རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་“ལོ་ལྔ་ཚན་བཅུ་གསུམ་པའི”གྲངས་ཉུང་མི་རིགས་སྐད་ཡིག་བྱ་བའི་འཆར་འགོད་དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར། ཁ་བ།

གནད་ཆེའི་ལས་གཞི་8པ། སྐད་གཉིས་འཆམ་མཐུན་གྲོང་ཚོ་(སྡེ་ཁུལ)འཛུགས་སྐྲུན་ལས་གཞི།

སྐད་གཉིས་འཆམ་མཐུན་གྱི་གྲོང་ཚོ་(སྡེ་ཁུལ)འཛུགས་སྐྲུན་བྱས་ནས། གྲངས་ཉུང་མི་རིགས་དང་རྒྱ་མི་རིགས་ཀྱི་སྐད་གཉིས་སློབ་སྦྱོང་དང་བཀོལ་སྤྱོད་བྱེད་པར་སྐུལ་འདེད་གཏོང་དགོས། འབྲེལ་ཡོད་ས་གནས་སོ་སོས་འབྲེལ་ཡོད་གཏན་འབེབས་ལྟར་སྐད་གཉིས་འཆམ་མཐུན་དཔེ་སྟོན་གསར་འཛུགས་བྱེད་སྒོ་སྤེལ་བར་མཛུབ་སྟོན་བྱེད་ཅིང་། ཁྱད་ལྡན་ཞབས་ཞུ་དང་། རོགས་སྐྱོར་རོགས་རེས། དྲིལ་སྒྲོག་སློབ་གསོ། བརྗེ་རེས་སྐུལ་འདེད་སོགས་གཙོ་གནད་དུ་བཟུང་ནས། གྲོང་ཚོའི(སྡེ་ཁུལ)སྐད་གཉིས་གསོ་སྦྱོང་བྱ་བར་སྔར་བས་སྐུལ་འདེད་གཏོང་དགོས།(འགན་འཁུར་ལས་ཁུངས་ནི། སློབ་གསོ་ཚན་རིག་སི་དང་། འབྲེལ་ཡོད་ས་གནས་སོ་སོའི་མི་རིགས་སྐད་ཡིག་བྱ་བའི་སྡེ་ཁག་བཅས་ཡིན།)

གནད་ཆེའི་ལས་གཞི་9པ། གྲངས་ཉུང་མི་རིགས་སྐད་ཡིག་གི་ཞབས་ཞུ་སྒྲུབ་ནུས་འཛུགས་སྐྱོང་ལས་གཞི།

སློབ་གསོ་པུའུ་ཡིས་རྒྱལ་ཁབ་སྐད་ཡིག་གི་མཁོ་བསྟུན་ཞབས་ཞུ་དང་རོགས་སྐྱོར་རྐྱེན་སྲོལ་འཛུགས་པར་རྒྱབ་སྐྱོར་བྱེད་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོ་ལྟར་རྒྱལ་ཁབ་ཀྱི་ལས་དོན་དང་ཐོལ་བྱུང་གི་དོན་རྐྱེན་ལ་ལན་སློག་པའི་གནད་འགག་སྐད་ཆའི་སྲིད་ཇུས་གཏན་འབེབས་བྱས་ནས། གྲངས་ཉུང་མི་རིགས་ཀྱི་སྐད་ཆ་བྱང་བའི་འཇོན་མིའི་ཐོན་ཁུངས་མཛོད་འཛུགས་དགོས། སྤྱི་ཚོགས་སྟེང་ནས་མཁོ་བསྟུན་དང་དམིགས་བཀར་ཁྱབ་ཁོངས་ཀྱི་ཆེད་ལས་ཀྱི་གྲངས་ཉུང་མི་རིགས་སྐད་ཆའི་འཇོན་མིའི་བསྡུ་རུབ་དངགསོག་འཇོག་བྱེད་པའི་རྐྱེན་སྲོལ་འཛུགས་པར་སྐུལ་འདེད་དང་རྒྱབ་སྐྱོར་བྱས་ནས། ཐོལ་བྱུང་གནས་ཚུལ་འོག་ཏུ་གྲངས་ཉུང་མི་རིགས་སྐད་ཆའི་མཁོ་བསྟུན་ཞབས་ཞུ་མཁོ་སྤྲོད་བྱེད་དགོས། གྲངས་ཉུང་མི་རིགས་དང་རྒྱ་རིགས་ཀྱི་སྐད་གཉིས་སྤྱི་པའི་ཞབས་ཞུ་དང་ལེན་པའི་དཔུང་སྡེའི་འཛུགས་སྐྲུན་སྤེལ་བར་འཚོལ་ཞིབ་བྱེད་དགོས།(འགན་འཁུར་ལས་ཁུངས་ནི། སློབ་གསོ་ཚན་རིག་སི་དང་། ལྟ་ཞིབ་སི། ཡིག་སྒྱུར་ཅུས། ཨུ་ལྷན་ཁོངས་གཏོགས་ཀྱི་འབྲེལ་ཡོད་མཐོ་རིམ་སློབ་ཆེན། འབྲེལ་ཡོད་ས་གནས་སོ་སོའི་མི་རིགས་སྐད་ཡིག་བྱ་བའི་སྡེ་ཁག་བཅས་ཡིན།)

