྱ་བར་རྩ་འཛུགས་བྱས་ཏེ་སྤེལ་ཡོད།

(གསུམ།) འདས་པའི་ལོ་ལྔའི་རིང་གི་ནོར་སྲིད་བྱ་བའི་སྤྱི་བསྡོམས།

2017ལོ་ནི་སྐབས་འདིའི་སྲིད་གཞུང་གིས་འགན་འཛིན་པའི་ཆེས་མཐའ་མཇུག་གི་ལོ་ཡིན། ལོ་ལྔའི་རིང་གི་ནོར་སྲིད་བྱ་བར་ཕྱིར་དྲན་དང་སྤྱི་བསྡོམས་བྱས་ན། གཙོ་བོ་གཤམ་གྱི་ཁྱད་ཆོས་མངོན་ཡོད་དེ།

གཅིག་ནས་ནོར་སྲིད་ཀྱི་འགན་སྲུང་ནུས་པ་ཕན་ཡོད་སྒོས་ཇེ་དྲག་ཏུ་བཏང་བ། རང་འགུལ་སྒོས་དཔལ་འབྱོར་མར་འགྲིབ་གནོན་ཤུགས་དང། གཉེར་ཁྲལ་འཕར་ཁྲལ་དུ་བསྒྱུར་བ་དང་རྒྱལ་ཁབ་ཀྱིས་ཁྲལ་གྲོན་གཉིས་གཅོག་ལག་བསྟར་བྱས་པ་སོགས་རྒྱུ་རྐྱེན་གྱི་ཤུགས་རྐྱེན་ཐེབས་པ་ཁྱད་དུ་བསད་པ་དང། ཕྱོགས་གཅིག་ནས་ཡོང་སྒོ་བཟུང་སྟེ་སྤྱིའི་ཐོན་འབབ་སྤར་བ་དང། ཕྱོགས་གཅིག་ནས་འགྲོ་སྒོ་བཟུང་སྟེ་ལེགས་སྒྱུར་སྐུལ་འདེད་བྱེད་པ་རྒྱུན་འཁྱོངས་བྱས་ཤིང། ཧུར་ཐག་སྒོས”ནོར་སྲིད་སྒོང་སྤྲི”ཆེ་རུ་བཟོས་པས། ནོར་སྲིད་ཀྱི་དམིགས་ཚད་སོ་སོ་ཚང་མ་འགྲོས་ཚད་སྙོམས་པོར་འཕེལ་བ་སྲུང་འཛིན་བྱས་ཡོད། 2012ལོ་ནས2017ལོའི་བར་དུ་ཞིང་ཆེན་ཡོངས་ཀྱི་ས་གནས་སྤྱི་པའི་སྔོན་རྩིས་ཡོང་སྒོ་སྒོར་དུང་ཕྱུར186.4ནས་སྒོར་དུང་ཕྱུར246.1ཏུ་འཕར་བ་དང། ལོ་རེར་ཆ་སྙོམས་ཀྱིས5.7%འཕར། ཀྲུང་དབྱང་གི་སྣ་སོ་སོའི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར839.7ནས་སྒོར་དུང་ཕྱུར1113.4རུ་འཕར་བ་དང། ལོ་རེར་ཆ་སྙོམས་ཀྱིས5.8%འཕར། སྤྱིའི་ནོར་ཤུགས་སྒོར་དུང་ཕྱུར1307.5ནས་སྒོར་དུང་ཕྱུར1650.8དུ་འཕར་བ་དང། ལོ་རེར་ཆ་སྙོམས་ཀྱིས4.8%འཕར། ཞིང་ཆེན་ཡོངས་ཀྱི་ས་གནས་སྤྱི་པའི་འགྲོ་སྒོ་སྒོར་དུང་ཕྱུར1159ནས་སྒོར་དུང་ཕྱུར1530.3དུ་འཕར་བ་དང། ལོ་རེར་ཆ་སྙོམས་ཀྱིས5.7%འཕར། ནོར་ཤུགས་ཀྱི་གཞི་རྒྱ་དང་འགྲོ་སྒོའི་བསྡོམས་འབོར་བསྟུད་མར་ཇེ་ཆེར་སོང་ཞིང། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ལས་དོན་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བར་ནུས་ལྡན་གྱི་འདེགས་སྐྱོར་མཁོ་འདོན་བྱས་ཡོད།

གཉིས་ནས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ནུས་ཤུགས་སྔར་ལས་ཆེ་བ། ནོར་སྲིད་ཀྱི་སྙོམ་སྒྲིག་ཚོད་འཛིན་འགན་ནུས་ཧུར་ཐག་སྒོས་འདོན་སྤེལ་བྱས་ཏེ། ལོ་ལྔའི་རིང་ལ་རིམ་བསགས་ཀྱིས་བརྩིས་ན་སྒོར་དུང་ཕྱུར1840བཏང་སྟེ། ལྕགས་ལམ་དང་གནམ་གྲུ་ཐང། མྱུར་ལམ། ཆུ་བེད། སྐྱེ་ཁམས་སྲུང་སྐྱོང་སོགས་ལས་གཞི་གལ་ཆེན་ཁག་ཅིག་བསྐྲུན་པར་རོགས་སྐྱོར་བྱས་པ་དང། ནུས་ལྡན་གྱི་མ་དངུལ་གཏོང་རྒྱ་བསྟུད་མར་ཆེ་རུ་བཏང་སྟེ་དཔལ་འབྱོར་འཕར་བར་སྐུལ་ཁྲིད་བྱས་ཡོད། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ཏེ། བཟོ་ལས་དཔལ་འབྱོར་གྱི་སྤུས་འབྲས་གཉིས་ཀ་མཐོར་འདེགས་དང་ཞིང་ཕྱུགས་ལས་གོང་དུ་སྤེལ་སྟངས་བསྒྱུར་བ། ཞབས་ཕྱིའི་ལས་རིགས་ལེགས་སྒྱུར་རིམ་སྤར། གྲོང་ཁྱེར་དང་གྲོང་གསེབ་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་སུ་གཏང་རྒྱུ་བཅས་ལ་ཤུགས་ཆེན་པོས་སྐུལ་འདེད་བཏང། ཁྲལ་གྲོན་གཉིས་གཅོག་པའི་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། ལོ་ལྔའི་ནང་རིམ་བསགས་ཀྱིས་བརྩིས་ན་ཁྲལ་གྲོན་སྒོར་དུང་ཕྱུར420ཡས་མས་ཆག་ཡང་ངམ་རྩ་ཆག་བཏང། ནོར་སྲིད་ཀྱི་མ་དངུལ་གཏོང་སྟངས་གསར་གཏོད་བྱས་ཐོག ནོར་སྲིད་སྲིད་ཇུས་ཀྱི་ཡོ་བྱད་སྣ་ཚོགས་མཉམ་སྡེབ་ཀྱིས་བེད་སྤྱད་ནས། སྲིད་གཞུང་གི་སྣེ་ཁྲིད་ཐེབས་རྩ་དང། སྲིད་གཞུང་གི་ཞབས་ཕྱི་ཉོ་སྒྲུབ། PPPརྣམ་པ་སོགས་ལ་དགེ་མཚན་ལྡན་པའི་འཕེལ་རྒྱས་བྱུང་ཞིང། སྣ་མང་རང་བཞིན་གྱི་དངུལ་གཏོང་འཕེལ་རྒྱས་ཀྱི་རྣམ་པ་ལེགས་པོ་ཐོག་མར་ཆགས་པ་དང། སྔར་ལས་མང་པོའི་མ་དངུལ་གྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏང་བར་རོགས་སྐྱོར་བྱ་བར་འདྲེན་འགུག་དང་སྐུལ་སློང་བྱས་ཡོད།

