ཝང་གོ་ཧྲེང་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྟེང་ཞུགས་པ་མ་ཟད་གཏམ་བཤད་གནང་།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན།   ཟླ2པའི་ཚེ8ཉིན།   ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲེང་ཀྲུང་གུང་མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྟེང་ཞུགས་པ་མ་ཟད་གཏམ་བཤད་གནང་།   ཁོས་བསྟན་དོན།  ཞི་ཅིན་ཕེན་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ།   ཚོགས་ཆེན་བཅུ་དགུ་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་དགོས།       ཏང་ནན་སྐྱོང་བྱེད་པའི་འདུ་ཤེས་སྲ་བརྟན་དུ་བཙུགས་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་ཀྱིས་སྐུལ་འདེད་བྱེད་དགོས།    ཏང་གི་འཛུགས་སྐྲུན་སྤུས་ཚད་རྒྱུན་མཐུད་ཀྱིས་མཐོར་འདེགས་སུ་བཏང་སྟེ་ནན་པོ་དམ་པ་བདེན་པའི་བླང་བྱ་ཏང་འཛུགས་སྐྲུན་གྱི་གོ་རིམ་ཧྲིལ་བོའི་ཐོག་མངོན་པར་བྱས་ནས་མགོ་ཚུགས་ས་གསར་བའི་སྟེང་ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་གཡོ་འགུལ་མེད་པར་སྐུལ་འདེད་བྱེད་དགོས་ཟེར།  

ཝང་གོང་ཧྲེང་གིས་བསྟན་དོན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྟེང་གཏམ་བཤད་གལ་ཆེན་གནང་བ་དེ་ནི་ང་ཚོ་ཏང་རང་ངོས་གསར་བརྗེ་བྱེད་པའི་བསྒྲགས་ཡིག་ཡིན་ལ་ཚོགས་ཆེན་བཅུ་དགུ་བའི་རྗེས་ཀྱི་ཏང་ནན་སྐྱོང་བྱེད་པ་ཁྱོན་ཡོངས་ནས་གོང་སྤེལ་གཏོང་བར་སྐུལ་འདེད་བྱེད་པའི་སྤྱིའི་སྐུལ་སློང་ཡང་ཡིན།    ཀྲའོ་ལིག་ཅིས་བློ་མཐུན་གྱིས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་ཕུལ་བའི་བྱ་བའི་སྙན་ཞུ་དེ་ང་ཚོའི་2018ལོར་སྒྲིག་ཁྲིམས་ལྟ་ཞིབ་བྱ་བ་ལེགས་པོར་བསྒྲུབ་པའི་སྲུང་བྱ་གལ་ཆེན་ཡིན།   ང་ཚོས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ལ་སློབ་སྦྱོང་ལག་ལེན་དང་ཞི་ཅིན་ཕེན་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་ལེན་བྱེད་པ།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཀྲུང་དབྱང་ཆབ་སྲིད་ཅུའུ་དམངས་གཙོ་འཚོ་བའི་གྲོས་ཚོགས་དང་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ལ་ཞིབ་འཇུག་གྲོས་མོལ་འཛིན་གྲྭའི་སྟེང་དུ་བཤད་པའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཕྱོགས་བསྡུས་བྱས་ཏེ་སློབ་སྦྱོང་ལག་ལེན་བྱེད་དགོས།    བསམ་བློའི་ངོས་ཟིན་གཅིག་གྱུར་དང་འགན་འཁྲི་ཕྲག་ལེན་ཇེ་དྲག་ཏུ་བཏང་སྟེ་མགོ་ཚུགས་ས་གསར་བའི་སྟེང་ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་གཡོ་འགུལ་མེད་པར་སྐུལ་འདེད་བྱས་ཏེ་འབྱོར་ཕྱུག་དཔལ་ཡོན་འཆམ་མཐུན་གྱི་མཛེས་པའི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་ཆབ་སྲིད་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས་ཟེར།  