(དྲུག)གྲངས་ཉུང་མི་རིགས་སྐད་ཡིག་ལ་ཚན་རིག་དང་མཐུན་པར་སྲུང་སྐྱོབ་བྱེད་པ་དང་ཀྲུང་ཧྭའི་ཕུལ་བྱུང་རིག་གནས་རྒྱུན་འཛིན་དར་སྤེལ་བྱེད་དགོས།

སློབ་གསོ་པུའུ་ཡིས་གྲངས་ཉུང་མི་རིགས་ཀྱི་སྐད་བརྡའི་ཐོན་ཁུངས་གྲངས་འཛིན་ཅན་དུ་བསྒྱུར་བར་རྒྱབ་སྐྱོར་བྱེད་པ་དང་། སྐད་བརྡའི་ཐོན་ཁུངས་མཉམ་སྤྱོད་བྱེད་པར་སྐུལ་འདེད་བཏང་ནས། སྐད་བརྡའི་ཐོན་ཁུངས་ཀྱི་རིག་གནས་རིན་ཐང་དང་དཔལ་འབྱོར་རིན་ཐང་སྔོག་འདོན་གང་ལེགས་དང་བེད་སྤྱོད་ལུགས་མཐུན་བྱེད་དགོས། ཀྲུང་གོའི་སྐད་བརྡའི་ཐོན་ཁུངས་མཛོད་དང་སྐད་བརྡའི་ཐོན་ཁུངས་མ་ལག་འཐུས་ཚང་དུ་འཛུགས་པར་རྒྱབ་སྐྱོར་བྱེད་ཅིང་། འཇིག་ཉེན་ལ་ཐུག་པའི་སྐད་ཡིག་གྲངས་འཛིན་ཅན་གྱིས་ལེགས་སྒྲིག་དང་ཟིན་འགོད་ཉར་ཚགས་བྱེད་པར་དམ་འཛིན་བགྱིས་ནས། གྲངས་ཉུང་མི་རིགས་ཀྱི་འཇིག་ཉེན་ལ་ཐུག་པའི་སྐད་དང་ཡི་གེར་སྲུང་སྐྱོབ་བྱེད་ཤུགས་ཇེ་ཆེར་གཏོང་དགོས། ཐའེ་ཝན་གྱི་གྲངས་ཉུང་མི་རིགས་སྐད་ཡིག་ལ་ཞིབ་འཇུག་བྱེད་པར་སྐུལ་འདེད་གཏོང་དགོས།(འགན་འཁུར་ལས་ཁུངས་ནི། སློབ་གསོ་ཚན་རིག་སི་དང་། འབྲེལ་ཡོད་ས་གནས་སོ་སོའི་མི་རིགས་སྐད་ཡིག་བྱ་བའི་སྡེ་ཁག་བཅས་ཡིན།)

སྐད་ཡིག་རྒྱུན་འཛིན་དར་སྤེལ་དང་ཀྲུང་ཧྭ་ཕུལ་བྱུང་རིག་གནས་ཀྱི་འདྲེན་རྟེན་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། སྐད་གཉིས་སློབ་སྦྱོང་སོགས་ཀྱི་བྱ་འགུལ་དུས་ལྟར་སྤེལ་ཞིང་། ཀྲུང་ཧྭ་ཕུལ་བྱུང་རིག་གནས་དང་གསར་བརྗེའི་སྲོལ་རྒྱུན་སློབ་གསོ་ལ་ཤུགས་སྣོན་བྱས་ནས། རྒྱལ་དམངས་ཀྱི་རིག་གནས་སྤུས་ཚད་དང་ཀུན་སྤྱོད་སྤུས་ཚད་མཐོར་འདེགས་སུ་གཏོང་དགོས།(འགན་འཁུར་ལས་ཁུངས་ནི། སློབ་གསོ་ཚན་རིག་སི་དང་། རིག་གནས་དྲིལ་སྒྲོག་སི། འབྲེལ་ཡོད་ས་གནས་སོ་སོའི་མི་རིགས་སྐད་ཡིག་བྱ་བའི་སྡེ་ཁག་ བཅས་ཡིན།)

