རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་“ལོ་ལྔ་ཚན་བཅུ་གསུམ་པའི”གྲངས་ཉུང་མི་རིགས་སྐད་ཡིག་བྱ་བའི་འཆར་འགོད་དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར། ཀ་བ།

ཞིང་ཆེན་དང་རང་སྐྱོང་ཁུལ། ཐད་སྐྱོང་གྲོང་ཁྱེར། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྒར་བཅས་ཀྱི་མི་རིགས་((ཆོས་ལུགས))ཨུ་ལྷན་(((ཐིན་ནམ་ཅུས))སོ་སོ་དང་། ཀོང་ཞི་དང་བོད་ལྗོངས། ཤིན་ཅང་བཅས་རང་སྐྱོང་ཁུལ་གྱི་མི་རིགས་སྐད་ཡིག་ཨུ་ལྷན་(གཞུང་ལས་ཁང)དང་། མི་རིགས་ཨུ་ལྷན་ལས་ཁུངས་ཀྱི་སྡེ་ཁག་སོ་སོ་དང་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་བཅས་ལ།

«རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི“ལོ་ལྔ་ཚན་བཅུ་གསུམ་པའི”གྲངས་ཉུང་མི་རིགས་སྐད་ཡིག་བྱ་བའི་འཆར་འགོད»ལ་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་། ད་ལྟ་དངོས་སུ་ཁྱོད་ཚོར་དཔར་འགྲེམ་བྱས་པ་ཡིན་པས། འགན་འཁྲིའི་ལས་བགོས་ལྟར་ལག་ལེན་མཐར་ཕྱིན་བགྱི་དགོས། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ལྟ་སྐུལ་དང་ཞིབ་བཤེར་བྱ་རྒྱུ་ཡིན།

རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང།

2017ལོའི་ཟླ3པའི་ཚེས17ཉིན།

རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་“ལོ་ལྔ་ཚན་བཅུ་གསུམ་པའི”གྲངས་ཉུང་མི་རིགས་སྐད་ཡིག་བྱ་བའི་འཆར་འགོད།

གཅིག མཛུབ་སྟོན་བསམ་བློ་དང་གཞི་རྩའི་རྩ་དོན།

(གཅིག))མཛུབ་སྟོན་བསམ་བློ།

ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ཤིང་། མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་གི་བསམ་བློ། ཏིན་ཞའོ་ཕིང་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱལ་ལྟ་བ་བཅས་ཀྱི་མཛུབ་སྟོན་འོག་ཏུ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་བ། ལྔ་བ། དྲུག་པ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་ཀྲུང་དབྱང་མི་རིགས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་བྱེད་ཅིང་། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་དང“ཐུན་མོང་གཉིས”ཀྱི་མི་རིགས་བྱ་བའི་བརྗོད་གཞི་ལ་རྩེ་གཅིག་ཏུ་དམིགས་ནས། ཏང་དང་རྒྱལ་ཁབ་ཀྱི་གྲངས་ཉུང་མི་རིགས་སྐད་ཡིག་སྐོར་གྱི་སྲིད་ཇུས་དང་ཁྲིམས་སྲོལ་ཕྱོགས་ཡོངས་ནས་ལག་ལེན་དུ་བསྟར་བ་དང་། མི་རིགས་སོ་སོར་མངའ་བའི་རང་གི་སྐད་ཡིག་བཀོལ་སྤྱོད་དང་འཕེལ་རྒྱས་གཏོང་བའི་རང་དབང་ཁྲིམས་ལྟར་འགན་སྲུང་བྱེད་པ། སྐད་ཡིག་གི་འཕེལ་རྒྱས་ཆོས་ཉིད་ལ་བརྩི་བཀུར་དང་། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་བྱ་བ་བརྟན་རླིང་ངང་ཧུར་ཐག་གིས་སྤེལ་ནས། མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་བྱ་གཞག་ལ་སྐུལ་འདེད་དང་། “ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་གཅེས། །རྡོག་རྩ་གཅིག་སྒྲིལ་ཀྲུང་གོའི་ཕུགས་འདུན་སྐྲུན།”ཞེས་པ་མངོན་འགྱུར་བྱེད་པར་བརྩོན་དགོས།

(གཉིས))གཞི་རྩའི་རྩ་དོན།

ཁྲིམས་ལྟར་དོ་དམ་བྱེད་པ་དང་ཁྲིམས་ལྟར་བྱ་བ་སྒྲུབ་པ་རྒྱུན་འཁྱོངས་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཤུགས་ཆེན་པོས་ཁྱབ་གདལ་གཏོང་བ་དང་ཚད་ལྡན་སྒོས་བཀོལ་སྤྱོད་བྱས་ནས། མི་རིགས་ཚང་མར་རང་གི་སྐད་ཡིག་བཀོལ་སྤྱོད་དང་འཕེལ་རྒྱས་གཏོང་བའི་རང་དབང་ཡོད་པ་འགན་སྲུང་བྱེད་དགོས། དངོས་ཐོག་བདེན་འཚོལ་དང་རིགས་དབྱེ་མཛུབ་སྟོན་རྒྱུན་འཁྱོངས་བྱས་ནས། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་བྱ་བ་ཚན་རིག་དང་མཐུན་པར་གོང་དུ་སྤེལ་བར་སྐུལ་འདེད་གཏོང་དགོས། མི་རིགས་སོ་སོའི་བར་སྐད་ཡིག་སློབ་རེས་བྱེད་པར་སྐུལ་མ་གཏོང་བ་རྒྱུན་འཁྱོངས་བྱས་ནས། མི་རིགས་བར་གྱི་འབྲེལ་བ་འཆམ་མཐུན་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས།

གཉིས། འཕེལ་རྒྱས་ཀྱི་དམིགས་འབེན།

2020ལོར་སླེབས་པ་ན། མི་རིགས་སོ་སོར་མངའ་བའི་རང་གི་སྐད་ཡིག་བཀོལ་སྤྱོད་དང་འཕེལ་རྒྱས་སུ་གཏོང་བའི་རང་དབང་ལ་སྔར་བས་འགན་སྲུང་ཐོབ་པ་དང་། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཚད་ལྡན་ཡིན་ཚད་ཀྱིས་སྤྱི་ཚོགས་ཀྱི་དགོས་མཁོ་སྐོང་ཐུབ་ཅིང་། ཆ་འཕྲིན་ཅན་གྱི་ཆུ་ཚད་སྔར་ལས་མཐོར་འདེགས་ཡོང་དགོས། མི་རིགས་སོ་སོའི་སྐད་ཡིག་ལ་ཚན་རིག་དང་མཐུན་པར་སྲུང་སྐྱོབ་བྱེད་པར་ཤུགས་སྣོན་པ་དང་། གྲངས་ཉུང་མི་རིགས་སྐད་ཡིག་གིས་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་ནུས་པ་སྔར་བས་འདོན་སྤེལ་བྱས་ཏེ། སྤྱི་ཚོགས་དང་སྐད་བརྡ་དང་འཚོ་བ་བཅས་འཆམ་མཐུན་ངང་གོང་དུ་སྤེལ་དགོས།

