རང་ཞིང་གིས་རྒྱལ་ཁབ་ལྟ་རྟོག་སྒྲིག་གཞིའི་བཅོས་སྒྱུར་ཚོད་ལྟའི་བྱ་བར་ཆེས་གནད་འགག་གི་གོམ་པ་སྤོས་ནས་མཚོ་སྔོན་ཞིང་ཆེན་གྱིས་ལྟ་སྐུལ་ཨུ་ཡོན་ལྷན་ཚོགས་དངོས་སུ་དབུ་བརྙེས་པ་དང་ཝང་ཀོ་ཧྲིན་གྱིས་སྒོ་བྱང་བཀལ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཟླ2པའི་ཚེས8ཉིན། མཚོ་སྔོན་ཞིང་ཆེན་ལྟ་རྟོག་ཨུ་ཡོན་ལྷན་ཚོགས་ཀྱིས་དངོས་སུ་སྒོ་བྱང་བཀལ་བ་དང་དེས་རང་ཞིང་གི་རྒྱལ་ཁབ་ལྟ་རྟོག་སྒྲིག་གཞིའི་བཅོས་སྒྱུར་ཚོད་ལྟའི་བྱ་བ་དེ་ཆེས་གནད་འགག་གི་གོམ་པ་དང་པོ་སྤོས་པ་མཚོན་ཡོད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་ཞིང་ཆེན་བཅོས་སྒྱུར་རྒྱལ་ཁབ་ལྟ་རྟོག་སྒྲིག་གཞིའི་བཅོས་སྒྱུར་ཚོད་ལྟ་བྱ་བའི་ཚོ་ཆུང་གི་འགོ་བ་ཝང་ཀོ་ཧྲིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་ཞིང་ཆེན་ལྟ་རྟོག་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རེན་ཐུན་ཅ་ཚེ་གཉིས་ཀྱིས་མཉམ་དུ་སྒོ་བྱང་བཀལ་བ་རེད། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་དྲུང་ཡིག་ཆེན་མོ་དབྱི་ཚུང་ལི་ཚོགས་འདུར་ཞུགས་པ་རེད།

སྒོ་བྱང་བཀལ་བའི་བྱ་འགུལ་གྱི་རྗེས་སུ་ཝང་ཀོ་ཧྲིན་གྱིས་ལྟ་རྟོག་ཨུ་ཡོན་ལྷན་ཚོགས་ཀྱི་ལས་བྱེད་པ་དང་ལས་བཟོ་བ་ལ་མཇལ་འཕྲད་གནང་བ་དང་ལས་ཁུངས་ཀྱི་སྒྲིག་གཞི་དང་མི་སྣའི་ལས་སྒྱུར། བྱ་བའི་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ལ་འདྲི་རྟོག་ནན་མོ་བྱས་ཤིང་། ཚང་མས་སློབ་སྦྱོང་ལ་ཤུགས་སྣོན་དང་རང་སྟེང་གི་ནུས་པ་མཐོར་འདེགས། མཉམ་བསྲེས་ཇེ་མགྱོགས་སུ་གཏོང་བ་བཅས་ཀྱིས་ལས་གཏོད་ལས་ཞུགས་ཀྱི་གོ་གནས་གསར་བ་བརྩོན་ལེན་བྱེད་དགོས་ཚུལ་བསྟན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཚོགས་ཀྱི་ལས་བྱེད་པས་བསྟན་དོན། ནན་ཏན་སྒོས་རང་གི་འགན་འཁྲི་ནན་མོ་དང་ལེན་བརྩི་སྲུང་གིས་བཅོས་སྒྱུར་ཚོད་ལྟའི་འགན་འཁྲི་ལེགས་འགྲུབ་བྱས་ཤིང་། རུལ་སུངས་འཐབ་རྩོད་ཀྱིས་རུལ་སུངས་བ་མགོ་རྟིང་བསློགས་སྟེ་མཚོ་སྔོན་གསར་བའི་འཛུགས་བསྐྲུན་ལ་བྱས་རྗེས་གསར་བ་འཇོག་དགོས་པ་རེད།

རྒྱལ་ཁབ་ལྟ་རྟོག་བཅོས་སྒྲིག་སྒྲིག་གཞི་ནི་ཅུའུ་ཡོངས་ཀྱི་ཆབ་སྲིད་སྒྲིག་གཞིའི་བཅོས་སྒྱུར་དང་འབྲེལ་བ་དམ་པོ་ཡོད་ལ། དེ་ཡང་ལྟ་སྐུལ་བཅོས་སྒྱུར་ཚོད་ལྟ་བྱ་བ་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་ནས་བཟུང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་ཡིས་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་དངོས་འབབ་བྱས་ཤིང་བཅོས་སྒྱུར་ཚོད་ལྟའི་འགན་འཁྲི་གཙོ་བོ་ཡིད་ལ་དམ་པོར་བཟུང་ནས་དུས་ལྟར་ཚོད་ལྟ་བྱ་བའི་ཚོ་ཆུང་བཙུགས་ཤིང་བཅོས་སྒྱུར་ཚོད་ལྟའི་ཐད་ཀྱི་རིགས་སོ་སོའི་བྱ་བར་ཏན་ཏིག་གིས་སྐུལ་འདེད་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཀོ་ཧྲིན་གྱིས་ཚོད་ལྟ་བྱ་བའི་ཚོ་ཆུང་གི་འགོ་བའི་འགན་ཁུར་ཡོད། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་གྱིས་བྱ་བའི་ཆེད་དོན་འགན་འཁྲི་ནན་ཏན་གྱིས་ལག་བསྟར་བྱས་པ་དང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་དང་འབྲེལ་ཡོད་སྡེ་ཁག་སོ་སོས་ཧུར་ཐག་སྒོས་དེ་ལ་རམ་འདེགས་བྱས་ཏེ། འཆར་གཞི་ལྡན་པ་དང་གོ་རིམ་ལྡན་པའི་ངང་བྱ་བ་དེ་དངོས་འབབ་བྱེད་པར་སྐུལ་འདེད་བྱས། ཞིང་ཆེན་དང་གྲོང་ཁྱེར། རྫོང་རིམ་པ་གསུམ་གྱི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་དངོས་སུ་བཙུགས་རྗེས་ཞིང་ཆེན་ཡོངས་སུ་སྤྱི་གཞུང་དབང་ཆ་ཅན་གྱི་ལས་བྱེད་མི་སྣ་དག་ལ་ཁྱོན་ཡོངས་ནས་ལྟ་རྟོག་བྱེད་པ་ཡོངས་ཁྱབ་མངོན་འགྱུར་བྱེད་རྒྱུ་ཡིན་པ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།