2018ལོའི་ཞིང་ཆེན་ཡོངས་ཀྱི་ཚན་རྩལ་བྱ་བའི་གྲོས་ཚོགས་བསྡུས་པ་དང་ན་ནིང་རང་ཞིང་གི་ཚན་རྩལ་གྲུབ་འབྲས་ཐད་ཀྱི་ཐོ་འགོད་དེ་རིགས་མི་འདྲ་བ500ལྷག་ལ་ཐོད་བརྒལ་བྱུང་བ།

2018ལོའི་ཞིང་ཆེན་ཡོངས་ཀྱི་ཚན་རྩལ་བྱ་བའི་གྲོས་ཚོགས།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཟླ2ཚེས7ཉིན2018ལོའི་ཞིང་ཆེན་ཡོངས་ཀྱི་ཚན་རྩལ་བྱ་བའི་གྲོས་ཚོགས་དེ་ཟི་ལིང་གྲོང་ཁྱེར་དུ་བསྡུས་པ་དང་གྲོས་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དགོངས་དོན་དང་ཚོགས་ཆེན་ཐེངས་བཅུ་དགུ་བའི་བསམ་བློའི་དགོངས་དོན་དེ་འགན་འཁྲི་གཙོ་བོར་འཛིན་པ་ལ་སློབ་སྦྱོང་བྱས་ཤིང་། 2018ལོའི་རྒྱལ་ཡོངས་ཚན་རྩལ་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དྲིལ་སྒྲོག་གིས་མ་ལག་རང་བཞིན་གྱི་སྒོ་ནས2017ལོའི་ཞིང་ཆེན་ཡོངས་ཀྱི་ཚན་རྩལ་བྱ་བར་སྤྱི་སྡོམ་བྱས་ཤིང་། མིག་སྔར་གྱི་གནས་བབ་གསར་བ་དང་འགན་འཁྲི་གསར་བ་ལ་དབྱེ་ཞིབ་གསལ་བོར་བྱས་ཏེ། 2018ལོའི་རང་ཞིང་གི་ཚན་རྩལ་བྱ་བའི་འགན་འཁྲི་གཙོ་བོ་བཀོད་སྒྲིག་བྱས་པ་རེད།

གྲོས་ཚོགས་ཀྱིས་བསྟན་དོན། 2017ལོར་ཞིང་ཆེན་ཚན་རྩལ་ཐིན་གྱིས་ནན་ཏན་སྒོས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་ཞིང་ཆེན་ཏང་ཨུའི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་ལག་ལེན་མཐའ་ཕྱིན་བྱས་ཏེ། བསྒྱུར་བ་བཞི་ལ་སྐུལ་འདེད་ཀྱིས་ཏན་ཏན་ཏིག་ཏིག་བཞིའི་དགོས་འདོད་གལ་ཆེན་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་སུ་བཅུག་ནས་ཧུར་ཐག་གིས་ཚན་རྩལ་གསར་གཏོད་དེ་སྲོག་ཤིང་དུ་བཟུང་ནས་ཁྱོན་ཡོངས་ནས་གསར་གཏོད་དང་གོམ་གང་མདུན་སྤོས་སྒོས་ཁོར་ཡུག་ལེགས་སྒྱུར་གསར་གཏོད། ཚན་རྩལ་གསར་གཏོད་བྱ་བས་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱབ་རྟེན་ལ་ཉིན་རེ་བཞིན་བྱེད་ནུས་ངེས་ཅན་ཞིག་ཐོན་དུ་བཅུག་ནས་རང་ཞིང་གི་ལྗང་མདོག་འཕེལ་རྒྱས་ཀྱི་མུར་འཕེལ་ལ་སྐུལ་འདེད་བྱས་ཡོད།

རྒྱུས་ལོན་བྱས་པ་ལས་ཤེས་གསལ་ལྟར་ན། 2017ལོར་རང་ཞིང་གིས་ཚན་རྩལ་གྱི་རྣམ་གྲངས་རིགས་མི་འདྲ་བ278ལ་ཞིབ་བཤེར་ལེགས་འགྲུབ་བྱུང་བ་དང་རིགས་མི་འདྲ་བའི་ཚན་རྩལ་རྣམ་གྲངས185ལ་རྩ་འཛུགས་ལག་བསྟར་གྱིས་རྒྱལ་ཁབ་རིམ་པའི་ཚན་རྩལ་འཆར་གཞིའི་རྣམ་གྲངས449རེ་འདུན་སྙན་ཞུ་ཕུལ་བ་དང་ཁྱོན་བསྡོམས་ཚན་རྩལ་གྲུབ་འབྲས་ཅན་རིགས་མི་འདྲ་བ510ཐོ་འགོད་བྱས་ཤིང་། 2016ལོར་རྒྱལ་ཁབ་ཚན་རྩལ་འཕེལ་རྒྱས་ཀྱི་བྱ་དགའ་ཨང་གཉིས་པ1དང་། ཆེད་ཁེ་རེ་འདུན་ཞུ་ཡིག་རིགས3581 མི་ཁྲི་ལྷག་གིས་གསར་གཏོད་ཆེད་ཁེ་བེད་སྤྱོད་ཀྱི་ཁ་གྲངས་ཅན་རིགས2 སྐབས་བཅུ་དགུ་བའི་ཀྲུང་གོའི་ཆེད་ཁེ་ཕུལ་བྱུང་བྱ་དགའ་རིགས་མི་འདྲ་བ་གཉིས། ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་རིམ་པའི་ཞིང་ལས་ཚན་རྩལ་ར་བ5དང་ཞིང་ཆེན་རིམ་པའི་ཞིང་ལས་ཚན་རྩལ་ར་བའི་ཐོན་ལས་སྤྱིའི་ཁ་གྲངས་སྒོར་དུང་ཕྱུར166.5ལ་བུད་པ་རེད།                                                                                                                                                                                                                                              