གསུམ། འགན་ཁུར་གཙོ་བོ་དང་ལས་གཞི་གལ་ཆེན།

(གཅིག)གྲངས་ཉུང་མི་རིགས་སྐད་ཡིག་བྱ་བ་ཁྲིམས་སྐྱོང་ཅན་དུ་བསྒྱུར་བར་ཤུགས་ཆེན་པོས་སྐུལ་འདེད་གཏོང་དགོས།

དྲིལ་སྒྲོག་བྱེད་ཤུགས་ཇེ་ཆེར་བཏང་ཏེ། «ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས»དང། «ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས»དང་། «རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་རྩ་འཛུགས་པུའུ། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ། སློབ་གསོ་པུའུ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། རྒྱལ་ཁབ་གཞུང་ཞབས་ཅུས་བཅས་ཀྱིས་མི་རིགས་ས་ཁུལ་ལས་བྱེད་པའི་སྐད་གཉིས་སློབ་སྦྱོང་བྱ་བར་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར»དང་། «རྒྱལ་ཁབ་ལས་དོན་མི་རིགས་ཨུ་ཡོན་ལྷན་ཁང་གི་གྲངས་ཉུང་མི་རིགས་སྐད་ཡིག་དོ་དམ་བྱ་བ་ལེགས་པོར་སྒྲུབ་པའི་སྐོར་གྱི་བསམ་འཆར»དང་། «རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་མི་རིགས་སྐད་ཡིག་ལོ་ཙཱའི་བྱ་བ་སྔརབས་ལེགས་པོར་སྒྲུབ་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར»སོགས་གྲངས་ཉུང་མི་རིགས་སྐད་ཡིག་བྱ་བའི་སྐོར་གྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་ཡིག་ཆ་ལག་ལེན་མཐར་ཕྱིན་བྱས་ནས། མི་རིགས་སོ་སོས་ཕན་ཚུན་གྱི་སྐད་ཡིག་སློབ་སྦྱོང་བྱེད་པའི་རྣམ་པ་བཟང་བོ་སྐྲུན་པ་དང་། མི་རིགས་སོ་སོའི་སྐད་ཡིག་འཆམ་མཐུན་མཉམ་གནས་དང་བདེ་ཐང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།((འགན་འཁུར་ལས་ཁུངས་ནི། སློབ་གསོ་ཚན་རིག་སི། སྲིད་ཁྲིམས་སི། རིག་གནས་དྲིལ་སྒྲོག་སི། འབྲེལ་ཡོད་ས་གནས་སོ་སོའི་མི་རིགས་སྐད་ཡིག་བྱ་བའི་སྡེ་ཁག་བཅས་ཡིན། མཆན། མགོ་མ་ནི་མགོ་འཛིན་ལས་ཁུངས་ཡིན་ཞིང་། ལས་ཁུངས་གཞན་དག་ནི་ཐེ་ཞུགས་ལས་ཁུངས་གཙོ་བོ་ཡིན། ཨུ་ལྷན་ཁོངས་གཏོགས་ཀྱི་འབྲེལ་ཡོད་མཐོ་རིམ་སློབ་གྲྭ་ཞེས་པ་ནི་ཀྲུང་དབྱང་མི་རིགས་སློབ་ཆེན་དང་། ལྷོ་ནུབ་མི་རིགས་སློབ་ཆེན། ནུབ་བྱང་མི་རིགས་སློབ་ཆེན་བཅས་ཡིན། ཡིག་སྒྱུར་ཅུས་ཞེས་པ་ནི་ཀྲུང་གོ་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས((ལྟེ་གནས)ཡིན། འབྲེལ་ཡོད་ས་གནས་སོ་སོའི་མི་རིགས་སྐད་ཡིག་བྱ་བའི་སྡེ་ཁག་ཅེས་པ་ནི་བྱ་བར་འབྲེལ་བ་ཡོད་པའི་ཞིང་ཆེན་དང་རང་སྐྱོང་ཁུལ། ཐད་སྐྱོང་གྲོང་ཁྱེར། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྒར་བཅས་ཀྱི་མི་རིགས((ཆོས་ལུགས)ལས་དོན་)ཨུ་ཡོན་ལྷན་ཁང་((ཐིན་ནམ་ཅུས)དང་།) ཀོང་ཞི་དང་བོད་ལྗོངས། ཤིན་ཅང་བཅས་ཀྱི་མི་རིགས་སྐད་ཡིག་ཨུ་ཡོན་ལྷན་ཁང((གཞུང་ལས་ཁང)ཡིན། གཤམ་དུ་དེ་ལྟར་རིགས་བསྒྲེ་བར་བྱའོ།།))

གྲངས་ཉུང་མི་རིགས་སྐད་ཡིག་སྐོར་གྱི་བཅའ་ཁྲིམས་ལག་བསྟར་བྱ་བར་ཤུགས་སྣོན་བརྒྱག་པ་དང་། འབྲེལ་ཡོད་ལས་ཁུངས་དང་མཉམ་དུ་གྲངས་ཉུང་མི་རིགས་སྐད་ཡིག་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་བྱས་པའི་གནས་ཚུལ་ལ་བརྟག་དཔྱད་ཞིབ་འཇུག་དང་ལྟ་སྐུལ་ཞིབ་བཤེར་བྱས་ནས། མི་རིགས་སོ་སོར་མངའ་བའི་རང་མི་རིགས་ཀྱི་སྐད་ཡིག་བཀོལ་སྤྱོད་དང་འཕེལ་རྒྱས་གཏོང་བའི་རང་དབང་འགན་སྲུང་བྱེད་དགོས། གྲངས་ཉུང་མི་རིགས་སྐད་ཡིག་གི་ཁྱབ་ཁོངས་ཀྱི་གནས་ཚུལ་གསར་བ་དང་གནད་དོན་གསར་བ་དག་ལ་དུས་ལྟར་རྗེས་འདེད་དང་ཞིབ་འཇུག་བྱས་ནས། དོན་དངོས་ཀྱི་དགོས་མཁོ་ལྟར་འབྲེལ་ཡོད་ས་ཁུལ་སོ་སོས་གྲངས་ཉུང་མི་རིགས་སྐད་ཡིག་བྱ་བ་ཁྲིམས་སྐྱོང་ཅན་དུ་བསྒྱུར་བར་ཤུགས་སྣོན་བརྒྱག་པར་སྐུལ་འདེད་གཏོང་དགོས།((འགན་འཁུར་ལས་ཁུངས་ནི། སློབ་གསོ་ཚན་རིག་སི་དང་། སྲིད་ཁྲིམས་སི། ལྟ་ཞིབ་སི། འབྲེལ་ཡོད་ས་གནས་སོ་སོའི་མི་རིགས་སྐད་ཡིག་བྱ་བའི་སྡེ་ཁག་བཅས་ཡིན།))