གནད་ཆེའི་ལས་གཞི་10བ། གྲངས་ཉུང་མི་རིགས་ཀྱི་འཇིག་ཉེན་ལ་ཐུག་པའི་སྐད་ཆའི་སྲུང་སྐྱོབ་ལས་གཞི།

ཀྲུང་གོའི་སྐད་བརྡའི་ཐོན་ཁུངས་སྲུང་སྐྱོབ་ལས་གྲྭར་ཧུར་ཐག་གིས་ཞུགས་པ་དང་། ཚན་རིག་དང་མཐུན་པར་ཇུས་འགོད་དང་གཅིག་གྱུར་བཀོད་འདོམས་ངང་འཆར་འགོད་བྱེད་དགོས་ལ། གྲངས་ཉུང་མི་རིགས་ཀྱི་འཇིག་ཉེན་ལ་ཐུག་པའི་སྐད་བརྡའི་སྒྲ་ལྡན་རྒྱུ་ཆ་འཚོལ་སྡུད་བྱས་ནས། ཀྲུང་གོའི་མི་རིགས་སོ་སོའི་སྐད་བརྡའི་གནས་སྟངས་དངོས་ལ་ཚན་རིག་དང་མཐུན་པར་ཉར་འཇོག་བྱེད་དགོས།(འགན་འཁུར་ལས་ཁུངས་ནི། སློབ་གསོ་ཚན་རིག་སི་དང་། ཨུ་ལྷན་ཁོངས་གཏོགས་ཀྱི་འབྲེལ་ཡོད་མཐོ་རིམ་སློབ་ཆེན། འབྲེལ་ཡོད་ས་གནས་སོ་སོའི་མི་རིགས་སྐད་ཡིག་བྱ་བའི་སྡེ་ཁག་བཅས་ཡིན།)

(བདུན)གྲངས་ཉུང་མི་རིགས་སྐད་ཡིག་གི་ལོ་ཙཱ་དང་དཔེ་སྐྲུན། རྒྱང་སྒྲོག གློག་བརྙན་བརྙན་འཕྲིན་བཅས་ལ་ཤུགས་སྣོན་རྒྱག་དགོས།

གྲངས་ཉུང་མི་རིགས་སྐད་ཡིག་གི་ལོ་ཙཱའི་བྱ་བར་མཐོང་ཆེན་བྱས་ནས། རྒྱལ་ཁབ་རིམ་པའི་མི་རིགས་སྐད་ཡིག་ལོ་ཙཱའི་རྟེན་གཞི་མགྱོགས་མྱུར་གྱིས་འཛུགས་སྐྲུན་བྱེད་དགོས། ད་ཡོད་ཞིབ་འཇུག་ལས་ཁུངས་དང་མཐོ་རིམ་སློབ་ཆེན་སོགས་ཀྱི་ཐོན་ཁུངས་ལ་བརྟེན་ནས། གྲངས་ཉུང་མི་རིགས་སྐད་ཡིག་ལོ་ཙཱའི་རྟེན་གཞི་ཁག་གཅིག་འཛུགས་དགོས། མི་རིགས་སྐད་ཡིག་ལོ་ཙཱའི་ཚན་རིག་ཞིབ་འཇུག་བྱ་བ་ལེགས་པོར་སྒྲུབ་པ་དང་། དུས་ཆད་ལྟར་མི་རིགས་སྐད་ཡིག་ལོ་ཙཱའི་རིག་གཞུང་ཞིབ་འཇུག་བགྲོ་གླེང་དང་བསམ་བློ་བརྗེ་རེས་བྱེད་པར་རྩ་འཛུགས་བྱེད་དགོས་ལ། མི་རིགས་སྐད་ཡིག་ལོ་ཙཱའི་རིག་གཞུང་དུས་དེབ་རྩོམ་སྒྲིག་དཔེ་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་དགོས། མི་རིགས་སྐད་ཡིག་ལོ་ཙཱའི་བྱ་བ་ཕྱི་ཕྱོགས་དང་བརྗེ་རེས་མཉམ་འབྲེལ་བྱེད་པར་རྒྱབ་སྐྱོར་བྱེད་དགོས། འབྲེལ་ཡོད་ལས་ཁུངས་དང་མཉམ་འབྲེལ་བྱས་ནས་མཐའ་མཚམས་ས་ཁུལ་གྱི་མི་རིགས་སྐད་ཡིག་ལོ་ཙཱའི་དཔེ་སྐྲུན་དངོས་པོར་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་སྣོན་རྒྱག་དགོས།(འགན་འཁུར་ལས་ཁུངས་ནི། སློབ་གསོ་ཚན་རིག་སི་དང་། ཡིག་སྒྱུར་ཅུས། རིག་གནས་དྲིལ་སྒྲོག་སི། རྒྱལ་སྤྱི་སི། འབྲེལ་ཡོད་ས་གནས་སོ་སོའི་མི་རིགས་སྐད་ཡིག་བྱ་བའི་སྡེ་ཁག་བཅས་ཡིན།)

