མཚོ་སྔོན་གྱིས་ཆེད་ལས་ལག་རྩལ་མི་སྣར་ལས་ལམ་གསར་འབྱེད་བྱེད་པར་རྒྱབ་སྐྱོར་དང་སྐུལ་ལྕག་བྱས་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན།    དོན་ལས་ལས་ཁུངས་ཀྱི་ཆེད་ལས་ལག་རྩལ་མི་སྣར་ལས་ལམ་གསར་འབྱེད་བྱེད་པར་རྒྱབ་སྐྱོར་དང་སྐུལ་ལྕག་བྱ་ཆེད།  ཉེ་སྔོན།   ཞི ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་གྱིས《ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་གྱིས་དོན་ལས་ལས་ཁུངས་ཀྱི་ཆེད་ལས་ལག་རྩལ་མི་སྣར་ལས་ལམ་གསར་འབྱེད་བྱེད་པར་རྒྱབ་སྐྱོར་དང་སྐུལ་ལྕག་བྱེད་པའི་ཐད་ཀྱི་ལག་བསྟར་བསམ་འཆར》(གཤམ་ནས《ལག་བསྟར་བསམ་འཆར》ཞེས་བསྡུ་རྒྱུ་ཡིན)དཔར་འགྲེམས་བྱས་ཏེ།  ཆེད་ལས་ལག་རྩལ་མི་སྣར་ལས་ལམ་གསར་འབྱེད་བྱེད་པར་བླང་བྱ་གསལ་བོ་བཏོན།  

《ལག་བསྟར་བསམ་འཆར》གྱིས་དོན་ལས་ལས་ཁུངས་ཀྱི་ཆེད་ལས་ལག་རྩལ་མི་སྣར་ལས་ལམ་གསར་འབྱེད་ཀྱི་བྱེད་སྟངས་གལ་ཆེན་གསལ་བོ་བྱས་ཡོད་ལ།  གཙོ་བོ་འགན་འཁྱེར་དང་ལས་གཞིའི་མཉམ་འབྲེལ་ཁྲོད་ཞུགས་པ།   གོ་གནས་གཅིག་ལྕོགས།  ལས་འཁྱེར་ཁེ་ལས་སྒྲུབ་པ།   ལས་གནས་ལས་བུད་དེ་ལས་གཏོད་བྱེད་པ།  གསར་སྐྲུན་རྣམ་པའི་ལས་གནས་བཀོད་སྒྲིག་བྱེད་པ་དང་འཁོར་རྒྱུག་ལས་གནས་བཀོད་སྒྲིག་བྱེད་པ་སོགས་རྣམ་པ་བདུན་ཡོད།    དུས་མཚུངས་སུ་འགན་འཁྱེར་དང་ལས་གཞིའི་མཉམ་འབྲེལ་ཁྲོད་ཞུགས་པ།   གོ་གནས་གཅིག་ལྕོགས།  ལས་འཁྱེར་ཁེ་ལས་སྒྲུབ་པ།   ལས་གནས་ལས་བུད་དེ་ལས་གཏོད་བྱེད་པ་ལ་འབྲེལ་ཡོད་ཀྱི་བླང་བྱ་གསལ་བོ་བཏོན་ཡོད།  འགན་འཁྱེར་དང་ལས་གཞིའི་མཉམ་འབྲེལ་ཁྲོད་ཞུགས་པ།   གོ་གནས་གཅིག་ལྕོགས་སོགས་ཀྱི་བྱེད་སྟངས་ལ་ཁེ་ལས་དང་དོན་ལས་སྡེ་ཁག་གི་ལས་དོན་ཁྱབ་ཁོངས་དང་ཐག་ཉེ་དགོས།   ལས་གཞིའི་མཉམ་འབྲེལ་ཁྲོད་ཞུགས་པ་དང་ལས་འཁྱེར་ཁེ་ལས་སྒྲུབ་པ། མི་སྒེར་བཅས་དོན་ལས་ལས་ཁུངས་ཀྱི་ཆེད་ལས་གཉེར་བར་འབྲེལ་བ་ཡོད་དགོས།   ལས་གནས་ལས་བུད་དེ་ལས་གཏོད་བྱེད་པ་ལ་ངེས་པར་དུ་ཚན་ཞིབ་རྣམ་གྲངས་དང་གྲུབ་འབྲས་ཁྱེར་ནས་གསར་སྒྲུབ་ཚན་རྩལ་རྣམ་པའི་ཁེ་ལས་དང་ཡང་ན་ཁེ་ལས་ནང་དུ་ཡོང་ནས་གསར་སྐྲུན་བྱ་བ་སྒྲུབ་དགོས།      གཏན་འབེབས་འདི་དག་བརྒྱུད་ཆ་རྐྱེན་དང་མཐུན་པའི་ཆེད་ལས་ལག་རྩལ་མི་སྣ་ཧུར་བསྐྱེད་ཀྱིས་ལས་ལམ་གསར་འབྱེད་ཁྲོད་ཞུགས་པར་རྒྱབ་སྐྱོར་དང་སྐུལ་ལྕག་བྱས་ཏེ།  དོན་ལས་ལས་ཁུངས་ཀྱི་བྱ་བ་རྒྱུན་ལྡན་གྱིས་སྤེལ་ཐུབ་པར་ཤུགས་རྐྱེན་བཟོས།