གནད་ཆེའི་ལས་གཞི་1པོ། ཏང་དང་རྒྱལ་ཁབ་ཀྱི་གྲངས་ཉུང་མི་རིགས་སྐད་ཡིག་སྐོར་གྱི་ལམ་ཕྱོགས་དང་སྲིད་ཇུས་དྲིལ་སྒྲོག་དང་ལག་བསྟར་བྱེད་པ།

ཏང་དང་རྒྱལ་ཁབ་ཀྱི་གྲངས་ཉུང་མི་རིགས་སྐད་ཡིག་སྐོར་གྱི་ལམ་ཕྱོགས་དང་སྲིད་ཇུས་དྲིལ་སྒྲོག་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། ཏང་དང་རྒྱལ་ཁབ་ཀྱི་མི་རིགས་སྐད་ཡིག་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པར་སྔར་ལས་ལྷག་པར་སྐུལ་འདེད་གཏོང་དགོས། མི་རིགས་རང་སྐྱོང་ས་ཁུལ་དང་མཐའ་མཚམས་ས་ཁུལ། མི་རིགས་ཤང་བཅས་གཙོ་གནད་དུ་བཟུང་ནས་གྲངས་ཉུང་མི་རིགས་སྐད་ཡིག་གི་ལམ་ཕྱོགས་དང་སྲིད་ཇུས་དྲིལ་སྒྲོག་བྱེད་པ་དང་དེའི་སྐོར་གྱི་སློབ་གསོ་སྤེལ་དགོས། མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཕན་ཚུན་གྱི་སྐད་ཡིག་སློབ་པར་སྐུལ་མ་གཏོང་དགོས།((འགན་འཁུར་ལས་ཁུངས་ནི། སློབ་གསོ་ཚན་རིག་སི་དང་། རིག་གནས་དྲིལ་སྒྲོག་སི། འབྲེལ་ཡོད་ས་གནས་སོ་སོའི་མི་རིགས་སྐད་ཡིག་བྱ་བའི་སྡེ་ཁག་བཅས་ཡིན།))

གནད་ཆེའི་ལས་གཞི་2པ། འབྲེལ་ཡོད་ས་ཁུལ་སོ་སོ་ནས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་བྱ་བ་ཁྲིམས་སྐྱོང་ཅན་དུ་བསྒྱུར་བར་ཤུགས་སྣོན་པ་ལ་སྐུལ་འདེད་བྱེད་པ།

གྲངས་ཉུང་མི་རིགས་སྐད་ཡིག་སྐོར་གྱི་ཁྲིམས་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། མི་རིགས་སོ་སོར་མངའ་བའི་རང་གི་སྐད་ཡིག་བཀོལ་སྤྱོད་དང་འཕེལ་རྒྱས་གཏོང་བའི་རང་དབང་འགན་སྲུང་བྱེད་དགོས། འབྲེལ་ཡོད་ས་ཁུལ་སོ་སོས་གནས་ཚུལ་དངོས་ལ་གཞིགས་ཏེ། མི་རིགས་སྐད་ཡིག་བྱ་བ་ཚད་ལྡན་ཅན་དང་ཁྲིམས་སྐྱོང་ཅན། ཚན་རིག་ཅན་དུ་སྒྱུར་བའི་འཕེལ་རིམ་ལ་སྐུལ་འདེད་གཏོང་དགོས།(འགན་འཁུར་ལས་ཁུངས་ནི། སློབ་གསོ་ཚན་རིག་སི་དང་། སྲིད་ཁྲིམས་སི། འབྲེལ་ཡོད་ས་གནས་སོ་སོའི་མི་རིགས་སྐད་ཡིག་བྱ་བའི་སྡེ་ཁག་བཅས་ཡིན།)

(གཉིས)གྲངས་ཉུང་མི་རིགས་སྐད་ཡིག་གི་གཞི་རྩའི་གནས་ཚུལ་ལ་བརྟག་དཔྱད་དང་ཚན་རིག་ཞིབ་འཇུག་བྱེད་པའི་བྱ་བར་ཤུགས་སྣོན་རྒྱག་དགོས།

གྲངས་ཉུང་མི་རིགས་སྐད་ཡིག་ལ་བརྟག་དཔྱད་ཞིབ་འཇུག་བགྱིད་པར་ཤུགས་བསྣན་ཏེ། གྲངས་ཉུང་མི་རིགས་སྐད་ཡིག་གི་སྲིད་ཇུས་ཁྲིམས་སྲོལ་དང་གྲངས་ཉུང་མི་རིགས་སྐད་ཡིག་གི་བཀོལ་སྤྱོད། གྲངས་ཉུང་མི་རིགས་སྐད་ཡིག་གི་ལོ་ཙཱའི་གཞུང་ལུགས། གྲངས་ཉུང་མི་རིགས་སྐད་ཡིག་གི་འཕེལ་རྒྱས་ཆོས་ཉིད་སོགས་ལ་ཞིབ་འཇུག་བྱེད་དགོས། མི་རིགས་ས་ཁུལ་གྱི་སྲིད་འཛིན་ལས་ཁུངས་དང་ཁྲིམས་འཛིན་ལས་ཁུངས། གསར་འགྱུར་དཔེ་སྐྲུན། རྒྱང་སྒྲོག་དང་གློག་བརྙན་བརྙན་འཕྲིན། སྤྱི་པའི་ཞབས་ཞུ་ལས་རིགས་བཅས་དང་དེ་དག་གི་ལས་སྒྲུབ་མི་སྣའི་སྐད་ཡིག་བཀོལ་སྤྱོད་གནས་ཚུལ་ལ་བརྟག་དཔྱད་བྱས་ནས། འབྲེལ་ཡོད་ལས་རིགས་ཀྱི་སྐད་ཡིག་སྲིད་ཇུས་གཏན་ལ་འབེབས་པ་དང་སྐད་ཡིག་བཀོལ་སྤྱོད་ཀྱི་དགོས་མཁོ་སྐོང་བར་ཞབས་ཞུ་བསྒྲུབ་དགོས། གྲངས་ཉུང་མི་རིགས་སྐད་ཡིག་གི་ཚན་རིག་ཞིབ་འཇུག་བྱ་བ་ཧུར་ཐག་གིས་སྒྲུབ་པ་དང་། ཚན་རིག་ཞིབ་འཇུག་གི་འབྲེལ་ཡོད་སྟོབས་ཤུགས་ཟླ་སྒྲིལ་བྱས་ནས། ཚན་རིག་ཞིབ་འཇུག་གི་དོ་དམ་ལམ་ལུགས་འཐུས་སྒོ་ཚང་བར་འཛུགས་དགོས།(འགན་འཁུར་ལས་ཁུངས་ནི། སློབ་གསོ་ཚན་རིག་སི་དང་། ཞིབ་འཇུག་ཁང་། ཨུ་ལྷན་ཁོངས་གཏོགས་ཀྱི་འབྲེལ་ཡོད་མཐོ་རིམ་སློབ་ཆེན། འབྲེལ་ཡོད་ས་གནས་སོ་སོའི་མི་རིགས་སྐད་ཡིག་བྱ་བའི་སྡེ་ཁག་བཅས་ཡིན།)