གསུམ་ནས་དམངས་འཚོ་འགན་སྲུང་རྐྱེན་སྲོལ་རིམ་བཞིན་འཐུས་ཚང་དུ་བཏང་བ། ལོ་ལྔའི་ནང་རིམ་བསགས་ཀྱིས་བརྩིས་ན་མ་དངུལ་སྒོར་དུང་ཕྱུར5420བཀོད་སྒྲིག་བྱས་ཏེ། ཐོག་མཐའ་ཀུན་ཏུ་ནོར་སྲིད་འགྲོ་སྒོའི75%ཡན་དམངས་འཚོ་འགན་སྲུང་དང་ལེགས་སྒྱུར་ཐད་བཀོལ་ཡོད་ལ། ལོ15རིང་གི་རིན་མེད་སློབ་གསོ་དང། སྡོད་དམངས་ཀྱི་རྒན་གསོ་གྲོན་དངུལ། སྨན་བཅོས་འགན་བཅོལ་དམིགས་ཚད་མཐོར་འདེགས་སོགས་སྲིད་ཇུས་ལག་བསྟར་ལ་རོགས་སྐྱོར་བྱས་པ་དང། འགན་སྲུང་ཁང་བ་འདོན་སྤྲོད་མ་ལག་འཐུས་ཚང་དང། གཞུང་བཙུགས་སྨན་ཁང་བཅོས་སྒྱུར་ལ་ཧུར་ཐག་སྒོས་སྐུལ་འདེད་བཏང་ཞིང། དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ལེན་པར་ནུས་ཤུགས་གང་ཡོད་སྒོས་རོགས་སྐྱོར་དང། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་ལ་གཅིག་གྱུར་འཆར་འགོད་སྒོས་སྐུལ་འདེད། སྤྱི་ཚོགས་བཅོས་སྐྱོང་ནུས་པ་གསར་སྐྲུན་མཐོར་འདེགས། སྐྱེ་ཁམས་སྲུང་སྐྱོང་སྔོན་ལ་འཇོག་རྒྱུ་རྒྱུན་འཁྱོངས་བྱས་པ་དང། སྐྱེ་ཁམས་གནས་སྤོ་ཡུལ་མིར་ཁ་གསབ་སྟེར་བ་དང། གཙང་གསུམ་འབྱུང་ཡུལ་གྱི་ལས་གྲྭ་སྐབས་གཉིས་པ། མདོ་ལ་རི་བོའི་སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང། ཞིང་སྡེའི་ཁོར་ཡུག་ཡུག་འབྲེལ་བཅོས་སྐྱོང་དང། མཁའ་རླུང་ཆེན་པོ་དང་ཆུ། ས་གཤིན་སྦགས་བཙོག་འགོག་བཅོས་སོགས་སྐྱེ་ཁམས་ཁོར་སྲུང་ལས་གཞི་རིགས57ལག་བསྟར་བྱ་བར་རོགས་སྐྱོར་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་མུ་མཐུད་ནས་ཇེ་དྲག་ཏུ་བཏང་ཡོད།

བཞི་ནས་ནོར་ཁྲལ་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་སྐུལ་འདེད་བཏང་བ། ལམ་ལུགས་འཛུགས་སྐྱོང་བྱ་བར་དོ་སྣང་བྱས་ཏེ། ནོར་ཁྲལ་སྒྲིག་སྲོལ་བཅོས་སྒྱུར་གྱི་སྤྱིའི་འཆར་ཟིན་བཀོད་ནས་བཏོན་པ་དང། བཅོས་སྒྱུར་གྱི་ལམ་རིས་དང་དུས་ཚོད་རེའུ་མིག་གསལ་བོར་བཀོད་ཅིང། སྔོན་རྩིས་དོ་དམ་ལམ་ལུགས་ཀྱི་བཅོས་སྒྱུར་སྔོན་ལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་པ་དང། བར་སྐབས་ཀྱི་ནོར་སྲིད་འཆར་འགོད་དོ་དམ་དང་ནོར་སྲིད་མ་དངུལ་གཅིག་གྱུར་འཆར་འགོད་ཀྱིས་བསྡུ་རུབ། ནོར་སྲིད་ཀྱི་བསགས་དངུལ་ཧུར་པོར་གཏོང་བ། ནོར་སྲིད་འགྲོ་སྒོའི་སྒྲིག་གཞི་ལེགས་སྒྱུར། འགྲོ་སྒོའི་ལས་ཕྱོད་དོ་དམ་ཤུགས་དྲག་ཏུ་གཏོང་བ། མ་དངུལ་གཏོང་སྟངས་གསར་གཏོད། སྲིད་གཞུང་རང་བཞིན་གྱི་བུ་ལོན་ཉེན་ཁ་འགོག་ཟོན་དང་མེད་པར་བཟོ་བ་སོགས་ཀྱི་ཐད་ནས་ཐོད་བརྒལ་རང་བཞིན་གྱི་འཕེལ་རྒྱས་བྱུང་ཞིང། གཉར་ཁྲལ་ནས་འཕར་ཁྲལ་དུ་བཅོས་སྒྱུར་ཁྱོན་ཡོངས་ནས་སྤེལ་བ་དང། ཐོན་ཁུངས་ཁྲལ་བཅོས་སྒྱུར་ལ་བརྟན་བརླིང་ངང་སྐུལ་སྤེལ་བཏང་ཐོག ནོར་སྲིད་སྤོ་སྒྱུར་གཏོང་སྤྲོད་ལམ་ལུགས་རིམ་བཞིན་འཐུས་ཚང་དུ་བཏང་སྟེ། ནོར་སྲིད་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་གསོན་ཤུགས་སྐུལ་སྤེལ་བྱས་ནས། 2020ལོར་རྩ་བའི་ཆ་ནས་དེང་རབས་ནོར་སྲིད་ལམ་ལུགས་འཛུགས་པར་རྨང་གཞི་བརྟན་པོ་བཏང་ཡོད།

