ཐེམ་ཆེན་རྫོང་དམངས་འཐུས་ཚོགས་ཆེན་སྐབས་བཅོ་ལྔ་བའི་གྲོས་ཚོགས་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་བརྩམས།

ཟླ2པའི་ཚེས8ཉིན་གྱི་སྔ་དྲོར། ཐེམ་ཆེན་རྫོང་དམངས་འཐུས་ཚོགས་ཆེན་སྐབས་བཅོ་ལྔ་བའི་གྲོས་ཚོགས་ཐེངས་གསུམ་པ་རྫོང་གྲོས་ཚོགས་ལྟེ་གནས་ནས་གཟབ་རྒྱས་ངང་འཚོགས། ཐེངས་འདིའི་ཚོགས་འདུར་ཐོན་དགོས་པའི་འཐུས་མི77ཡོད་ལ། དངོས་སུ་ཞུགས་པའི་འཐུས་མི66ཡོད།བཅའ་ཁྲིམས་ཀྱི་གཏན་ཁེལ་བྱས་པའི་མི་གྲངས་དང་མཐུན།

ཚོགས་འདུའི་ཡུལ་དངོས།

རྫོང་ཨུའི་ཧྲུའུ་ཅི་མཱ་ཞོ་ཐེ་དང་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་ཧི་ཙི་པོ།རྫོང་ཨུའི་རྒྱུན་ཨུ། རྩ་འཛུགས་པུའུ་པུའུ་ཀྲང་ལི་ཞོ་དཔེ། རྫོང་ཨུའི་རྒྱུན་ཨུ། སྒྲིག་ཨུའི་ཧྲུའུ་ཅི་ཆོས་ཡོངས་ཧྲིན། རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་ཞོ་ལེན། ཀྲུའུ་ཞི་མཐུན་ཚོགས་ཀྱི་རྒྱུན་ཨུའི་ཀྲུའུ་ཞི། ཚོགས་འདུའི་ལག་བསྟར་ཀྲུའུ་ཞི་ལོ་ཁོ་རྒྱལ། བིན་ཀི ཏུག་ཁྲན་ཅོན། ཚེ་རིང་འཚོ། ཀྲའོ་ཅོན་ཧྲིན་བཅས་ཀྲུའུ་ཞིའི་སྟེགས་བུའི་མདུན་གྲལ་དུ་བསྡད་ཡོད།

ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་ནས་འགོ་བརྩམས་པ།

ཚོགས་འདུར་ལག་བསྟར་ཀྲུའུ་ཞི་ལོ་ཁོ་རྒྱལ་གྱིས་འགོ་འཛིན་བྱས། ཚོགས་འདུ་ལས་རྫོང་དམངས་འཐུས་སྐབས་བཅོ་ལྔ་བའི་གྲོས་ཚོགས་ཐེངས་གསུམ་པའི་འདེམས་བསྐོའི་བྱེད་ཐབས(འཆར་ཟིན)བརྡས་ཐག་བཅད།

བརྡས་ཐག་གཅོད་པ།


གསར་འགོད་པ། གཅོད་པ་ཐར།