གནད་ཆེའི་ལས་གཞི་3པ། རྒྱལ་ཡོངས་སུ་སྐད་ཡིག་བཀོལ་སྤྱོད་ཀྱི་ད་སྔའི་གནས་ཚུལ་བརྟག་དཔྱད་བྱེད་པའི་ལས་གཞི་སྤེལ་བར་གཞོགས་འདེགས་བྱེད་པ།

སློབ་གསོ་པུའུ་ཡིས་རྒྱལ་ཡོངས་སུ་སྐད་ཡིག་བཀོལ་སྤྱོད་ཀྱི་ད་སྔའི་གནས་ཚུལ་ལ་བརྟག་དཔྱད་བྱེད་པ་དེར་རྒྱབ་སྐྱོར་བྱེད་ཅིང་། གྲངས་ཉུང་མི་རིགས་སྐད་བརྡ་དང་དེའི་ཕལ་སྐད་ཀྱི་རིགས་སྣ་དང་། ཁྱབ་ཁོངས། བཀོལ་སྤྱོད་མི་འབོར། བཀོལ་སྤྱོད་ལ་འགྱུར་བ་བྱུང་བའི་གནས་ཚུལ་སོགས་ལ་བརྟག་དཔྱད་བྱེད་པ་དང་། མངའ་ཁོངས་ལས་བརྒལ་བའི་སྐད་བརྡའི་ཁྱབ་ཚུལ་དང་བཀོལ་སྤྱོད་གནས་ཚུལ་ལ་བརྟག་དཔྱད་བྱས་ནས། འགུལ་རྣམ་ཅན་གྱི་ལྟ་འཇལ་ཚད་ལེན་རྐྱེན་སྲོལ་འཛུགས་པར་འཚོལ་ཞིབ་བྱེད་དགོས།(འགན་འཁུར་ལས་ཁུངས་ནི། སློབ་གསོ་ཚན་རིག་སི་དང་། ཨུ་ལྷན་ཁོངས་གཏོགས་ཀྱི་འབྲེལ་ཡོད་མཐོ་རིམ་སློབ་ཆེན། འབྲེལ་ཡོད་ས་གནས་སོ་སོའི་མི་རིགས་སྐད་ཡིག་བྱ་བའི་སྡེ་ཁག་བཅས་ཡིན།)

གནད་ཆེའི་ལས་གཞི་4བ། གྲངས་ཉུང་མི་རིགས་སྐད་ཡིག་གི་ཚན་རིག་ཞིབ་འཇུག་བྱ་བར་ཤུགས་སྣོན་རྒྱག་པ།

འབྲེལ་ཡོད་ཀྱི་ཚན་རིག་ཞིབ་འཇུག་ལས་ཁུངས་དང་། ཆེད་ཚན་སློབ་ཆེན། ཆེད་མཁས་པ་རྣམས་ཀྱིས་གྲངས་ཉུང་མི་རིགས་སྐད་ཡིག་བྱ་བའི་རྨང་གཞིའི་གཞུང་ལུགས་དང་བཀོལ་སྤྱོད་གནད་དོན་ལ་ཞིབ་འཇུག་བྱེད་པ་དེ་ལ་རྩ་འཛུགས་དང་རྒྱབ་སྐྱོར་བྱེད་དགོས། འབྲེལ་ཡོད་སློབ་ཆེན་དང་ལས་ཁུངས་ལ་བརྟེན་ནས་གྲངས་ཉུང་མི་རིགས་སྐད་ཡིག་གི་ཚན་རིག་ཞིབ་འཇུག་འཇོན་མི་གསོ་སྐྱོང་བྱས་ཏེ། རྒན་དར་གཞོན་གསུམ་མཉམ་འབྲེལ་དང་། རྒྱ་རིགས་ཆེད་མཁས་དང་གྲངས་ཉུང་མི་རིགས་ཆེད་མཁས་མཉམ་འབྲེལ། སྐད་བརྡ་རིག་པ་དང་འབྲེལ་ཡོད་རིག་ཚན་གྱི་ཆེད་མཁས་པ་མཉམ་འབྲེལ་བཅས་བྱས་པའི་གྲངས་ཉུང་མི་རིགས་སྐད་ཡིག་གི་ཚན་རིག་ཞིབ་འཇུག་དཔུང་སྡེ་སྐྲུན་དགོས།(འགན་འཁུར་ལས་ཁུངས་ནི། སློབ་གསོ་ཚན་རིག་སི་དང་། ཞིབ་འཇུག་ཁང་། ཨུ་ལྷན་ཁོངས་གཏོགས་ཀྱི་འབྲེལ་ཡོད་མཐོ་རིམ་སློབ་ཆེན། འབྲེལ་ཡོད་ས་གནས་སོ་སོའི་མི་རིགས་སྐད་ཡིག་བྱ་བའི་སྡེ་ཁག་ བཅས་ཡིན།)

(གསུམ)སྐད་གཉིས་འཇོན་མིའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་ཆེན་པོ་རྒྱག་དགོས།