མི་རིགས་སྐད་ཡིག་ལོ་ཙཱ་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། མི་རིགས་སྐད་ཡིག་ལོ་ཙཱའི་ཆེད་ལས་ཨུ་ཡོན་ལྷན་ཁང་བཙུགས་ནས། མི་རིགས་སྐད་ཡིག་ལོ་ཙཱའི་རིག་གཞུང་གདེང་འཇོག་རྐྱེན་སྲོལ་སྒྲིག་འཛུགས་བྱེད་དགོས། ལོ་ཙཱའི་བརྩམས་ཆོས་དང་ལོ་ཙཱའི་གཞུང་ལུགས་ཞིབ་འཇུག་གི་གསུང་རྩོམ། ལོ་ཙཱའི་ལས་བྱེད་མི་སྣ། ལོ་ཙཱའི་ལས་ཁུངས་བཅས་ཀྱི་ཕུལ་བྱུང་དཔྱད་བསྡུར་དང་བྱ་དགའི་ལམ་ལུགས་འཚོལ་ཞིབ་བྱེད་དགོས།(འགན་འཁུར་ལས་ཁུངས་ནི། སློབ་གསོ་ཚན་རིག་སི་དང་། ཡིག་སྒྱུར་ཅུས། འབྲེལ་ཡོད་ས་གནས་སོ་སོའི་མི་རིགས་སྐད་ཡིག་བྱ་བའི་སྡེ་ཁག་བཅས་ཡིན།)

ཏང་དང་རྒྱལ་ཁབ་ཀྱི་གྲོས་ཚོགས་གལ་ཆེན་དང་། མར་ལེའི་གསུང་རྩོམ་སོགས་ཏང་དང་རྒྱལ་ཁབ་ཀྱི་ཡིག་ཚགས་དང་ཡིག་ཆ་གལ་ཆེན། བཅའ་ཁྲིམས་ཁྲིམས་སྲོལ། དེ་མིན་སྤྱི་པའི་རིག་གནས་ལས་དོན་དང་གྲོང་ཁྱེར་གྱི་མི་རིགས་བྱ་བ་སོགས་ཁྱབ་ཁོངས་ཀྱི་ལོ་ཙཱའི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས། སྤྱི་ཚོགས་ལ་གྲངས་ཉུང་མི་རིགས་སྐད་ཡིག་གི་ལོ་ཙཱའི་ཞབས་ཞུ་མཁོ་སྤྲོད་བྱེད་དགོས།(འགན་འཁུར་ལས་ཁུངས་ནི། སློབ་གསོ་ཚན་རིག་སི་དང་། ཡིག་སྒྱུར་ཅུས། འབྲེལ་ཡོད་ས་གནས་སོ་སོའི་མི་རིགས་སྐད་ཡིག་བྱ་བའི་སྡེ་ཁག་བཅས་ཡིན།)