ཝང་གོ་ཧྲེང་གི་གཏམ་བཤད་ཁྲོད་ཞན་ཆའི་འདུ་ཤེས་ཇི་ལྟར་ཇེ་དྲག་ཏུ་གཏོང་བ་དང་ཏང་ནན་སྐྱོང་བྱེད་པ“ཇི་ལྟར་འགོར་ན་དེ་ལྟར་ནན་མོ་ཡིན་པའི”ངོས་ཟིན་ཇི་ལྟར་སྐྱེས་པ།  ཇི་ལྟར་མཐའ་འཁྱོངས་ལྷོད་མེད་བྱེད་པ་གཙོར་བཟུང་སྟེ་དུས་རབས་གསར་བའི་རང་ཞིང་གིས་ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་གདོང་གཏད་དགོས་པའི་རྣམ་པ་གསར་བ་དང་བླང་བྱ་གསར་བ་ལས་འགན་གསར་བར་གཏིང་ཟབ་ཀྱིས་དབྱེ་ཞིབ་བྱས།  ཁོས་བསྟན་དོན།    ཞི་ཅིན་ཕེན་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གཏིང་ཟབ་ཀྱིས་སློབ་སྦྱོང་ངོས་ཟིན་བྱས་ཏེ།     ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་བསམ་པའི་རང་རྟོགས་དང་ལས་འགུལ་རང་རྟོགས་སྔར་ལས་ཇེ་དྲག་ཏུ་གཏོང་དགོས།    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་ཐད་དང་ཏང་འཛུགས་སྐྲུན་བྱེད་པ་སྔར་ལས་སྟོབས་ཤུགས་ལྡན་པའི་རྒྱས་བཤད་གལ་ཆེན་རབ་དང་རིམ་པ་དང་ཞི་ཅིན་ཕེེན་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ།  ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་བཅས་ཕྱོགས་བསྡུས་བྱས་ཏེ་སློབ་སྦྱོང་དང་འབྲེལ་མཐུད་བྱས་ནས་ཁོང་དུ་ཆུད་པར་བྱེད་པ། འབྲེལ་མཐུད་བྱས་ནས་བསམ་བློ་བཏང་སྟེ་དྲག་ཆས་བསམ་བློ་དང་ལག་ལེན་མཛུབ་སྟོན་བྱ་བར་སྐུལ་འདེད་བྱེད་པར་ལེགས་པོར་སྒྲུབ་དགོས།   འབྱོར་ཕྱུག་དཔལ་ཡོན་འཆམ་མཐུན་གྱི་མཛེས་པའི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ལམ་བུའི་སྟེང་བདེ་བླག་གིས་འཛུགས་སྐྲུན་བྱེད་མི་ཐུབ་པ་ངོས་ཟིན་ཐོབ་དགོས།    ཕྱོགས་སོ་སོའི་རྣམ་པ་ལེགས་པ་དང་གྲུབ་འབྲས་བཟང་བོ་ལེན་ཐུབ་པའི་སྐབས་སུ་སྔར་ལས་ཀྱང་གཟབ་གཟབ་བྱེད་དགོས་ལ་དེའི་སྐབས་སུ་གནད་དོན་ཆེས་འབྱུང་སླ་བའི་དུས་ཡིན་ཟེར།  རུལ་སུང་ལ་རྒོལ་བའི་འཐབ་རྩོད་དེ་ཟིལ་གནོན་རང་བཞིན་གྱི་རྣམ་པ་ནས་རྒྱལ་ཁ་ལེན་ཐུབ་པའི་བར་དུ་དུས་ཡུན་རིང་བོ་ཞིག་གི་གོ་རིམ་དགོས་པ་ཤེས་དགོས།  ཇི་ལྟར་འགོར་ན་དེ་ལྟར་སྒྲིག་ལམ་ནན་སྲུང་བྱེད་དགོས་པ་དེ་ཏང་ཡོན་ལས་བྱེད་པར་བཅིངས་པའི་བརྩེ་བ་ངོ་མ་ཡིན་པ་ཤེས་དགོས། ང་ཚོས་ངེས་པར་དུ་རྒྱུན་མཐུད་ཀྱིས“ནན་མོ”བྱས་ཏེ་ཅུང་ལེགས་པའི་ཆབ་སྲིད་སྐྱེ་ཁམས་རྒྱུན་འཁྱོངས་བྱེད་དགོས།  ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་འདུ་ཤེས་སྲ་བརྟན་དུ་བཙུགས་ཏེ་མགོ་ཚུགས་ས་གསར་བའི་སྟེང་ཏང་འཛུགས་སྐྲུན་བྱེད་པའི་རླབས་ཆེ་བའི་བཟོ་སྐྲུན་གསར་བར་སྐུལ་འདེད་བྱེད་དགོས་ཟེར།  

ཞིང་ཆེན་སྲིད་གྲོས་ཀྲུའུ་ཞི་དང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ།  ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ།    ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ།  ཞིང་ཆེན་ཁྲིམས་ཁང་གི་ཡོན་ཀྲང་།  ཞིང་ཆེན་ཞིབ་བཤེར་ཁང་གི་ཞིབ་བཤེར་དཔོན།   མཚོ་སྔོན་གྱི་སྤྱིའི་དྲག་ཆས་ཉེན་རྟོག་རུ་ཁག་གི་མགོ་བ་གཙོ་བོ་གྲོས་ཚོགས་ལ་ཞུགས།  ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོནགལྷན་ཁང་གི་ཚོགས་མི་དང་ཞིང་ཆེན་ཏང་ཨུའི་པུའུ་ཨུ་སོ་སོ།  ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ། མི་དམངས་ཚོགས་པ་དང་མང་ཚོགས་ཀྱི་ཚོགས་པ་སོ་སོ།  མཐོ་རིམ་སློབ་གྲྭ།   མཚོ་སྔོན་བཅའ་སྡོད་ཀྱི་ཀྲུང་དབྱང་ལས་ཁུངས།  ཞིང་ཆེན་དོ་དམ་ཁེ་ལས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ་གྲོས་ཚོགས་ལ་ཞུགས།  གྲོས་ཚོགས་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་རྣམ་པའི་བསྡུས་པ་ཡིན་ལ་གྲོང་ཁྱེར་དང་ཁུལ་སོ་སོས་ཡན་ལག་ཚོགས་ར་བཙུགས་ཡོད།  

ལོ་ཙཱ་བ། ལྷ་ཆེན་རྒྱལ།