སྐད་གཉིས་འཇོན་མིའི་དཔུང་སྡེ་འཛུགས་པའི་སྲིད་ཇུས་ཁྲིམས་སྲོལ་དང་ཡིག་ཆའི་སྐོར་ལག་བསྟར་དོན་འཁྱོལ་ལེགས་པོ་བྱེད་དགོས། མི་རིགས་སྐད་ཡིག་ལོ་ཙཱའི་ལས་ཁུངས་དང་མི་རིགས་སློབ་གླིང་། མི་རིགས་ས་ཁུལ་གྱི་མཐོ་རིམ་སློབ་ཆེན་སོགས་ལ་བརྟེན་ནས། རྒྱལ་ཁབ་ཀྱི་སྤྱི་སྐད་དང་གྲངས་ཉུང་མི་རིགས་སྐད་ཡིག་གཉིས་ཀར་བྱང་ཆུབ་པའི་སྐད་གཉིས་འཇོན་མི་གསོ་སྦྱོང་བྱེད་དགོས། སྐད་གཉིས་སློབ་པའི་སྐུལ་སློང་རྐྱེན་སྲོལ་འཛུགས་པར་སྐུལ་འདེད་བཏང་ནས། གྲངས་ཉུང་མི་རིགས་ལས་བྱེད་པས་རྒྱལ་ཁབ་ཀྱི་སྤྱི་སྐད་སློབ་པར་རྒྱབ་སྐྱོར་དང་། རྒྱ་རིགས་ལས་བྱེད་པས་གྲངས་ཉུང་མི་རིགས་སྐད་ཡིག་སློབ་པར་སྐུལ་མ་གཏོང་དགོས། འབྲེལ་ཡོད་ལས་ཁུངས་ལ་བརྟེན་ནས་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་ཆེད་ལས་ལག་རྩལ་འཇོན་མིའི་སྐད་གཉིས་ཆུ་ཚད་ཇེ་མཐོར་གཏོང་དགོས། སྐད་གཉིས་འཇོན་མིའི་རྟེན་གཞི་འཛུགས་པར་བསྟུད་མུར་སྐུལ་འདེད་བྱེད་དགོས། དཀའ་ཚེགས་ཆེ་བའི་བས་མཐའི་གྲངས་ཉུང་མི་རིགས་ས་ཁུལ་དུ་སྐད་གཉིས་འཇོན་མི་གསོ་སྐྱོང་དང་འདེགས་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་དགོས། མི་རིགས་སྐད་ཡིག་ཆུ་ཚད་ཀྱི་རིམ་པ་ཚད་ལེན་པའི་ཚོད་ལྟའི་ཚད་གཞི་དང་གྲངས་ཉུང་མི་རིགས་ཀྱི་རྒྱའི་སྐད་ཡིག་ཆུ་ཚད་ཀྱི་རིམ་པ་ཚད་ལེན་པའི་ཚོད་ལྟའི་ཚད་གཞི་འཐུས་ཚང་དུ་གཏོང་དགོས།(འགན་འཁུར་ལས་ཁུངས་ནི། སློབ་གསོ་ཚན་རིག་སི་དང་། མི་དོན་སི། འབྲེལ་ཡོད་ས་གནས་སོ་སོའི་མི་རིགས་སྐད་ཡིག་བྱ་བའི་སྡེ་ཁག་བཅས་ཡིན།)

སྐད་གཉིས་སློབ་གསོའི་བྱ་བ་ལེགས་པོར་སྒྲུབ་པར་ཞུགས་དགོས། འབྲེལ་ཡོད་ལས་ཁུངས་དང་མཉམ་འབྲེལ་སྒོས་སྐད་གཉིས་སློབ་གསོ་ཚན་རིག་དང་མཐུན་པར་བརྟན་རླིང་ངང་སྐུལ་སྤེལ་བྱེད་དགོས། བཅའ་ཁྲིམས་གཞིར་འཛིན་པ་དང་། ཆོས་ཉིད་བརྩི་སྲུང་བྱེད་པ། གནས་ཚུལ་དངོས་དང་སྦྲེལ་བ་བཅས་བརྒྱུད། བློ་རྩ་བརྟན་པོས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་གསོར་སྐུལ་འདེད་གཏོང་བ་དང་། གྲངས་ཉུང་མི་རིགས་སློབ་མས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་རྟོགས་པ་དང་བཀོལ་བའི་ནུས་པ་དང་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས། གྲངས་ཉུང་མི་རིགས་ཀྱིས་རང་མི་རིགས་ཀྱི་སྐད་ཡིག་བཀོལ་ནས་སློབ་གསོ་དང་ལེན་བྱེད་པའི་དབང་ཆ་ལ་བརྩི་བཀུར་དང་འགན་སྲུང་བྱེད་པ་དང་། གྲངས་ཉུང་མི་རིགས་སྐད་ཡིག་གི་སློབ་ཁྲིད་ཆུ་ཚད་མུ་མཐུད་དུ་ཇེ་མཐོར་གཏོང་དགོས། (འགན་འཁུར་ལས་ཁུངས་ནི། སློབ་གསོ་ཚན་རིག་སི་དང་། འབྲེལ་ཡོད་ས་གནས་སོ་སོའི་མི་རིགས་སྐད་ཡིག་བྱ་བའི་སྡེ་ཁག་བཅས་ཡིན།)

གནད་ཆེའི་ལས་གཞི་5པ། སྐད་གཉིས་འཇོན་མིའི་རྟེན་གཞི་འཛུགས་པ།

སྐད་གཉིས་འཇོན་མི་གསོ་སྐྱོང་གསོ་སྦྱོང་རྟེན་གཞི་དང་སྐད་གཉིས་གསོ་སྐྱོང་གསོ་སྦྱོང་ལས་ཁུངས་འཛུགས་པར་རྒྱབ་སྐྱོར་བྱེད་དགོས། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་སྐད་གཉིས་འཇོན་མིའི་གསོ་སྦྱོང་རྟེན་གཞི་འཛུགས་སྐྲུན་བྱེད་པའི་ཆུ་ཚད་ཇེ་མཐོར་གཏོང་བ་དང་། ས་གནས་སོ་སོ་དང་འབྲེལ་ཡོད་ལས་ཁུངས་ཀྱིས་སྐད་གཉིས་འཇོན་མི་གསོ་སྐྱོང་གསོ་སྦྱོང་རྟེན་གཞི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པར་སྐུལ་འདེད་བཏང་ནས། ཧུར་ཐག་གིས་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་ལ་ཁ་ཕྱོགས་ནས་རིམ་པ་མི་འདྲ་བའི་སྐད་གཉིས་འཇོན་མི་གསོ་སྐྱོང་བྱེད་པའི་གསོ་སྦྱོང་སྤེལ་དགོས།(འགན་འཁུར་ལས་ཁུངས་ནི། སློབ་གསོ་ཚན་རིག་སི་དང་། ཨུ་ལྷན་ཁོངས་གཏོགས་ཀྱི་འབྲེལ་ཡོད་མཐོ་རིམ་སློབ་ཆེན། འབྲེལ་ཡོད་ས་གནས་སོ་སོའི་མི་རིགས་སྐད་ཡིག་བྱ་བའི་སྡེ་ཁག་བཅས་ཡིན།)