འབྲེལ་ཡོད་ལས་ཁུངས་དང་མཉམ་འབྲེལ་མཐུན་སྦྱོར་བྱས་ནས་གྲངས་ཉུང་མི་རིགས་སྐད་ཡིག་གི་གསར་འགྱུར་དཔེ་སྐྲུན་དང་རྒྱང་སྒྲོག་གློག་བརྙན་བརྙན་འཕྲིན་བྱ་བ་ལེགས་པོར་སྒྲུབ་པ་དང་། གྲངས་ཉུང་མི་རིགས་སྐད་ཡིག་གི་རྒྱང་སྒྲོག་གློག་བརྙན་བརྙན་འཕྲིན་གྱི་ལེ་ཚན་སྒྲིག་བཟོ་དང་བསྒྱུར་སྐྲུན། སྒྲོག་འདོན་བཅས་བྱེད་པའི་ནུས་པ་ཇེ་དྲག་ཏུ་གཏོང་དགོས་ལ། གྲངས་ཉུང་མི་རིགས་སྐད་ཡིག་གི་དྲ་ཚིགས་དང་གསར་དར་བརྒྱུད་སྒྲོག་འདྲེན་རྟེན་རིམ་བཞིན་གོང་དུ་སྤེལ་བར་རྒྱབ་སྐྱོར་བྱེད་དགོས།(འགན་འཁུར་ལས་ཁུངས་ནི། རིག་གནས་དྲིལ་སྒྲོག་སི་དང་། འབྲེལ་ཡོད་ས་གནས་སོ་སོའི་མི་རིགས་སྐད་ཡིག་བྱ་བའི་སྡེ་ཁག་བཅས་ཡིན།)

གནད་ཆེའི་ལས་གཞི་11པ། གྲངས་ཉུང་མི་རིགས་སྐད་ཡིག་གི་ལོ་ཙཱའི་ལས་གཞི།

སྐབས་དོན་ཆབ་སྲིད་དང་བཅའ་ཁྲིམས་ཁྲིམས་སྲོལ། ཚན་རིག་ཁྱབ་སྤེལ། རིག་གནས་སོགས་ཀྱི་ཁྱབ་ཁོངས་ཀྱི་སྐད་གཉིས་ཀློག་དེབ་རྩོམ་སྒྲིག་བྱེད་པར་རྩ་འཛུགས་བྱས་ནས། ལོ་ཙཱ་དང་དཔེ་སྐྲུན་གྱི་ཁ་གྲངས་དང་སྤུས་ཚད་མཐོར་འདེགས་སུ་གཏོང་བར་བརྩོན་དགོས། གྲངས་ཉུང་མི་རིགས་སྐད་ཡིག་གི་ལོ་ཙཱའི་ལོ་རྒྱུས་ཀྱི་ཞིབ་འཇུག་ལས་གྲྭ་ལག་ལེན་ཏུ་བསྟར་ནས། སོག་པོ་དང་བོད། ཡུ་གུར། ཧ་སག ཁྲའོ་ཞན་བཅས་སྐད་རིགས5ཡི་ལོ་ཙཱའི་ལོ་རྒྱུས་དེ་ཚན་རིག་ཞིབ་འཇུག་ལས་གཞི་རུ་འགོད་དགོས། གྲངས་ཉུང་མི་རིགས་ཀྱི་གསུང་རབ་རིག་མཛོད་ལོ་ཙཱ་བྱེད་པའི་བྱ་བ་ལེགས་པོར་བསྒྲུབས་ནས། གྲངས་ཉུང་མི་རིགས་ཀྱི་རིག་གནས་ཀྱིས་རྒྱལ་ཁབ་ཕྱི་ནང་ལ་ཤུགས་རྐྱེན་ཐེབས་རྒྱ་ཆེར་བསྐྱེད་པ་དང་། ཚབ་བྱེད་རང་བཞིན་ལྡན་པའི་མི་རིགས་སོ་སོའི་བསྟན་བཅོས་དང་ཕུལ་དུ་བྱུང་བའི་དེང་རབས་རིག་གནས་སྒྱུ་རྩལ་བརྩམས་ཆོས་ཁག་གཅིག་ལེགས་འདེམས་བྱེད་པ་མ་ཟད། གྲངས་ཉུང་མི་རིགས་དང་རྒྱ་རིགས་ཀྱི་སྐད་གཉིས་ཕན་ཚུན་དུ་བསྒྱུར་ནས། མི་རིགས་སྐད་ཡིག་གི་ལོ་ཙཱའི་བརྩམས་ཆོས་སྤུས་ལེགས་བསྐྲུན་དགོས།(འགན་འཁུར་ལས་ཁུངས་ནི། ཡིག་སྒྱུར་ཅུས་དང་། རིག་གནས་དྲིལ་སྒྲོག་སི། སློབ་གསོ་ཚན་རིག་སི། ཞིབ་འཇུག་ཁང་། གནའ་དཔེ་ལེགས་སྒྲིག་ཞིབ་འཇུག་ཁང་། འབྲེལ་ཡོད་ས་གནས་སོ་སོའི་མི་རིགས་སྐད་ཡིག་བྱ་བའི་སྡེ་ཁག་བཅས་ཡིན།)