ལྔ་ནས་ནོར་སྲིད་མ་དངུལ་དོ་དམ་སྔར་ལས་ཚད་ལྡན་གྱི་ཕྱོགས་སུ་འཕེལ་བ། ལམ་ལུགས་འཐུས་ཚང་དང་འགན་འཁྲི་གསལ་བོ། བརྒྱུད་རིམ་སྟབས་བདེ། ལྷུ་ཚིགས་ཚོད་འཛིན། ལྟ་སྐུལ་ཤུགས་དྲག་ཏུ་གཏོང་བར་དམིགས་ཏེ། ནོར་སྲིད་ནང་ཁུལ་གྱི་ཚོད་འཛིན་མ་ལག་བཙུགས་ཡོད། ཞིང་ཆེན་དམངས་ཆེན་དང་མཉམ་འབྲེལ་བྱས་ཏེ་ཞིང་ཆེན་རིམ་པའི་སྔོན་རྩིས་དྲ་འབྲེལ་ལྟ་སྐུལ་བྱ་བ་སྤེལ་མགོ་བརྩམས་ཡོད། ཆེད་སྤྱོད་མ་དངུལ་སྣ་ཚོགས་དོ་དམ་བྱེད་ཐབས་འཐུས་ཚང་བར་བཟོ་བཅོས་བྱས་པ་དང། ལས་གཞིའི་མ་དངུལ་ཡོངས་སུ་ཁེབས་པའི་ཆེད་སྤྱོད་མ་དངུལ་ལྟ་སྐུལ་དོ་དམ་མ་ལག་དང་སྔོན་རྩིས་ལས་ཕྱོད་དོ་དམ་གྱི་རྐྱེན་སྲོལ་ཐོག་མ་ཙམ་བཙུགས་ཡོད། སྔོན་རྩིས་དང་ངེས་རྩིས་ཆ་འཕྲིན་སྤྱི་བསྒྲགས་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བ་དང། སྔོན་རྩིས་ལག་བསྟར་ལྟ་སྐུལ་དང། རྩིས་གཉེར་ལྟ་སྐུལ། རྩིས་གཉེར་ཞབས་ཕྱི་ལས་རིགས་ལྟ་སྐུལ། ཁྲལ་མིན་ཡོང་འབབ་ལ་ཞིབ་བཤེར་བྱེད་ཤུགས་བཅས་ཆེ་རུ་བཏང་ནས། ནོར་སྲིད་དང་དཔལ་འབྱོར་སྒྲིག་ལམ་གཟབ་ནན་བྱས་ཐོག སྲོལ་འགལ་དང་སྒྲིག་འགལ་བྱ་སྤྱོད་ལ་ཁྲིམས་ལྟར་ཐག་བཅད་པས། ནོར་སྲིད་དོ་དམ་ཚན་རིག་ཅན་དང་ཚད་ལྡན་ཅན་དུ་གྱུར་ཚད་མངོན་གསལ་གྱིས་མཐོར་འདེགས་བྱུང་ལ། མ་དངུལ་བཀོལ་སྤྱོད་ནུས་ཕྱོད་རྒྱུན་མ་ཆད་པར་མཐོར་འདེགས་བྱུང་ཡོད།

ལོ་ལྔའི་རིང་ལ། ཞིང་ཆེན་ཡོངས་ཀྱི་ནོར་སྲིད་བྱ་བའི་ཐད་ནས་ཐོབ་དཀའ་བའི་གྲུབ་འབྲས་བླངས་ཤིང་ཐོད་བརྒལ་གསར་བ་མངོན་འགྱུར་བྱུང་ཡོད། གྲུབ་འབྲས་འདི་དག་བླངས་པ་ནི་རྒྱལ་ཁབ་ཀྱི་སྤྱི་ཁོག་སྲིད་ཇུས་ཀྱིས་སྐུལ་ཁྲིད་དང། ཞིང་ཆེན་ཏང་ཨུའི་ཡང་དག་པའི་དབུ་ཁྲིད་དང་རིམ་པ་སོ་སོའི་དམངས་འཐུས་ཚོགས་ཆེན་དང་དེའི་རྒྱུན་ཨུ་ཁང་གིས་ལྟ་སྐུལ་མཛུབ་སྟོན་གནང་བའི་དྲིན་ཡིན་ལ། ནོར་སྲིད་པུའུ་དང་སྤྱི་ཚོགས་ཕྱོགས་སོ་སོས་ཤེས་རྟོགས་དང་རྒྱབ་སྐྱོར་བྱས་པའི་དྲིན་ཡིན། གྲུབ་འབྲས་མཐོང་བ་དང་མཉམ་དུ། ང་ཚོས་ནོར་སྲིད་བཅོས་སྒྱུར་དང་འཕེལ་རྒྱས་ཁྲོད་ད་དུང་དཀའ་ཁག་དང་གནད་དོན་མི་ཉུང་བ་ཞིག་མདུན་དུ་ལྷགས་ཡོད་པའང་གསལ་བོར་ཤེས་དགོས་ལ། གཅིག་ནི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་རྙིང་བརྗེ་སྒྱུར་དང་ཁྲལ་གྲོན་གཉིས་གཅོག་སྲིད་ཇུས་ཀྱི་ཤུགས་རྐྱེན་ཐེབས་པ་ལས། ནོར་སྲིད་ཡོང་སྒོ་འཕར་ཚད་ཇེ་དལ་དུ་སོང་ཞིང། ས་གནས་ཁྲལ་དོན་མ་ལག་ད་དུང་བཙུགས་མེད་པ་དང། ཡོང་སྒོ་འཕར་བའི་རྨང་གཞི་སྔར་བཞིན་བརྟན་པོ་མིན་པའི་ཁར་ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་བརྩོན་ལེན་གྱི་དཀའ་ཁག་ཇེ་ཆེར་སོང་བས། ནོར་ཤུགས་ཀྱི་བསྡོམས་འབོར་བསྟུད་མར་ཇེ་མང་དུ་འགྲོ་བ་སྲུང་འཛིན་བྱེད་པའི་གནོན་ཤུགས་སྔར་ལས་ཇེ་ཆེ་རེད། གཉིས་ནི་སྲོལ་རྒྱུན་གྱི་སྒྲུབ་ཐབས་དང་སྲིད་ཇུས་ཁག་ཅིག་བརྟན་འཇགས་ཡིན་པའི་ཤུགས་རྐྱེན་ཐེབས་པ་ལས། དམངས་འཚོ་ཁྱབ་ཁོངས་ཀྱི་ཅིས་ཀྱང་གཏོང་དགོས་པའི་འགྲོ་སྒོ་ཇེ་མང་ལས་ཇེ་ཉུང་དུ་མི་འགྲོ་བ་དང། རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་གྲོན་ཆུང་སྒོས་འཚོ་བ་རོལ་བའི་བསམ་བློ་བརྟན་པོར་བཅངས་པའི་དགོས་གཏུག་མི་ཆེ་བའི་ཁར། ཕྱོགས་སོ་སོའི་མ་དངུལ་གཏོང་ཤུགས་ཇེ་ཆེར་གཏོང་བའི་རེ་བ་ཇེ་མཐོ་ནས་ཇེ་མཐོ་ཡིན་པས། ནོར་སྲིད་ཀྱིས་འགན་སྲུང་བྱེད་པའི་དཀའ་ཁག་ཇེ་ཆེ་ནས་ཇེ་ཆེ་ཡིན་པ་དང། ཡོང་སྒོ་དང་འགྲོ་སྒོའི་འགལ་བ་མངོན་གསལ་སྒོས་འབུར་དུ་ཐོན་པ་རེད། གསུམ་ནི་ས་གནས་སྲིད་གཞུང་དང་དེའི་སྡེ་ཁག་སྐོར་ཅིག་གི་བུ་ལོན་དོ་དམ་གྱི“ཐིག་དམར”འདུ་ཤེས་དང“ཚད་མཐའ“བསམ་བློ་ཤུགས་མི་དྲག་པས། སྔར་བཞིན་རྣམ་པ་བསྒྱུར་ནས་བུ་ལོན་ལེན་པར་འགན་ལེན་གྱི་སྲོལ་འགལ་བྱ་སྤྱོད་ཡོད་པ་དང། མངོན་མེད་བུ་ལོན་གྱི་ཉེན་ཁ་ཅུང་ཆེ་བའི་ཁར་ཞིང་ཆེན་ཡོངས་སུ་བུན་འཇལ་གྱི་རྩེ་སྒང་དུ་སླེབས་ཡོད་པས། བུ་ལོན་གྱི་གནོན་ཤུགས་དེ་མགྱོགས་མྱུར་ངང་སྔོན་རྩིས་བཀོད་སྒྲིག་ཕྱོགས་སུ་བརྒྱུད་མཆེད་བྱེད་ཀྱིན་ཡོད། བཞི་ནི་ལས་གཞི་ཁག་ཅིག་གི་དུས་མགོའི་ལས་ཀ་ཞན་པ་དང། ལས་ཕྱོད་དོ་དམ་ནན་ཏན་མིན་པ། མ་དངུལ་ལྟ་སྐུལ་གནད་ཁེལ་མིན་པ་དང། མ་དངུལ་སོགས་ལས་གཞི་དང་འགྲོ་སྒོའི་འཕེལ་ཚད་དོ་མཉམ་མིན་པ། བསགས་དངུལ་ཡང་ཡང་གཙང་བཤེར་བྱས་ཀྱང་ཡང་དང་བསྐྱར་དུ་རིམ་བསགས་བྱས་པ། ནོར་སྲིད་འགྲོ་སྒོའི་སྐབས་ཐོག་གི་སྐུལ་ཁྲིད་ནུས་པ་མི་དྲག་པ་སོགས་འབུར་ཐོན་གྱི་གནད་དོན་ཚད་མི་འདྲ་བའི་སྒོས་ནས་གནས་ཡོད་པས། གནད་དོན་འདི་དག་ང་ཚོས་གཙིགས་སུ་བཟུང་ནས་ཧུར་ཐག་སྒོས་བྱེད་ཐབས་སྤྱད་དེ་ནན་ཏན་སྒོས་ཐག་གཅོད་བྱ་དགོས།