གནད་ཆེའི་ལས་གཞི་6པ། སྐད་གཉིས་འཇོན་མི་གསོ་སྐྱོང་གི་གསོ་སྦྱོང་སྐུལ་སྤེལ་བྱེད་པ།

གྲངས་ཉུང་མི་རིགས་ཀྱི་སྐད་གཉིས་འཇོན་མི་གསོ་སྐྱོང་ལས་གཞི་ལག་བསྟར་བྱེད་དགོས། རིམ་པ་སོ་སོའི་འབྲེལ་ཡོད་སྡེ་ཁག་སོ་སོས་མི་རིགས་ས་ཁུལ་གྱི་ལས་བྱེད་པས་སྐད་གཉིས་སློབ་སྦྱོང་བྱེད་པའི་འབྲེལ་ཡོད་ཡིག་ཆ་ལག་ལེན་མཐར་ཕྱིན་བྱེད་པ་དང། སྐད་གཉིས་ལས་བྱེད་པ་གསོ་སྐྱོང་དང་གདེང་འཇོག འདེམས་སྒྲུག སྐུལ་སློང་། འགན་སྲུང་བཅས་བྱེད་པའི་སྒྲིག་སྲོལ་དང་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། ཤུགས་ཆེན་པོས་མི་རིགས་ས་ཁུལ་གྱི་ལས་བྱེད་པའི་སྐད་གཉིས་ནུས་པའི་ཆུ་ཚད་མཐོར་འདེགས་གཏོང་དགོས། འབྲེལ་ཡོད་ལས་རིགས་དང་ཁྱབ་ཁོངས་སུ་སྐད་གཉིས་འཇོན་མི་གསོ་སྐྱོང་གི་གསོ་སྦྱོང་བྱ་བར་ཤུགས་སྣོན་རྒྱག་པར་རྒྱབ་སྐྱོར་བྱེད་དགོས། ཕུལ་བྱུང་བསླབ་ཚན་དང་སྤུས་ལེགས་སློབ་དེབ་སྐྲུན་པར་ཤུགས་སྣོན་རྒྱག་དགོས། སྐད་གཉིས་སློབ་སྦྱོང་བྱེད་པའི་འདྲེན་རྟེན་དང་ལས་སྟེགས་གསར་སྤེལ་དང་འཛུགས་སྐྲུན་བྱེད་དགོས།(འགན་འཁུར་ལས་ཁུངས་ནི། སློབ་གསོ་ཚན་རིག་སི་དང་། མི་དོན་སི། འབྲེལ་ཡོད་ཀྱི་ས་གནས་སོ་སོའི་མི་རིགས་སྐད་ཡིག་བྱ་བའི་སྡེ་ཁག་བཅས་ཡིན།)

(བཞི)གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཚད་ལྡན་ཅན་དང་ཚན་གཞི་ཅན། ཆ་འཕྲིན་ཅན་དུ་བསྒྱུར་བའི་འཛུགས་སྐྲུན་སྐུལ་སྤེལ་བྱེད་པར་རམ་བུ་འདེགས་དགོས།

གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཚད་ལྡན་ཅན་དང་ཚད་གཞི་ཅན་དུ་བསྒྱུར་བར་ཤུགས་སྣོན་པར་རམ་བུ་འདེགས་དགོས། གྲངས་ཉུང་མི་རིགས་སྐད་ཡིག་གི་ཚད་ལྡན་ཚད་གཞིའི་མ་ལག་འཐུས་ཚང་དུ་བཏང་ནས། སྤྱི་ཚོགས་ཀྱིས་ཉེ་བར་སྤྱོད་པ་དང་ཆ་འཕྲིན་ཅན་ལ་མྱུར་དུ་མཁོ་བའི་གྲངས་ཉུང་མི་རིགས་སྐད་ཡིག་གི་རྨང་གཞིའི་ཚད་ལྡན་ཚད་གཞི་བཟོ་བར་ཞིབ་འཇུག་བྱེད་པར་རྒྱབ་སྐྱོར་བྱེད་དགོས། གྲངས་ཉུང་མི་རིགས་སྐད་ཡིག་གི་ཐ་སྙད་གསར་བའི་བརྡ་ཆད་ཞིབ་བཤེར་གཏན་འབེབས་དང་ཁྱབ་བསྒྲགས་བྱེད་པའི་ལམ་ལུགས་འཛུགས་པར་རྒྱབ་སྐྱོར་བྱས་ནས། དུས་ཆད་ལྟར་གྲངས་ཉུང་མི་རིགས་སྐད་ཡིག་གི་ཐ་སྙད་གསར་བའི་བརྡ་ཆད་ཞིབ་བཤེར་གཏན་འབེབས་དང་སྤྱི་བསྒྲགས་བྱེད་དགོས། (འགན་འཁུར་ལས་ཁུངས་ནི། སློབ་གསོ་ཚན་རིག་སི་དང། འབྲེལ་ཡོད་ས་གནས་སོ་སོའི་མི་རིགས་སྐད་ཡིག་བྱ་བའི་སྡེ་ཁག་བཅས་ཡིན།)

གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཚད་ལྡན་ཅན་དུ་བསྒྱུར་བའི་འཛུགས་སྐྲུན་སྐུལ་སྤེལ་བྱེད་པར་རམ་བུ་འདེགས་དགོས། གྲངས་ཉུང་མི་རིགས་སྐད་ཡིག་གི་ཚད་གཞིར་གཅིག་གྱུར་དོ་དམ་བྱེད་པར་ཤུགས་སྣོན་དང་རྒྱབ་སྐྱོར་བྱས་ནས། གྲངས་ཉུང་མི་རིགས་སྐད་ཡིག་གི་ཚད་རིམ་དང་མ་ལག་འཐུས་ཚང་དུ་གཏོང་དགོས། སློབ་གསོ་པུའུ་དང་མཉམ་འབྲེལ་སྒོས་གྲངས་ཉུང་མི་རིགས་སྐད་ཡིག་གི་རྨང་གཞིའི་ཚད་གཞི་མགྱོགས་མྱུར་ངང་གཏན་ལ་ཕབ་ཅིང་འཐུས་ཚང་དུ་བཏང་ནས། སློབ་གསོ་དང་ཆ་འཕྲིན་ཐག་གཅོད། རྒྱང་སྒྲོག་གློག་བརྙན་བརྙན་འཕྲིན། གསར་འགྱུར་དཔེ་སྐྲུན། ཚིག་མཛོད་རྩོམ་སྒྲིག སྤྱི་སྤྱོད་ཞབས་ཞུ་སོགས་ཁྱབ་ཁོངས་ཀྱི་ཚད་གཞི་འཛུགས་པ་གཙོ་གནད་དུ་འཛིན་དགོས། བཟོ་ལས་དང་ཆ་འཕྲིན་ལས་རིགས་པུའུ་ལ་གཞོགས་འདེགས་བྱས་ནས་མགྱོགས་མྱུར་ངང་གྲངས་ཉུང་མི་རིགས་སྐད་ཡིག་གི་ཆ་འཕྲིན་ཐག་གཅོད་ཚད་གཞི་གཏན་ལ་འབེབས་དགོས། དུས་ལྟར་ཚད་གཞིའི་བསྐྱར་བཤེར་དང་དག་བཅོས་སོགས་ཀྱི་བྱ་བ་སྤེལ་དགོས།(འགན་འཁུར་ལས་ཁུངས་ནི། སློབ་གསོ་ཚན་རིག་སི་དང་། འབྲེལ་ཡོད་ས་གནས་སོ་སོའི་མི་རིགས་སྐད་ཡིག་བྱ་བའི་སྡེ་ཁག་བཅས་ཡིན།)

གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཆ་འཕྲིན་ཅན་དུ་བསྒྱུར་བའི་འཛུགས་སྐྲུན་སྐུལ་སྤེལ་བྱེད་པར་རམ་བུ་འདེགས་དགོས། མི་རིགས་ས་ཁུལ་དུ་གྲངས་ཉུང་མི་རིགས་སྐད་ཡིག་ ཆ་འཕྲིན་ཅན་དུ་བསྒྱུར་བའི་རྨང་གཞི་ཞིབ་འཇུག་དང་ཐོན་ཁུངས་གསར་སྤེལ་ལ་སྐུལ་འདེད་གཏོང་བར་རྒྱབ་སྐྱོར་བྱེད་དགོས། སློབ་གསོ་པུའུ་ཡིས་གྲངས་ཉུང་མི་རིགས་སྐད་བརྡའི་རིག་གནས་ཐོན་ཁུངས་མཛོད་ཆེན་དང་སྲོལ་རྒྱུན་སྤྱི་སྤྱོད་ཀྱི་གྲངས་ཉུང་མི་རིགས་སྐད་བརྡའི་སྐད་མཛོད་གཞི་ཁྱོན་ཆེན་པོ་སྐྲུན་པར་རྒྱབ་སྐྱོར་བྱེད་དགོས། འབྲེལ་ཡོད་ལས་ཁུངས་དང་མཉམ་འབྲེལ་སྒོས་གྲངས་ཉུང་མི་རིགས་སྐད་ཡིག་གི་ཆ་འཕྲིན་ལག་རྩལ་གྱི་རྨང་གཞི་ཞིབ་འཇུག་དང་མཉེན་ཆས་ཞིབ་འཇུག་གསར་སྤེལ་བྱེད་པ་དང། གྲངས་ཉུང་མི་རིགས་སྐད་ཡིག་གི་གཅིག་གྱུར་ལས་སྟེགས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་དགོས་ལ། མཉེན་ཆས་ཞིབ་འཇུག་གསར་སྤེལ་གྱི་ཆུ་ཚད་དང་ཕན་ནུས་མཐོར་འདེགས་སུ་བཏང་ནས། གྲངས་ཉུང་མི་རིགས་སྐད་ཡིག་གི་གྲངས་འཛིན་ཐོན་རྫས་ཀྱི་ཁྱབ་སྤེལ་དང་བཀོལ་སྤྱོད་བྱ་བ་ལེགས་པོར་བསྒྲུབ་དགོས།(འགན་འཁུར་ལས་ཁུངས་ནི། སློབ་གསོ་ཚན་རིག་སི་དང་། ཡིག་སྒྱུར་ཅུས། འབྲེལ་ཡོད་ས་གནས་སོ་སོའི་མི་རིགས་སྐད་ཡིག་བྱ་བའི་སྡེ་ཁག་བཅས་ཡིན།)

རྒྱལ་མཚམས་བརྒལ་བའི་གྲངས་ཉུང་མི་རིགས་སྐད་ཡིག་གི་ཆ་འཕྲིན་ཅན་འཛུགས་སྐྲུན་ལ་མཐོང་ཆེན་དང་རྒྱབ་སྐྱོར་བྱས་ཏེ། རྒྱབ་ཁབ་མཐའ་འཁོར་གྱི་ཕྱི་འབྲེལ་ལ་ཞབས་ཞུ་སྒྲུབ་པ་དང་། རྒྱབ་ཁབ་ཀྱི་བདེ་འཇགས་ཏན་ཏིག་གིས་སྲུང་སྐྱོབ་བྱེད་དགོས། སྐད་གཉིས་དྲ་བའི་ཆ་འཕྲིན་ལས་སྟེགས་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་ཅིང་། དྲ་རྒྱའི་གླེང་ཕྱོགས་ཀྱི་གཙོ་ཁྲིད་དབང་ཆ་ཁོང་དུ་ཆུད་པར་བྱས་ནས། དྲ་རྒྱའི་ཆ་འཕྲིན་གྱི་བདེ་འཇགས་ ཁག་ཐེག་བྱེད་དགོས།(འགན་འཁུར་ལས་ཁུངས་ནི། སློབ་གསོ་ཚན་རིག་སི་དང་། ལྟ་ཞིབ་སི། རྒྱལ་སྤྱི་སི། གླེང་ཚུལ་ལྟེ་གནས། འབྲེལ་ཡོད་ས་གནས་སོ་སོའི་མི་རིགས་སྐད་ཡིག་བྱ་བའི་སྡེ་ཁག་བཅས་ཡིན།)