རང་ཞིང་གིས་ཚན་ཞིབ་གསར་སྐྲུན་བྱ་འགུལ་སྒྲུབ་པར་རྒྱབ་སྐྱོར་དང་སྐུལ་ལྕག་བྱེད་པའི་ལས་ཁུངས་གཙོ་བོ་མཐོ་རིམ་སློབ་གྲྭ་དང་ཚན་ཞིབ་གླིང་སོགས་ཚན་ཞིབ་གསར་སྐྲུན་བྱ་འགུལ་སྒྲུབ་པའི་དོན་ལས་ལས་ཁུངས་ཡིན།    མི་གཙོ་བོ་གོང་དུ་བརྗོད་པའི་མཐོ་རིམ་སློབ་གྲྭ་དང་ཚན་ཞིབ་གླིང་ནས་ཚན་ཞིབ་གསར་སྐྲུན་བྱ་འགུལ་སྒྲུབ་པའི་སྒྲིག་ཁོངས་དང་ལས་ཐོག་ཏུ་ཡོད་པའི་ཆེད་ལས་ལག་རྩལ་མི་སྣ་ཡིན།    མཐོ་རིམ་སློབ་གྲྭ་དང་ཚན་ཞིབ་གླིང་སོགས་ཚན་ཞིབ་གསར་སྐྲུན་བྱ་འགུལ་སྒྲུབ་པའི་དོན་ལས་ལས་ཁུངས་ཀྱི་ཆེད་ལས་ལག་རྩལ་མི་སྣ་ལས་གཞན་རིགས་མི་འདྲ་བའི་ལས་གཏོད་བླང་བྱ་དང་མཐུན་ན་རེ་ཞུ་བཏོན་ཆོག    དོན་ལས་ལས་ཁུངས་ཁྲོད་མགོ་ཁྲིད་ཀྱི་ལས་གནས་ཁུར་མི་སྣ་དང་ལས་ཁུངས་ནང་ལས་འགན་ཁུར་བའི་མི་སྣ་ཁེ་ལས་ཁྲོད་ལས་འགན་ཁུར་བར་མངགས་པའི་མི་སྣར་འབྲེལ་ཡོད་གཏན་འབེབས་ལྟར་ནང་དུ་ཞུགས་མི་ཆོག་པའམ་ཚད་བཀག་ཡོད་པ་རེད།   འབྲེལ་ཡོད་ཡིག་ཆའི་བླང་བྱ་གཞིར་བཟུང་བ་ལྟར་ན་ལས་གནས་ལས་བུད་དེ་ལས་གཏོད་བྱེད་པའི་ཁེ་ལས་ཞིང་ཆེན་ནང་ཁུལ་གྱི་ཁེ་ལས་དང་ན་གཞོན་གྱིས་སྒྲུབ་པའི་ཁེ་ལས་ཡིན་དགོས། འབྲེལ་ཡོད་འགན་ཁུར་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན་ཆེད་དུ་གསལ་བཤད་བྱེད་རྒྱུ་ཞིག་ལ་དོན་ལས་ལས་ཁུངས་ཁེ་ལས་ཀྱི་མངའ་ཁོངས་སུ་གཏོགས།  དེའི་ཁྲོད་སྒེར་གཉེར་ཁེ་ལས་དང་མ་རྐང་ཚོད་འཛིན་ཁེ་ལས་འགན་འཁྱེར་དང་ལས་གཞིའི་མཉམ་འབྲེལ་ཁྲོད་ཞུགས་པ།   གོ་གནས་གཅིག་ལྕོགས།  ལས་གནས་ལས་བུད་དེ་ལས་གཏོད་བྱེད་པའི་ཁྱབ་ཁོངས་སུ་མི་གཏོགས།  

དོན་ལས་ལས་ཁུངས་ཀྱི་ཆེད་ལས་ལག་རྩལ་མི་སྣས་ཚན་ཞིབ་རྣམ་གྲངས་དང་གྲུབ་འབྲས་ཁྱེར་ནས་ལས་གནས་ལས་བུད་དེ་ཚན་རྩལ་རྣམ་པའི་ཁེ་ལས་གཉེར་བའམ་ལས་གནས་ལས་བུད་དེ་ཁེ་ལས་ནང་ཡོང་ནས་གསར་སྐྲུན་བྱ་བ་སྤེལ་བར་སྐུལ་ལྕག་བྱ་ཆེད།  《ལག་བསྟར་བསམ་འཆར》ལས་གསལ་བོར་བསྟན་དོན།ལས་གནས་ལས་བུད་དེ་ལས་གཏོད་བྱེད་པའི་མི་སྣའི་ལས་གནས་ལས་བུད་དེ་ལས་གཏོད་བྱེད་པའི་སྐབས་ཀྱི་གཞི་རྩའི་ཟླ་ཕོགས་ལོངས་སུ་སྤྱད་ཆོག  ལས་གནས་ལས་བུད་དེ་ལས་གཏོད་བྱེད་པའི་སྐབས་སུ་སྔོན་གྱི་ལས་ཁུངས་ཀྱི་གོ་མིང་དཔྱད་བསྡུར་ཞིབ་བཤེར་དང་གསོ་སྦྱོང་། དཔྱད་ཞིབ།  བྱ་དགའ་སོགས་ཀྱི་དོ་དམ་ལམ་ལུགས་མུ་མཐུད་ལག་བསྟར་བྱས་ཆོག

ལོ་ཙཱ་བ། ལྷ་ཆེན་རྒྱལ།