གཉིས། 2018ལོའི་ཞིང་ཆེན་ཡོངས་དང་ཞིང་ཆེན་རིམ་པའི་སྔོན་རྩིས་སྐོར་གྱི་འཆར་ཟིན།

2018ལོར་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་གོང་སྤེལ་གྱི་ཁོར་ཡུག་སྔར་བཞིན་སྣེ་མང་རྙོག་འཛིང་ཆེ་བ་དང། དཔལ་འབྱོར་དུས་ཐུང་ནང་བརྟན་འཇགས་སུ་འཕེལ་བའི་ཁྱད་རྟགས་མངོན་གསལ་ཡིན་པ་དང། དཔལ་འབྱོར་འཕར་བའི་སྒུལ་ཤུགས་གསར་བ་རྒྱུན་མ་ཆད་པར་གསོག་བཞིན་པ་དང། ཕྱོགས་སོ་སོའི་ཕན་ཡོད་རྒྱུ་རྐྱེན་བསྟུད་མར་ཇེ་མང་དུ་འགྲོ་བཞིན་ཡོད་མོད། འོན་ཀྱང་བརྟན་འཇགས་མིན་པ་དང་ངེས་གཏན་མེད་པའི་རྒྱུ་རྐྱེན་སྔར་བཞིན་གནས་ཡོད་ལ། འཕེལ་རྒྱས་དོ་མཉམ་མིན་པ་དང་འཐུས་ཚང་མིན་པའི་གནད་དོན་སྔར་བས་མངོན་གསལ་རེད། ནོར་སྲིད་གཏོང་ཡོང་ལ་མཚོན་ན་ས་གནས་ཀྱི་ཡོང་སྒོ་འཕར་ཚད་ཉུང་བ་དང། ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་འཕར་ཚད་ཉུང་བ། ཅིས་ཀྱང་གཏོང་དགོས་པའི་འགྲོ་སྒོ་ཇེ་མང་དུ་འགྲོ་བའི་གནས་ཚུལ་སྔར་བས་འབུར་དུ་ཐོན་ཡོད་པས། ནོར་སྲིད་ཀྱི་གཏོང་ཡོང་གནས་བབ་ཧ་ཅང་ཛ་དྲག་ཆེ་ལ། སྔོན་རྩིས་སྙོམ་སྒྲིག་གི་མདུན་དུ་ལྷགས་པའི་དཀའ་ཁག་ཧ་ཅང་ཆེ་བ་རེད།

མདུན་དུ་ལྷགས་པའི་ནོར་སྲིད་དཔལ་འབྱོར་གྱི་གནས་བབ་གཞིར་བཟུང་སྟེ། 2018ལོའི་ཞིང་ཆེན་ཡོངས་ཀྱི་སྔོན་རྩིས་སྒྲིག་བཟོ་དང་ནོར་སྲིད་བྱ་བའི་མཛུབ་སྟོན་བསམ་བློ་ནི། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་ལ་ཁྱོན་ཡོངས་ནས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་བཟུང་སྟེ། བརྟན་བརླིང་ཁྲོད་ཡར་ཐོན་བརྩོན་པའི་བྱ་བ་སྤྱིའི་མདོ་དོན་རྒྱུན་འཁྱོངས་དང། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་རྒྱུན་འཁྱོངས་བྱས་ཐོག སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའི་འགྱུར་ལྡོག་ལ་དམ་པོར་དམིགས་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏང་རྒྱུར་སྔར་ལས་དོ་སྣང་དང། “སྒྱུར་བ་བཞིའི”བསམ་ཕྱོགས་གསར་བས “ཏན་ཏན་ཏིག་ཏིག་བཞིའི”བླང་བྱ་གལ་ཆེན་དོན་ཐོག་ཏུ་འཁྱོལ་ནས་རྩ་བ་ཚུགས་པར་སྐུལ་འདེད་བྱ་དགོས། ནོར་སྲིད་འགྲོ་སྒོའི་སྒྲིག་གཞི་སྙོམ་སྒྲིག་དང་ལེགས་སྒྱུར་བྱས་ཏེ། ནོར་སྲིད་མ་དངུལ་བཀོལ་སྤྱོད་ནུས་ཕྱོད་ཇེ་མཐོར་གཏོང་བ་དང། ཤུགས་ཆེན་པོས་ཉེན་ཁ་ཆེན་པོ་འགོག་སེལ་དང་གནད་འཁེལ་དབུལ་སྐྱོར། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་སྦགས་བཙོག་འགོག་བཅོས་བཅས་ཀྱི་མཁྲེགས་གཏོར་གཡུལ་འཐབ་ཆེན་པོ་གསུམ་ལེགས་པོར་བརྒྱག་པར་ཤུགས་ཡོད་རྒུས་རོགས་སྐྱོར་བྱ་དགོས། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་རྒྱུན་འཁྱོངས་བྱེད་པ་ལམ་ཕྱོགས་གཙོ་བོ་བྱས་ཏེ། དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་དོན་འཁྱོལ་མཐར་ཕྱིན་བྱེད་པ་དང། ནོར་སྲིད་ཀྱི་རྒྱུན་མཐུད་རང་བཞིན་ཇེ་དྲག་ཏུ་གཏོང་བ། ཁྱོན་ཡོངས་ནས་ལས་ཕྱོད་དོ་དམ་ལག་བསྟར་དང། ནོར་ཁྲལ་སྒྲིག་སྲོལ་བཅོས་སྒྱུར་ཟབ་མོ་བྱས་ཏེ། དཔལ་འབྱོར་སྤྱི་ཚོགས་བསྟུད་མར་སྐྱོན་བྲལ་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱ་རྒྱུ་དེ་ཡིན།