གནད་ཆེའི་ལས་གཞི་12པ། རྒྱལ་ཁབ་རིམ་པའི་མི་རིགས་སྐད་ཡིག་གི་ལོ་ཙཱའི་རྟེན་གཞི་འཛུགས་སྐྲུན་ལས་གཞི།

རྒྱལ་ཁབ་རིམ་པའི་མི་རིགས་སྐད་ཡིག་གི་ལོ་ཙཱའི་རྟེན་གཞི་འཛུགས་སྐྲུན་ལས་གྲྭ་ལག་ཏུ་བསྟར་དགོས། མི་རིགས་སྐད་ཡིག་གི་ལོ་ཙཱའི་དཔེ་སྐྲུན་གྲུབ་འབྲས་དང་མི་རིགས་སྐད་ཡིག་གི་རོགས་འདེགས་ལོ་ཙཱའི་མཉེན་ཆས་གྲུབ་འབྲས་དག་སྲིད་གཞུང་གི་ཉོ་སྒྲུབ་ལས་གཞི་རུ་འགོད་པར་སྐུལ་འདེད་དང་རྒྱབ་སྐྱོར་བྱེད་དགོས། རྒྱལ་ཁབ་རིམ་པའི་སྐད་ཡིག་ལོ་ཙཱའི་རྟེན་གཞིའི་འཇོན་མི་འདུ་འཛོམས་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ནས། རྒྱལ་ནང་གི་མི་རིགས་སྐད་ཡིག་ལོ་ཙཱའི་ལས་རིགས་ལ་དངོས་སྦྱོང་དང་གསོ་སྦྱོང་གི་ཞབས་ཞུ་མཁོ་སྤྲོད་བྱེད་དགོས། སྐད་རིགས་སོ་སོའི་མི་རིགས་སྐད་ཡིག་གི་ལོ་ཙཱའི་འཇོན་མི་དཀོན་པར་དམིགས་ནས། མཐོ་རིམ་སློབ་ཆེན་དང་ཚན་རིག་ཞིབ་འཇུག་ལས་ཁུངས་བཅས་དང་མཉམ་འབྲེལ་སྒོས་གསོ་སྦྱོང་དང་འཇོན་མི་མཉམ་འབྲེལ་གསོ་སྐྱོང་གི་འཆར་གཞི་གཏན་འབེབས་བྱེད་དགོས། མཐོ་རིམ་ལོ་ཙཱའི་འཇོན་མི་ནང་འདྲེན་དང་ལོ་ཙཱའི་ལས་གཞི་གལ་ཆེན་བཀོད་སྒྲིག་སོགས་ཀྱི་ཐད་ནས་རྟེན་གཞི་ལ་སྔོན་ནས་ཁ་ཕྱོགས་པར་སྐུལ་འདེད་གཏོང་བ་དང་། འཇོན་མི་གསོ་སྐྱོང་དང་ནང་འདྲེན། སྐུལ་སློང་བཅས་ཀྱི་བྱེད་ཐབས་འཐུས་ཚང་དུ་བཏང་ནས། མི་རིགས་སྐད་ཡིག་ལོ་ཙཱའི་ལས་དོན་དང་ལོ་ཙཱའི་དོ་དམ་གྱི་ཆེད་ལས་དཔུང་སྡེ་གཉིས་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་རྒྱག་དགོས།(འགན་འཁུར་ལས་ཁུངས་ནི། ཡིག་སྒྱུར་ཅུས་དང་། སློབ་གསོ་ཚན་རིག་སི། མི་དོན་སི། འབྲེལ་ཡོད་ས་གནས་སོ་སོའི་མི་རིགས་སྐད་ཡིག་བྱ་བའི་སྡེ་ཁག་བཅས་ཡིན།)

