ཐེམ་ཆེན་རྫོང་དམངས་འཐུས་ཚོགས་ཆེན་སྐབས་བཅོ་ལྔ་བའི་གྲོས་ཚོགས་ཐེངས་གསུམ་པ་གཟབ་རྒྱས་ངང་མཇུག་སྒྲིལ་པ།

ཟླ2པའི་ཚེས9ཉིན་གྱི་སྔ་དྲོར། ཐེམ་ཆེན་རྫོང་དམངས་འཐུས་ཚོགས་ཆེན་སྐབས་བཅོ་ལྔ་བའི་གྲོས་ཚོགས་ཐེངས་གསུམ་པ་རྫོང་གྲོས་ཚོགས་ལྟེ་གནས་ནས་གཟབ་རྒྱས་ངང་མཇུག་སྒྲིལ། ཐེངས་འདིའི་ཚོགས་འདུར་ཐོན་དགོས་པའི་འཐུས་མི77ཡིན་ལ། དངོས་སུ་ཞུགས་པའི་འཐུས་མི66ཡོད།བཅའ་ཁྲིམས་ཀྱི་གཏན་ཁེལ་བྱས་པའི་མི་གྲངས་དང་མཐུན།

ཚོགས་འདུའི་ཡུལ་དངོས།

ལག་བསྟར་ཀྲུའུ་ཞི། ཀྲུའུ་ཞི་ཚོགས་པའི་རྒྱུན་ཨུའི་ཀྲུའུ་ཞི་ལོ་ཁོ་རྒྱལ་གྱིས་ཚོགས་ཆེན་ལ་འགོ་འཛིན་བྱས།

རྫོང་ཨུའི་ཧྲུའུ་ཅི་མཱ་ཞོ་ཐེ་དང་ལག་བསྟར་ཀྲུའུ་ཞི། ཀྲུའུ་ཞི་ཚོགས་པའི་རྒྱུན་ཨུའི་ཀྲུའུ་ཞི་ལོ་ཁོ་རྒྱལ། བིན་ཀི ཏུག་ཁྲན་གྱོན། ཚེ་རིང་འཚོ། ཀྲའོ་ཅོན་ཧྲིན་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བསྡད་ཡོད། ད་དུང་ཀྲུའུ་ཞི་སྟེགས་བུའི་སྟེང་དུ་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་ཧི་ཙི་པོ།རྫོང་ཨུའི་རྒྱུན་ཨུ། རྩ་འཛུགས་པུའུ་པུའུ་ཀྲང་ལི་ཞོ་དཔེ། རྫོང་ཨུའི་རྒྱུན་ཨུ། སྒྲིག་ཨུའི་ཧྲུའུ་ཅུ་ཆོས་ཡོངས་ཧྲིན། རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་ཞོ་ལེན།ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཀྱི་ཁོངས་མི་གཞན་དག་བསྡད་ཡོད།

ཀྲུའུ་ཞི་སྟེགས་བུར་བཞུགས་པའི་འགོ་ཁྲིད།

ཐེངས་འདིའི་ཚོགས་འདུ་བརྒྱུད་དེ་འདེམ་བྱང་སྤྱིའི་ལྟ་རྟོག་པ་དང་འདེམ་བྱང་ལྟ་རྟོག་པའི་མིང་བྱང་ལ་གྲོས་འཆམ་བྱུང་ལ། ཆོས་ཡོངས་ཧྲིན་ཐེམ་ཆེན་རྫོང་ལྟ་རྟོག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལ་བདམས། གསར་དུ་བསྐོ་བཞག་བྱས་པའི་རྫོང་ལྟ་རྟོག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྱིས་འཐུས་མི་རྣམས་དང་ངོ་འཕྲད་བྱས་རྗེས་རྩ་ཁྲིམས་ལ་དམ་བཅའ་བཞག
         ཚོགས་འདུའི་གྲོས་རིམ་སྣ་ཚོགས་རྫོགས་རྗེས་རྔམ་བརྗིད་ཀྱི་རྒྱལ་གླུའི་ཁྲོད་ཚོགས་ཆེན་རྒྱལ་ཁའི་ངང་མཇུག་སྒྲིལ་བ་རེད།


འདེམས་ཤོག་འཕེན་པ།



དམ་བཅའ་བ།


འཐུས་མིའི་ཚོགས།

གསར་འགོད་པ། གཅོད་པ་ཐར།