གོང་གི་མཛུབ་སྟོན་བསམ་བློ་གཞིར་བཟུང་ནས། ང་ཚོས་སྔོན་རྩིས་སྒྲིག་བཟོའི་ཁྲོད་སྤྱིའི་ཆ་ནས་གཤམ་གྱི་རྩ་དོན་དག་འཛིན་དགོས་ཏེ། གཅིག་ནས་དཀྱིལ་སྙིང་དུ་འདུས་ནས་སྤྱི་ཡོངས་ལ་ཞབས་ཞུ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་དང། “འདུ་ཤེས་བཞི”སྲ་བརྟན་དུ་བཏང་སྟེ། ནོར་སྲིད་འགན་ནུས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་དང། “སྒྱུར་བ་བཞིའི“བསམ་ཕྱོགས་གསར་བས”ཏན་ཏན་ཏིག་ཏིག་བཞིའི“བླང་བྱ་གལ་ཆེན་གྱི་འབྲས་བུ་སྨིན་པར་ཁྱོན་ཡོངས་ནས་སྐུལ་འདེད་བྱ་བ། གཉིས་ནས་འབེན་ལྟར་སྲིད་ཇུས་ལག་བསྟར་དང་གནད་འཁེལ་ཤུགས་འདོན་གྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ཉེན་ཁ་ཚབས་ཆེན་སྔོན་འགོག་སྒོས་སེལ་བ་དང་གནད་འཁེལ་དབུལ་སྐྱོར། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་སྦགས་བཙོག་སྔོན་འགོག་གི་འགག་གཏོར་ཆེན་པོ་གསུམ་ལེགས་པོར་སྒྲུབ་པར་ཤེད་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་བ། གསུམ་ནས་དངོས་ཐོག་བདེན་འཚོལ་དང་ཧུར་ཐག་བརྟན་བརླིང། ལྷག་འཕྲོ་བསྐྱུར་བའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ཐབས་བརྒྱ་ཇུས་སྟོང་གིས་ནོར་ཤུགས་ཀྱི་བསྡོམས་འབོར་ཇེ་ཆེར་གཏང་བ། བཞི་ནས་ཡོང་སྒོ་དང་བསྟུན་ནས་འགྲོ་སྒོ་གཏོང་བ་དང། གཅིག་གྱུར་གྱིས་འཆར་འགོད་དང་གཙོ་གནད་འབུར་དུ་དོད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ཤུགས་ཡོད་རྒུས་ནོར་སྲིད་འགྲོ་སྒོའི་སྒྲིག་གཞི་ལེགས་སྒྱུར་བྱ་བ། ལྔ་ནས་ནོར་ཤུགས་ཕྱོགས་བསྡུས་སྒོས་དོན་ཆེན་སྒྲུབ་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ལས་གཞི་གལ་ཆེན་གྱི་མ་དངུལ་དགོས་མཁོ་འགན་སྲུང་ལེགས་པོ་བྱ་བ། དྲུག་ནས་རྒྱུན་མཐུད་དང་གཞི་རྩ་སྲུང་བ། ཚད་མཐའ་སྐྱོར་བའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཚོགས་ཀྱི་ལས་དོན་དང་དམངས་འཚོ་རྒྱུན་མ་ཆད་པར་ལེགས་བཅོས་སུ་གཏོང་བར་སྐུལ་འདེད་བྱ་བ། བདུན་ནས་ཁྱོན་ཡོངས་ནས་ཤུགས་འདོན་པ་དང། ཕན་འབྲས་དངོས་ལ་དོ་སྣང་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པ་ལ་བསྟུད་མར་སྐུལ་འདེད་བྱ་བ། བརྒྱད་ནས་ཧུར་བརྩོན་གྲོན་ཆུང་དང་ཞིབ་རྩིས་སྤྱོད་ཤེས། ལས་ཕྱོད་མཐོར་འདེགས་བཅས་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། གྲོན་ཆུང་སྒོས་འཚོ་བ་རོལ་བའི་བསམ་བློ་བརྟན་པོར་འཛུགས་པ་བཅས་སོ།།

(གཅིག) 2018ལོའི་ནོར་སྲིད་ཡོང་སྒོ་བཀོད་སྒྲིག་གི་བསམ་ཕྱོགས།

2018ལོར་ཞིང་ཆེན་ཡོངས་ཀྱི་ས་གནས་སྤྱི་པའི་སྔོན་རྩིས་ཡོང་སྒོ་བཀོད་སྒྲིག་ཐད་ནས། སྤྱི་ཁོག་གི་དཔལ་འབྱོར་གནས་བབ་དང་གཉེར་ཁྲལ་འཕར་ཁྲལ་དུ་བསྒྱུར་ཅིང་ཁྲལ་གཅོག་པར་ཁྱོན་ཡོངས་ནས་སྐུལ་འདེད་བྱེད་པ་སོགས་རྒྱུ་རྐྱེན་ལ་བསམ་བློ་བཏང་སྟེ། འཕར་ཚད་དངGDPཕན་ཚུན་མཐུན་པའི་ཐོག་མའི་འཆར་གཞི་བཟོས་ཏེ། 7.5%འཕར་བ་ལྟར་བཀོད་སྒྲིག་བྱ་རྒྱུ་ཡིན། དེའི་ཁྲོད་དུ་ཞིང་ཆེན་རིམ་པའི་ཡོང་སྒོ་དེ་ཞིང་ཆེན་ཡོངས་ཀྱི་འཕར་བའི་ཆུ་ཚད8%ལས་ཅུང་མཐོ་བ་ལྟར་བཀོད་སྒྲིག་བྱས་ནས། ནོར་སྲིད་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་སྲུང་འཛིན་བྱ་རྒྱུ། དེ་དང་ཆབས་ཅིག་ཏུ་ཀྲུང་དབྱང་ནོར་སྲིད་ཀྱིས་སྔོན་གཏོང་བྱས་པའི་མ་དངུལ་སྣ་སོ་སོ་ཡོངས་སུ་ལོ་མགོའི་སྔོན་རྩིས་ནང་དུ་བཅུག་སྟེ། གསར་དུ་འཕར་བའི་དོ་མཉམ་རང་བཞིན་གྱི་ཁ་གསབ་རོགས་དངུལ་སྤོ་སྒྱུར་གཏོང་སྤྲོད་དང་ས་གནས་སྲིད་གཞུང་གི་གསར་སྣོན་བུན་འཛིན་ཚད་ངེས་ཅན་ཞིག་མུ་མཐུད་དུ་བཀོད་སྒྲིག་བྱེད་པ་དང། སྔོན་རྩིས་བརྟན་འཇགས་སྙོམ་སྒྲིག་ཐེབས་རྩ་སོགས་མ་དངུལ་རིགས་སྣ་ཚོགས་གཅིག་གྱུར་སྒོས་སྔོན་རྩིས་ནང་འདྲེན་ཤུགས་ཚད་ཆེ་རུ་གཏོང་བ་དང། ནོར་ཤུགས་ཀྱི་བསྡོམས་འབོར་འཕར་ཚད་རན་པོ་སྲུང་འཛིན་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་བསྟུད་མར་སྐྱོན་བྲལ་ངང་འཕེལ་རྒྱས་སུ་འགྲོ་བར་འདེགས་སྐྱོར་བྱ་རྒྱུ།

