རང་ཞིང་གི་ལས་བཟོ་བའི་གློག་རྡུལ་དཔེ་ཁང་གི་དཔེ་ཀློག་ཁ་གྲངས་དེ་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཟླ2པའི་ཚེས8ཉིན། གསར་འགོད་པས་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཛུབ་མོས་འདེད་པའི་དཔེ་ཀློག་གསར་སྐྲུན་བྱེད་ཆེད། རང་ཞིང་གིས་ན་ནིང་ནས་བཟུང་ལས་བཟོ་བ་དག་ལ་གློག་རྡུལ་དཔེ་ཀློག་ཁང་དངོས་སུ་ཤར་གཏོང་འཁོར་སྐྱོད་བྱས་ཤིང་། ལས་བཟོ་བའི་གློག་རྡུལ་དཔེ་ཀློག་ཁང་གི་སྟེགས་བུ་ལས་སྡོམ་རྩིས་བྱས་པ་མངོན་གསལ་ལྟར་ན། 2017ལོར་རང་ཞིང་གི་ལས་བཟོ་བའི་གློག་རྡུལ་དཔེ་ཀློག་ཁང་གི་དཔེ་ཀློག་གི་ཁ་གྲངས་དེ་གཟའ་འཁོར་རེ་རེ་ནས་ཟླ་རེར། ལོ་ཧྲིལ་བོ་བཅས་ལ་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་པ་རེད།

ལས་བཟོ་བའི་གློག་རྡུལ་དཔེ་ཀློག་ཁང་ནི་ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱིས་རྒྱ་ཆེའི་ལས་བཟོ་བ་དག་ལ་དྲ་སྟེང་ནས་དཔེ་ཀློག་སློབ་སྦྱོང་གི་སྟེགས་བུ་ཞིག་གསར་སྐྲུན་བྱས་པ་ཡིན་ལ། ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱིས་དུས་བགོས་ལག་བསྟར་དང་ཡོངས་ཁྱབ་སྐུལ་འདེད་ཀྱི་རྩ་དོན་གཞིར་བཟུང་ནས་རྒྱལ་ཡོངས་ལས་བཟོ་བའི་གློག་རྡུལ་དཔེ་ཀློག་ཁང་རྒྱབ་རྟེན་དུ་བཟུང་སྟེ་ཞིང་ཆེན་ཡོངས་ཀྱིས་ལས་བཟོ་བར་གློག་རྡུལ་དཔེ་ཀློག་ཁང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱས་པ་དང་། ཧུར་ཐག་གིས་མི་རེར་དཔེ་ཀློག་ཁང་རེ་དང་དུས་ངེས་མེད་དུ་དཔེ་ཀློག་བྱས་ཆོག་པའི་མཁའ་དབུགས་ལེགས་པོ་གསར་སྐྲུན་བྱས་ཏེ། རྒྱ་ཆེའི་ལས་བཟོ་བ་དག་ལ་སློབ་སྦྱོང་ཐད་མདུན་སྐྱོད་དང་ནར་སོན་འཚར་ལོངས་ཐད་ལ་ཆ་རྐྱེན་བསྐྲུན་པ་རེད། མིག་སྔར་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱིས་མ་དངུལ་སྒོར་ཁྲི31བཏང་སྟེ། གློག་རྡུལ་དཔེ་ཀློག་བྱང་བུ་ཁྲི31གསར་བཟོ་གཏན་ཁེལ་བྱས་ཤིང་། རིན་མེད་སྒོས་གཞི་རིམ་བཟོ་ཚོགས་དང་རྒྱ་ཆེའི་ལས་བཟོ་བ་དག་ལ་གནང་བ་རེད། དེ་མིན་རྒྱལ་ཡོངས་ཀྱི་སྤྱི་ཁྱབ་བཟོ་ཚོགས་ཀྱི་ལས་བཟོ་བའི་དཔེ་ཀློག་ཐད་ཀྱི་ཆེད་མཁས་མི་སྣ་གདན་འདྲེན་གྱིས་ཁེ་ལས་གསབ་སྦྱོང་འཛིན་གྲྭ་བསྡུས་ནས་གསབ་སྦྱོང་བྱས་ཤིང་། གློག་རྡུལ་དཔེ་ཀློག་ཁང་གི་འཁོར་སྐྱོད་དོ་དམ་དང་ཐོ་འགོད་བེད་སྤྱོད་ཀྱིས་ཡུལ་དངོས་སུ་གཅིག་གཅིག་གཉིས་གཉིས་སྒོས་གསབ་སྦྱོང་ཟུར་ཁྲིད་བྱས་པ་རེད། མིག་སྔར་རང་ཞིང་གི་ལས་བཟོ་བའི་གློག་རྡུལ་དཔེ་ཀློག་ཁང་གི་ཁྱབ་ཁོངས་རྒྱ་ཁྱོན་དང་ཕྱིར་གཏོང་ཚད་གཞི། དཔེ་ཀློག་ཁ་གྲངས་སོགས་ཆ་སྙོམས་སྒོས་རྒྱལ་ཡོངས་ཀྱི་རྩེ་གྲས་སུ་སླེབས་ཡོད།

ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱི་འབྲེལ་ཡོད་འགན་ཁུར་མི་སྣས་བསྟན་དོན། ད་ལོ་རང་ཞིང་གིས་མུ་མཐུད་དུ་དཔེ་ཀློག་དང་གློག་རྡུལ་ཁང་གཉིས་ཟུང་འབྲེལ་གྱིས་དཔེ་ཀློག་ཐོན་ཁུངས་དང་དཔེ་ཀློག་བྱ་འགུལ་གཉིས་ཀྱང་ཟུང་འབྲེལ་བྱས་ཏེ། གློག་རྡུལ་དཔེ་ཁང་གིས་ཞིང་ཆེན་ཧྲིལ་བོའི་ལས་བཟོ་བ་ཁྲི་བརྒྱ་ཕྲག་ལྷག་ལ་ཁྱབ་པ་མངོན་འགྱུར་བྱས་ཡོད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།