བཞི། རྩ་འཛུགས་ལག་བསྟར་དང་འགན་སྲུང་བྱེད་ཐབས།

(གཅིག)རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས།

འཆར་འགོད་འདི་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་རྩ་འཛུགས་བྱས་ནས་ལག་ལེན་དུ་བསྟར་དགོས་ཤིང་། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་སློབ་གསོ་ཚན་རིག་སི་ཡིས་བྱེ་བྲག་ཏུ་འགན་འཁུར་བ་དང་། འབྲེལ་ཡོད་ས་གནས་སོ་སོའི་མི་རིགས་སྐད་ཡིག་བྱ་བའི་འགན་ཁུར་ལས་ཁུངས་དང་། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་སོ་སོ་དང་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་སོ་སོས་འོས་བབ་ཀྱི་འགན་འཁུར་དགོས། མཐོ་རིམ་སློབ་ཆེན་དང་ཚན་རིག་ཞིབ་འཇུག་ལས་ཁུངས། དེ་མིན་སྤྱི་ཚོགས་ཀྱི་ཕྱོགས་སོ་སོ་ཐེ་ཞུགས་བྱེད་པར་སྐུལ་སློང་བྱས་ནས། འབྲེལ་ཡོད་ལས་ཁུངས་སོ་སོས་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་གཅིག་གྱུར་མགོ་ཁྲིད་འོག་རང་འགན་རང་སྒྲུབ་བྱེད་པ་དང་། སྤྱི་ཚོགས་ཀྱི་ཕྱོགས་སོ་སོ་ནས་སྟོབས་ཤུགས་གཅིག་བསྡུས་སྒོས་མཉམ་སྒྲུབ་བྱེད་པའི་འཆར་འགོད་རྩ་འཛུགས་དང་ལག་བསྟར་གྱི་བྱ་བའི་རྣམ་པ་ཆགས་སུ་འཇུག་དགོས།(འགན་འཁུར་ལས་ཁུངས་ནི། སློབ་གསོ་ཚན་རིག་སི་དང་། འབྲེལ་ཡོད་ས་གནས་སོ་སོའི་མི་རིགས་སྐད་ཡིག་བྱ་བའི་སྡེ་ཁག་བཅས་ཡིན།)

(གཉིས)བྱ་བའི་ལས་ཁུངས་འཐུས་ཚང་དུ་གཏོང་དགོས།

གྲངས་ཉུང་མི་རིགས་སྐད་ཡིག་བྱ་བའི་ལས་ཁུངས་འཐུས་ཚང་དུ་འཛུགས་པར་བསྟུད་མུར་སྐུལ་འདེད་བཏང་ནས། སྲིད་གཞུང་གིས་གཅིག་གྱུར་མཐུན་སྦྱོར་དང་། ལས་སྒོ་སྡེ་ཁག་གིས་གཙོ་གཉེར། འབྲེལ་ཡོད་ལས་ཁུངས་ཀྱིས་རམ་འདེགས་དམ་ཟབ། སྤྱི་ཚོགས་ལས་རིགས་སོ་སོ་རྒྱ་ཆེར་ཐེ་ཞུགས་བཅས་བྱེད་པའི་གྲངས་ཉུང་མི་རིགས་སྐད་ཡིག་བྱ་བའི་རྣམ་པ་འགྲུབ་དགོས། རིམ་པ་སོ་སོའི་གྲངས་ཉུང་མི་རིགས་སྐད་ཡིག་བྱ་བའི་ལས་ཁུངས་ཀྱིས་བརྟག་དཔྱད་ཞིབ་འཇུག་བགྱིད་པར་ཤུགས་སྣོན་བརྒྱབ་སྟེ། ནན་ཏན་གྱིས་རང་ས་གནས་ཀྱི་གྲངས་ཉུང་མི་རིགས་སྐད་ཡིག་བྱ་བའི་གནས་ཚུལ་ལ་དབྱེ་ཞིབ་བྱེད་པ་དང་། ད་ལྟའི་དུས་རིམ་གྱི་གྲངས་ཉུང་མི་རིགས་སྐད་ཡིག་གི་འཕེལ་ཕྱོགས་དང་ཁྱད་ཆོས་ལཞིབ་འཇུག་ཟབ་མོ་བྱས་ཏེ། དོན་དངོས་དང་འཚམ་པའི་སྲིད་ཇུས་རང་བཞིན་གྱི་བསམ་འཆར་དང་ལྟ་ཚུལ་འདོན་པ་དང་། དོན་དངོས་དང་འཚམ་པའི་བྱ་བའི་འཆར་འགོད་གཏན་ལ་ཕབ་སྟེ་རྩ་འཛུགས་ལག་བསྟར་བྱེད་དགོས་པ་མ་ཟད། གྲངས་ཉུང་མི་རིགས་སྐད་ཡིག་བྱ་བར་དོ་དམ་བྱེད་པའི་འགན་འཁྲི་དངོས་གནས་ལེགས་པོར་བསྒྲུབ་དགོས།(འགན་འཁུར་ལས་ཁུངས་ནི། སློབ་གསོ་ཚན་རིག་སི་དང་། མི་དོན་སི། འབྲེལ་ཡོད་ས་གནས་སོ་སོའི་མི་རིགས་སྐད་ཡིག་བྱ་བའི་སྡེ་ཁག་བཅས་ཡིན།)