(གཉིས།) 2018ལོར་ནོར་སྲིད་ཀྱིས་རོགས་སྐྱོར་བྱེད་པའི་ཁ་ཕྱོགས་གཙོ་བོ།

1. འགག་ཆེན་པོ་གསུམ་གཏོར་བའི་གཡུལ་འགྱེད་པར་རྒྱབ་སྐྱོར་གང་ལེགས་བྱ་དགོས། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་དང། བྱ་བའི་བསམ་ཕྱོགས་ཧུར་ཐག་སྒོས་གསར་སྐྲུན་དང། བྱ་བའི་ཐབས་ཤེས་ཞིབ་ཚགས་སུ་བཟོ་བ། སྲིད་ཇུས་ཤུགས་ཇེ་དྲག་དང་མ་དངུལ་གྱིས་རྒྱབ་སྐྱོར་བཅས་བྱས་ཏེ། འགག་ཆེན་པོ་གསུམ་གཏོར་བའི་གཡུལ་ལས་རྣམ་པར་རྒྱལ་བར་འགན་སྲུང་དང་འདེགས་སྐྱོར་འདོན་སྤྲོད་བྱ་དགོས་ཏེ། གཅིག་ནས་ཉེན་ཁ་འགོག་སེལ་ལ་རྒྱབ་སྐྱོར་བྱ་དགོས། མགོ་ཁུངས་ནས་དོ་དམ་ཚོད་འཛིན་བྱ་བར་ཤུགས་བསྣན་ཏེ། མངོན་མེད་བུ་ལོན་འཕར་བར་རྦད་ཆོད་ཀྱིས་གཏན་འགོག་དང། མ་དངུལ་དང་རྒྱུ་ནོར་རིགས་སྣ་ཚོགས་ཧུར་པོར་བཏང་ནས། ས་གནས་སྲིད་གཞུང་གི་བུ་ལོན་ཉེན་ཁ་ཧུར་ཐག་བརྟན་བརླིང་སྒོས་སེལ་དགོས། ཀྲུང་དབྱང་གིས་རང་ཞིང་ལ་གསར་སྣོན་ཆེད་སྤྱོད་བུན་འཛིན་གྱི་གཞི་རྒྱ་ཇེ་མང་དུ་གཏང་བར་བརྩོན་ལེན་བྱས་ཏེ། ལུགས་མཐུན་གྱི་མ་དངུལ་བསྡུ་རུབ་དགོས་མཁོ་ལ་འགན་སྲུང་བྱ་དགོས། ས་གནས་སྲིད་གཞུང་གི་བུ་ལོན་གྱི་སྐྱེད་ཀའི་མ་དངུལ་ཆ་ཚང་བཀོད་སྒྲིག་བྱ་དགོས་པ་མ་ཟད་དུས་ལྟར་སྤྲད་དེ། སྲིད་གཞུང་གི་ཡིད་རྟོན་སྙན་གྲགས་སྲུང་སྐྱོང་བྱ་དགོས། རྒྱལ་དབང་མ་རྩ་ཁག་ཅིག་སྤྱི་ཚོགས་འགན་སྲུང་ཐེབས་རྩའི་ནང་ཁ་གསབ་པའི་སྲིད་ཇུས་དམ་འཛིན་སྒོས་དོན་འཁྱོལ་བྱས་ནས། ཁེ་ལས་ཀྱི་རྒན་གསོའི་འགན་བཅོལ་ཐེབས་རྩ་སྤྲོད་རྒྱུ་མི་འདང་བར་ཁ་གསབ་ཏེ། རྒན་གསོའི་འགན་བཅོལ་གྲོན་དངུལ་གཏོང་སྤྲོད་ཉེན་ཁ་འགོག་ཟོན་བྱ་དགོས། གཉིས་ནས་གནད་འཁེལ་དབུལ་སྒྲོལ་ལ་རྒྱབ་སྐྱོར་བྱ་དགོས། དབུལ་ཕོངས་མི་གྲངས་དམིགས་བསལ་ཅན་ལ་དམིགས་ཏེ། “གསར་སྣོན་གསུམ“གྱི་བྱ་བའི་བླང་བྱ་ཁྱོན་ཡོངས་ནས་དོན་ཐོག་ཏུ་འཁྱོལ་བར་བྱ་བ་དང། ཞིང་ལས་དང་འབྲེལ་བའི་མ་དངུལ་གཅིག་གྱུར་འཆར་འགོད་ཀྱིས་བསྡུ་རུབ་བྱ་བར་སྐུལ་འདེད་ཟབ་མོ་བྱས་ཏེ། དབུལ་སྐྱོར་བཟོ་སྐྲུན་གལ་ཆེན་ལ་ཤུགས་ཆེན་པོས་རྒྱབ་སྐྱོར་དང། ཡུལ་སྤོ་དབུལ་སྐྱོར་དང་སྐྱེ་ཁམས་དབུལ་སྐྱོར། ཁྱད་ལྡན་ཐོན་ལས་དབུལ་སྐྱོར། སྐྱོན་མེད་དབུལ་སྐྱོར་སོགས་ཀྱི་བྱ་བར་སྐུལ་འདེད་བྱ་བ། མ་དངུལ་ལ་ལྟ་སྐུལ་དོ་དམ་དང་ལས་ཕྱོད་ལ་དོ་དམ་ཤུགས་དྲག་ཏུ་བྱས་ནས། དབུལ་སྐྱོར་མ་དངུལ་དོ་དམ་ལེགས་པོ་དང་བཀོལ་སྤྱོད་ལེགས་པོ་བྱ་དགོས། ནོར་སྲིད་མ་དངུལ་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཐོན་སྐྱེད་བྱས་པར་བྱ་དགའ་དང་ཁ་གསབ་དང་ངལ་རྩོལ་རོགས་དངུལ་སྟེར་བ་སོགས་བྱེད་སྟངས་སྔར་ལས་མང་པོ་སྤྱད་དེ། ལོ་འདིའི་ནང་དུ་དབུལ་ཕོངས་རྫོང12ཀྱིས་ཞྭ་མོ་ཕུད་པ་དང་དབུལ་ཕོངས་སྡེ་བ500ཕྱིར་འཐེན། དབུལ་ཕོངས་མི་གྲངས་ཁྲི15དབུལ་ཕོངས་ལས་ཐར་བར་ཁག་ཐེག་བྱ་དགོས། གསུམ་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་སྦགས་བཙོག་འགོག་བཅོས་ལ་རྒྱབ་སྐྱོར་བྱ་དགོས། ”སྐྱེ་ཁམས་དུམ་ཁག་ཆེན་པོ་ལྔའི“སྐྱེ་ཁམས་ལས་གྲྭ་གལ་ཆེན་གྱི་མ་དངུལ་དགོས་མཁོ་ལ་འགན་སྲུང་བྱེད་པ་དང། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཏེ། གཙང་གསུམ་འབྱུང་ཡུལ་གྱི་ལས་གྲྭ་སྐབས་གཉིས་པ་དང་མདོ་ལ་རི་བོ་ཕྱོགས་བསྡུས་བཅོས་སྐྱོང། ཙོང་ཆུའི་འབབ་རྒྱུད་ཧྲིལ་བོ་བཅོས་སྐྱོང་སོགས་ཀྱི་སྐྱེ་ཁམས་ལས་གྲྭ་དང། རྩྭ་ཐང་དང་ནགས་ཚལ། བརླན་སའི་སྐྱེ་ཁམས་སྲུང་སྐྱོང་བྱེད་པར་བྱ་དགའ་དང་ཁ་གསབ་རོགས་དངུལ་སྟེར་བའི་སྲིད་ཇུས་དོན་འཁྱོལ་དང། སྐྱེ་ཁམས་ཁ་གསབ་སྟེར་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏང་དགོས། མཁའ་རླུང་ཆེན་པོ་དང་ཆུ། ས་ཞིང་བཅས་སྦགས་བཙོག་བཟོ་བའི་མགོ་ཁུངས་འགོག་བཅོས་དང་ཡུལ་སྐོར་མཛེས་ལྗོངས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྐྱོང་འགུལ་སྐྱོད་སྤེལ་བར་རྒྱབ་སྐྱོར་བྱ་དགོས།

2. འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞིའི་རང་བཞིན་གྱི་བཅོས་སྒྱུར་ལ་རྒྱབ་སྐྱོར་བྱ་དགོས། སྤུས་ཚད་མཐོ་བའི་གོང་སྤེལ་གྱི་བླང་བྱ་གཞིར་བཟུང་ནས། ད་ཡོད་ནོར་སྲིད་མ་དངུལ་དང་སྲིད་ཇུས་ཐབས་ལམ་གཅིག་གྱུར་འཆར་འགོད་ཀྱིས་བེད་སྤྱོད་པ་དང། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞིའི་རང་བཞིན་གྱི་བཅོས་སྒྱུར་ལ་རྒྱབ་སྐྱོར། ཚོང་རའི་གཉེར་མཁན་སོ་སོ་ཧུར་ཐག་གིས་གསོ་སྐྱོང་དང། སྤུས་ལེགས་དང་ནུས་ཕྱོད་མཐོ་བའི་འདོན་སྤྲོད་མ་ལག་ལ་སྐུལ་འདེད་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་མང་ཚོགས་ཀྱི་སྒེར་གཤིས་ཅན་དང་སྣ་མང་ཅན་གྱི་དགོས་མཁོ་མུ་མཐུད་དུ་བསྐང་དགོས། གཅིག་ནས་ཐོན་ལས་ཐེབས་རྩའི་ཁྲིད་སྟོན་ནུས་པ་འདོན་སྤེལ་བྱ་དགོས། “ཀྲུང་གོའི་བཟོ་སྐྲུན2025”ཞེས་པ་ལག་ཏུ་བསྟར་བར་ཧུར་ཐག་གིས་རོགས་སྐྱོར་དང། སྔོན་ཐོན་བཟོ་སྐྲུན་ལས་རིགས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་བཏང་ཐོག དཔལ་འབྱོར་གཞན་སྒྱུར་རིམ་སྤར་ལ་སྐུལ་འདེད་དང། བཟོ་ལས་ཁེ་ལས་ཀྱི་སྒྲིག་གཞི་ལེགས་སྒྲིག་ཆེད་སྤྱོད་ཁ་གསབ་རོགས་དངུལ་མུ་མཐུད་དུ་བེད་སྤྱོད་ལེགས་པོ་བྱས་ནས། དག་གཙང་ཐོན་ཁུངས་དང་རྒྱུ་ཆ་གསར་བ། གློག་རྡུལ་ཆ་འཕྲིན་སོགས་ལྗང་མདོག་གསར་དར་ཐོན་ལས་གསོ་སྐྱོང་ལ་རོགས་སྐྱོར་བྱས་ཏེ། འཕེལ་རྒྱས་གཏོང་སྟངས་བསྒྱུར་བར་སྐུལ་འདེད་གཏང་དགོས། རྡོ་སོལ་སོགས་ལས་རིགས་ཀྱི་ཐོན་ནུས་ཆེ་ཐལ་བ་ཐག་གཅོད་པར་རོགས་སྐྱོར་བྱ་དགོས། “སྲོག་མེད་ཁེ་ལས“ཐག་གཅོད་འོས་འཚམ་བྱེད་པ། གཉིས་ནས་རིན་འཕར་དཔྱ་ཁྲལ་སོགས་ཁྲལ་དོན་ལམ་ལུགས་བཅོས་སྒྱུར་ཟབ་མོ་བྱ་དགོས། བོགས་མར་བླངས་པའི་བརྟན་འཇགས་རྒྱུ་ནོར་གྱི་ཡོང་འབབ་ཚབ་འཕྲི་སོགས་ཀྱི་རིན་འཕར་དཔྱ་ཁྲལ་སྲིད་ཇུས་དོན་འཁྱོལ་དང། ཚབ་འཕྲི་སྦྲེལ་ཐག་འཐུས་ཚང་དུ་གཏོང་བ། གཉེར་ཁྲལ་འཕར་ཁྲལ་དུ་བཅོས་པའི་ཁྲལ་གཅོག་ཁེ་འཕར་བསྟུད་མར་གློད་པ་དང། ཁེ་ལས་དང་འབྲེལ་བའི་གྲོན་དངུལ་བསྡུ་ཚུལ་སྔར་ལས་ཚད་ལྡན་དུ་གཙང་བཤེར་དང། ཁེ་ལས་འཕེལ་རྒྱས་ཀྱི་ཁུར་བོ་དངོས་ཐོག་ཇེ་ཡང་དུ་བཏང་སྟེ། སྒུལ་ཤུགས་གསར་བ་གསོ་སྐྱོང་དང་དཔལ་འབྱོར་གཞན་སྒྱུར་རིན་སྤར་ལ་སྐུལ་འདེད་གཏང་དགོས། གསུམ་ནས་གསར་གཏོད་ཀྱིས་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པའི་འཐབ་ཇུས་ལག་བསྟར་བྱ་དགོས། ཚན་རྩལ་ཐད་གྲོན་དངུལ་གཏོང་སྟངས་ལེགས་སྒྱུར་བྱས་ཐོག རྨང་གཞིའི་ཞིབ་འཇུག་ལ་ཤུགས་བསྣན་ནས་ཚན་རྩལ་འཐབ་ཇུས་སྟོབས་ཤུགས་ཆེ་རུ་གཏོང་བ་དང། རྒྱལ་ཁབ་དང་ཞིང་ཆེན་ནང་ཁུལ་གྱི་ཚན་རྩལ་ལས་གཞི་གལ་ཆེན་གཞི་རྒྱ་བསྐྱེད་དེ་ལག་བསྟར་བྱ་དགོས། ལག་རྩལ་གསར་གཏོད་ལ་སྣེ་ཁྲིད་རྒྱབ་སྐྱོར་གྱི་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། ཚན་རྩལ་ཆེད་དམིགས་ལས་གཞི་གལ་ཆེན་ལག་བསྟར་དང་ཁེ་ལས་ཀྱི་ཞིབ་འཇུག་གསར་སྤེལ་སོགས་ཀྱི་རྨང་གཞིའི་ཞིབ་འཇུག་ལ་རྒྱབ་སྐྱོར་བྱས་ནས། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་དང་ཐོན་སློབ་ཞིབ་གསུམ་གཏིང་ཟབ་སྒོས་མཉམ་འདྲེས་གསར་གཏོད་མ་ལག་འཛུགས་པར་སྐུལ་འདེད་བཏང་ཐོག གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྣེ་ཁྲིད་ནུས་པ་ཤུགས་དྲག་ཏུ་གཏང་དགོས། བཞི་ནས་དངུལ་ལོར་སོགས་ཞབས་ཕྱིའི་ལས་རིགས་གོང་སྤེལ་ལ་རྒྱབ་སྐྱོར་བྱ་དགོས། བྱེད་སྒོའི་བྱ་དགའ་དང་གྲོན་དངུལ་ཁ་གསབ། དངུལ་བུན་གྱི་སྐྱེད་ཀ་ཁ་གསབ། བྱ་དགའ་དང་ཁ་གསབ་རོགས་དངུལ་སྟེར་བ་སོགས་བྱེད་སྟངས་ཕྱོགས་བསྡུས་གྱིས་སྤྱོད་པ་དང། ཀུན་ཕན་གྱི་དངུལ་ལོར་ཞབས་ཕྱི་དང་འགན་སྲུང་མ་ལག་མགྱོགས་མྱུར་གྱིས་འཛུགས་སྐྲུན་བྱ་དགོས། སྲིད་ཇུས་རང་བཞིན་གྱི་ཞིང་ལས་འགན་བཅོལ་གྱི་ཚད་གཞི་མཐོར་འདེགས་དང་ཕྱོགས་ངོས་རྒྱ་བསྐྱེད་པར་སྐུལ་འདེད་དང། ཞིང་ཕྱུགས་ལས་བརྟན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏང་དགོས། དེང་རབས་ཞབས་ཕྱིའི་ལས་རིགས་མགྱོགས་མྱུར་ངང་གོང་དུ་སྤེལ་བ་དང། སྒུལ་ཤུགས་གསར་བ་སྟོབས་ཆེན་དུ་གསོ་སྐྱོང་བྱ་དགོས།