ཚོགས་འདུའི་ཡུལ་དངོས།

ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོ། འབྲེལ་ཡོད་ལས་ཁུངས་བཅས་ཀྱིས་བྱེད་ཐབས་ནུས་ལྡན་བེད་སྤྱད་ནས་ཚན་རྩལ་སྒྲིག་གཞི་ལ་བཅོས་སྒྱུར་གཏིང་ཟབ་བྱས་པ་དང་གསར་གཏོད་ཀྱི་སྒུལ་ཤུགས་གསར་བའི་འཕེལ་རྒྱས་ཀྱི་འཐབ་ཇུས་གསར་བ་ལག་བསྟར་བྱེད་ཚད་ཇེ་མགྱོགས་སུ་བཏང་ནས། དེང་རབས་དཔལ་འབྱོར་མ་ལག་འཛུགས་བསྐྲུན་གྱིས་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་གཡུལ་ས་གཙོ་བོའི་སྟེང་ཚན་རྩལ་གྱིས་རྒྱབ་རྟེན་བཅོལ་བར་སྣེ་ཁྲིད་ཀྱི་བྱེད་ནུས་ལྡན་ལ། ཚན་རྩལ་གྲུབ་འབྲས་ཀྱིས་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་སྐུལ་འདེད་བྱས་པ་བརྒྱུད་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་དམངས་ཚོས་བཅོས་སྒྱུར་གྱི་སྒུལ་ཤུགས་གསར་བ་བསྣན་ནས་སྟོབས་ཤུགས་གཅིག་སྒྲིལ་གྱི་འདུ་ཤེས་སྲ་བརྟན་དུ་བཏང་ཡོད། དེ་ཡང་སྤྱི་ཁྱབ་དང་འཐབ་ཇུས་ཀྱི་ཚད་གཞི་ལྟར་ཚན་རྩལ་བྱ་བའི་གོ་གནས་དེ་གལ་ཆེན་དུ་བཟུང་ནས་སྙོམས་སྒྲིག་རམ་འདེགས་ལ་ཤུགས་སྣོན་བྱས་ཏེ་ཞིབ་འཇུག་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་ལ་སྐུལ་འདེད་ངེས་ཅན་བྱས་ཤིང་། བདེ་ཐང་བྱ་བའི་སྒྲིག་གཞི་འཐུས་ཚང་གིས་ཚན་རྩལ་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་པོ་གསར་སྐྲུན་བྱས་པ་མ་ཟད། ཚན་རྩལ་བྱ་བའི་གསར་གཏོད་ཀྱི་གྲུབ་འབྲས་གསར་བ་ལ་ཡང་མགྱོགས་མྱུར་གྱིས་སྐུལ་འདེད་བྱས་པ་རེད།

གྲོས་ཚོགས་སྟེང་ཟི་ལིང་གྲོང་ཁྱེར་ཚན་རྩལ་ཅུའུ་དང་མཚོ་སྔོན་ཞིང་ཆེན་དཔལ་འབྱོར་དང་བརྡ་འཕྲིན་ཅན་ཨུ་ལྷན། མཚོ་སྔོན་རྒྱལ་ཁབ་རིམ་པའི་མཐོ་གསར་ལག་རྩལ་ཐོན་ལས་གསར་སྤེལ་ཁུལ། མཚོ་སྔོན་མཚོ་ཤར་རྒྱལ་ཁབ་ཞིང་ལས་ཚན་རྩལ་ར་བ། མཚོ་སྔོན་ས་རྒྱུ་གཏེར་རྫས་རྩད་ཞིབ་གསར་སྤེལ་ཅུའུ་དང་མཚོ་སྔོན་ཡ་གླིང་ཀོས་རིགས་ཚད་ཡོད་ཀུང་ཟིའི་འགན་ཁུར་མི་སྣ་སོགས་ཀྱིས་ཚན་རྩལ་བྱ་བའི་ཐད་བསམ་བློ་བརྗེ་རེས་བྱེད་པའི་གཏམ་བཤད་རབས་དང་རིམ་པ་གནང་བ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།