(གསུམ)གྲོན་དངུལ་འགན་སྲུང་མཁོ་སྤྲོད་བྱེད་དགོས།

འབྲེལ་ཡོད་ས་གནས་སོ་སོའི་མི་རིགས་སྐད་ཡིག་བྱ་བའི་འགན་འཁུར་ལས་ཁུངས་དང་། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་ལས་ཁུངས་སོ་སོ། ཐད་གཏོགས་འབྲེལ་ཡོད་ལས་ཁུངས་བཅས་ཀྱིས་སྔར་ལས་ལྷག་པར་རྒྱབ་སྐྱོར་བརྩོན་ལེན་དང་གཏོང་འཇོག་ཁ་སྣོན་བྱས་ཏེ། གྲངས་ཉུང་མི་རིགས་སྐད་ཡིག་གི་བྱ་བའི་གྲོན་དངུལ་འགན་སྲུང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས་པ་དང་། གྲངས་ཉུང་མི་རིགས་སྐད་ཡིག་བྱ་བ་སྤེལ་བ་དང་གྲངས་ཉུང་མི་རིགས་སྐད་ཡིག་གི་ལས་དོན་རྒྱུན་མཐུད་འཕེལ་རྒྱས་འགྲོ་བར་དངོས་གནས་འགན་སྲུང་བྱས་ནས། འབྲེལ་ཡོད་ལས་འགན་དང་ལས་གཞི་བདེ་བླག་ཏུ་ལག་བསྟར་ཐུབ་པར་ཁག་ཐེག་བྱེད་དགོས།(འགན་འཁུར་ལས་ཁུངས་ནི། སློབ་གསོ་ཚན་རིག་སི་དང་། ནོར་དོན་སི། གཞུང་སྒྲུབ་ཐིན། ཡིག་སྒྱུར་ཅུས། ཨུ་ལྷན་ཁོངས་གཏོགས་ཀྱི་འབྲེལ་ཡོད་མཐོ་རིམ་སློབ་ཆེན། འབྲེལ་ཡོད་ས་གནས་སོ་སོའི་མི་རིགས་སྐད་ཡིག་བྱ་བའི་སྡེ་ཁག་བཅས་ཡིན།)

(བཞི)ལྟ་རྟོག་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་དགོས།

ལྟ་རྟོག་ཞིབ་བཤེར་གྱི་རྐྱེན་སྲོལ་འཐུས་ཚང་དུ་བཙུགས་ནས། འཆར་འགོད་བྱས་པའི་ལས་འགན་སོ་སོ་དང་ལས་གཞི་གལ་ཆེན་དོན་ཐོག་ལ་འབབ་པར་ཁག་ཐེག་བྱེད་དགོས། འབྲེལ་ཡོད་ས་གནས་སོ་སོའི་མི་རིགས་སྐད་ཡིག་བྱ་བའི་ལས་ཁུངས་ཀྱིས་དོན་དངོས་ལྟར་འགན་འཁྲི་དངོས་གནས་ལེགས་པོར་སྒྲུབ་ཅིང་། འབྲེལ་ཡོད་ལས་ཁུངས་ལ་མཐུན་སྦྱོར་དང་འབྲེལ་འདྲིས་བྱེད་པར་ཤུགས་སྣོན་རྒྱག་དགོས་པ་དང་། འཆར་འགོད་ལག་ལེན་བགྱིས་པའི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱས་ནས། དུས་ཆད་ལྟར་རིམ་པ་དེ་གའི་སྲིད་གཞུང་དང་གོང་རིམ་མི་རིགས་སྐད་ཡིག་བྱ་བའི་སྡེ་ཁག་ལ་ཡར་ཞུ་བྱེད་དགོས།(འགན་འཁུར་ལས་ཁུངས་ནི། སློབ་གསོ་ཚན་རིག་སི། གཞུང་སྒྲུབ་ཐིན། ལྟ་རྟོག་ཞིབ་བཤེར་སི། འབྲེལ་ཡོད་ས་གནས་སོ་སོའི་མི་རིགས་སྐད་ཡིག་བྱ་བའི་སྡེ་ཁག་བཅས་ཡིན།)