3. གྲོང་གསེབ་དར་སྤེལ་དང་གོང་སྤེལ་ལ་རྒྱབ་སྐྱོར་བྱ་དགོས། ཀྲུང་དབྱང་ཞིང་སྡེ་བྱ་བའི་ཚོགས་འདུའི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མཉམ་འདྲེས་གོང་སྤེལ་དང། ཐུན་མོང་འབྱོར་ཕྱུག སྤུས་ཚད་ཀྱིས་ཞིང་ལས་དར་བ། ལྗང་མདོག་གོང་སྤེལ། རིག་གནས་དར་རྒྱས། ཞིང་སྡེ་ལེགས་བཅོས། ཁྱད་ལྡན་དབུལ་འཕྲི་སོགས་ཀྱི་དམིགས་འབེན་ལམ་ཐིག་རྒྱུན་འཁྱོངས་དང། ནོར་སྲིད་ཀྱིས་རྒྱབ་སྐྱོར་སྲིད་ཇུས་དོན་འཁྱོལ་དང། རོང་འབྲོག་ལས་ཁྱོན་ཡོངས་རིམ་སྤར་ལ་ཤུགས་ཆེན་པོས་སྐུལ་འདེད་དང། རོང་འབྲོག་ཁུལ་ཁྱོན་ཡོངས་ནས་མདུན་སྐྱོད། རོང་འབྲོག་མང་ཚོགས་ཁྱོན་ཡོངས་ནས་གོང་སྤེལ་གཏང་དགོས། གཅིག་ནས་ཞིང་པར་ཕན་པའི་སྲིད་ཇུས་མཐའ་དག་ཁྱོན་ཡོངས་ནས་དོན་འཁྱོལ་བྱ་དགོས། ཞིང་ལས་ལ་རྒྱབ་སྐྱོར་དང་སྲུང་སྐྱོང་གི་ལམ་ལུགས་འཐུས་ཚང་དུ་བཏང་ཐོག ལྗང་མདོག་སྐྱེ་ཁམས་ཁྲིད་ཕྱོགས་ཡིན་པའི་ཞིང་ལས་ལ་ཁ་གསབ་རོགས་དངུལ་སྟེར་བའི་སྲིད་ཇུས་ལག་བསྟར་བྱེད་པ་དང། རྨོ་ཞིང་རེས་མོས་སུ་འདེབས་བསྐྱུར་བྱེད་པ་དང་རྨོ་ཞིང་གི་སྤུས་ཚད་ཕྱོགས་བསྡུས་བཅོས་སྐྱོང་བྱ་བར་རྒྱབ་སྐྱོར་བྱས་ཏེ། ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་དུ་འགྱུར་བར་མགྱོགས་མྱུར་ངང་སྐུལ་འདེད་བྱ་དགོས། རྣམ་པ་སྣ་ཚོགས་པའི་སྒོ་ནས་གཞི་རྒྱ་རན་པོའི་ཚོང་གཉེར་གོང་དུ་སྤེལ་དགོས། གསར་བྱུང་གི་ཞིང་ལས་ཚོང་གཉེར་བྱེད་མཁན་གསོ་སྐྱོང་བྱ་བར་སྐུལ་འདེད་དང། ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཕྱིའི་མ་ལག་འཐུས་ཚང་དུ་བཏང་ཐོག ཞིང་སྡེའི་ཐོན་ལས་དང་པོ་གཉིས་པ་གསུམ་པ་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏང་དགོས། གཉིས་ནས་སྡེ་བ་ཐུན་མོང་གི་དཔལ་འབྱོར་གོང་སྤེལ་ལ་རྒྱབ་སྐྱོར་བྱ་དགོས། “གསར་འབྱེད་ལས་གྲྭ“དང་གྲོང་གསེབ་ཡུལ་སྐོར། ནགས་ལས་ཐོན་ལས་གོང་སྤེལ། ཕྱུགས་ལས་གསོ་སྤེལ་དང་འདེགས་འཛུགས་སོགས་ཐུན་མོང་དཔལ་འབྱོར་གོང་དུ་སྤེལ་བར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་དགོས། ཚད་གཞི་མཐོན་པོའི་ཞིང་ས་འཛུགས་སྐྲུན་ཐད་ཤུགས་སྣོན་པ་དང། ཞིང་ཁའི་ཆུ་བེད་སྒྲིག་བཀོད་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱ་དགོས། གྲོང་གསེབ་ཡོངས་བཅོས་སྐྱོང་མ་ལག་འཐུས་ཚང་དུ་བཏང་ནས་མཛེས་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏང་དགོས། གསུམ་ནས་གྲོང་གསེབ་ཀྱི་སྤྱི་པའི་ཞབས་ཕྱིའི་ཞན་ཆ་མགྱོགས་མྱུར་ངང་ཁ་གསབ་བྱ་དགོས། གྲོང་གསེབ་ཀྱི་ཐོན་ཁུངས་ཁོར་ཡུག་གི་སྲུང་སྐྱོང་ཤུགས་དྲག་ཏུ་བཏང་ནས། ཆུ་དང་གློག ལམ། མཁའ་དབུགས་དང་ཆ་འཕྲིན་འཁོར་རྒྱུག་སོགས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་ཆེན་པོས་ལེགས་བཅོས་དང། རི་ཆུ་ནགས་ཞིང་མཚེའུ་རྩྭ་བཅས་ལ་གཅིག་གྱུར་སྲུང་སྐྱོང་འཛུགས་སྐྲུན་བྱས་ཏེ། རིམ་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་བར་ཁྱད་ཇེ་ཆུང་དུ་གཏང་དགོས།