གནད་ཆེའི་ལས་གཞི་7པ། གྲངས་ཉུང་མི་རིགས་སྐད་ཡིག་གི་ཆ་འཕྲིན་ཅན་འཛུགས་སྐྲུན་ལས་གཞི།

མི་རིགས་སྐད་ཡིག་གི་ཤེས་ནུས་སྐད་གདངས་ལོ་ཙཱ་མ་ལག་གི་ཞིབ་འཇུག་གསར་སྤེལ་ལ་ཤུགས་སྣོན་བྱེད་དགོས། སྔར་ལས་ལྷག་པར་མི་རིགས་སྐད་ཡིག་གི་འཕྲུལ་ཆས་ལོ་ཙཱའི་མཉེན་ཆས་དང་། གྲངས་ཉུང་མི་རིགས་དང་རྒྱ་མི་རིགས་ཀྱི་ཤེས་ནུས་སྐད་བརྗོད་ལོ་ཙཱའི་མཉེན་ཆས། མི་རིགས་སྐད་ཡིག་གི་ཡི་གེ་ངོས་འཛིན་མཉེན་ཆས། མི་རིགས་སྐད་ཡིག་ལོ་ཙཱའི་བརྩམས་ཆོས་ཀྱི་གློག་རྡུལ་དེབ། སྒྲ་ལྡན་ཀློག་དེབ། སྐད་གཉིས་ཚིག་མཛོད། གློག་རྡུལ་ཚིག་མཛོད་སོགས་འབྲེལ་ཡོད་མཉེན་ཆས་ཞིབ་འཇུག་གསར་སྤེལ་དང་འབྲེལ་ཡོད་ཚད་གཞི་ཞིབ་འཇུག་གསར་བཟོ་བྱས་ནས། མཉམ་འབྲེལ་དྲ་བའི་ཆ་འཕྲིན་མི་རིགས་སྐད་ཡིག་གིས་འཚོལ་ཞིབ་བྱེད་པའི་ནུས་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། མི་རིགས་སྐད་ཡིག་བཀོལ་སྤྱོད་མཉེན་ཆས་ཀྱི་གྲུབ་འབྲས་ཕན་བསྒྱུར་དང་ཁྱབ་བརྡལ་ཁྱབ་སྤེལ་བྱེད་ཤུགས་ཇེ་ཆེར་གཏོང་དགོས།(འགན་འཁུར་ལས་ཁུངས་ནི། སློབ་གསོ་ཚན་རིག་སི་དང་། ཡིག་སྒྱུར་ཅུས། ཨུ་ལྷན་ཁོངས་གཏོགས་ཀྱི་འབྲེལ་ཡོད་མཐོ་རིམ་སློབ་ཆེན། འབྲེལ་ཡོད་ས་གནས་སོ་སོའི་མི་རིགས་སྐད་ཡིག་བྱ་བའི་སྡེ་ཁག་བཅས་ཡིན།)

(ལྔ)གྲངས་ཉུང་མི་རིགས་སྐད་ཡིག་གིས་སྤྱི་པའི་ཞབས་ཞུ་སྒྲུབ་པར་ཤུགས་སྣོན་རྒྱག་དགོས།

སྐད་གཉིས་འཆམ་མཐུན་གྲོང་ཚོ་འཛུགས་སྐྲུན་གྱི་བྱ་བ་སྤེལ་ནས། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་ཁྱབ་སྤེལ་བཀོལ་སྤྱོད་དང་གྲངས་ཉུང་མི་རིགས་སྐད་ཡིག་གི་རྒྱུན་འཛིན་སྲུང་སྐྱོབ་ལ་སྐུལ་འདེད་གཏོང་དགོས། མཁར་གྲོང་གི་སྐད་གཉིས་འཆམ་མཐུན་སྡེ་ཁུལ་འཛུགས་སྐྲུན་དང་དང་ལེན་པའི་དཔུང་སྡེའི་འཛུགས་སྐྲུན་འཚོལ་ཞིབ་བྱས་ནས། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་མི་ཤེས་པའི་སྤྱི་དམངས་ལ་ལོ་ཙཱ་སོགས་ཐད་ཀྱི་སྤྱི་པའི་ཞབས་ཞུ་མཁོ་སྤྲོད་བྱེད་དགོས། གྲངས་ཉུང་མི་རིགས་འདུས་སྡོད་ཁུལ་གྱི་སྨན་ཁང་དང་། སྦྲགས་སྲིད། སློབ་གྲྭ། སྲིད་དོན་ཞབས་ཞུའི་ཚོམས་ཆེན། གནམ་གྲུ་ཐང་། མེ(རླངས)འཁོར་ས་ཚིགས་སོགས་སྤྱི་པའི་ཞབས་ཞུ་ལས་ཁུངས་སམ་ས་ཚིགས་སུ་སྐད་གཉིས་ཞབས་ཞུ་མཁོ་སྤྲོད་བྱེད་ཤུགས་ཇེ་ཆེར་གཏོང་དགོས། སྤྱི་ཚོགས་ལ་ཁ་གཏད་དེ་སྐད་ཡིག་གི་སྲིད་ཇུས་ཁྲིམས་སྲོལ་དང་། ཚད་ལྡན་ཚད་གཞི། བཀོལ་སྤྱོད་ལས་སྒོ་སོགས་ཀྱི་རིན་མེད་བློ་འདྲིའི་ཞབས་ཞུ་སྤེལ་དགོས། སྤྱི་པའི་ཁྱབ་ཁོངས་ཀྱི་སྐད་ཡིག་བཀོལ་སྤྱོད་ཁྲིམས་ལྟར་ཚད་ལྡན་གཏོང་བར་སྐུལ་འདེད་གཏོང་བ་དང་། འབྲེལ་ཡོད་ལས་ཁུངས་དང་མཐུན་སྦྱོར་གྱིས་ཁྲིམས་ལྟར་ཚད་ལྡན་གྱི་རྒྱ་ཡིག་དང་རང་མི་རིགས་ཀྱི་ཡི་གེ་བཀོལ་ནས་གྲངས་ཉུང་མི་རིགས་སྤྱི་དམངས་ཀྱི་མིང་ཐོབ་དང་ཐོབ་ཐང་ལག་ཁྱེར་དཔར་བཟོ་བྱེད་དགོས།(འགན་འཁུར་ལས་ཁུངས་ནི། སློབ་གསོ་ཚན་རིག་སི་དང་། སྲིད་ཁྲིམས་སི། ལྟ་ཞིབ་སི། འབྲེལ་ཡོད་ས་གནས་སོ་སོའི་མི་རིགས་སྐད་ཡིག་བྱ་བའི་སྡེ་ཁག་བཅས་ཡིན།)