རང་ཞིང་གིས་ནུས་ཤུགས་གང་ཡོད་སྒོས་སྲིད་དོན་ཞབས་ཞུ་རིམ་སྤར་བྱ་རྒྱུ་ཡིན་པ།

མིག་སྔའི་བར་ཞིང་ཆེན་ཡོངས་ཀྱི་ཁུལ་དང་གྲོང་ཁྱེར8གྱི་སྲིད་འཛིན་ཞབས་ཞུའི་ལྟེ་གནས46ཁྱོན་ཡོངས་ནས་ཡོངས་འགྲུབ་བྱས་ཤིང་། ལྟེ་གནས་འཛུགས་བསྐྲུན་ཁྱོན་ཡོངས་ལ་ཁེབས་པ་མངོན་འགྱུར་བྱས་ཡོད།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ན་ནིང་ནས་བཟུང་རང་ཞིང་གིས་སྲིད་དོན་ཞབས་ཞུ་དང་སྤྱི་གཞུང་ཐོན་ཁུངས་བརྗེ་རེས་ཀྱི་བྱ་བ་དམ་འཛིན་བྱས་ཏེ་ཞབས་ཞུའི་དོ་དམ་ལྷོད་གཡེང་གི་བཅོས་སྒྱུར་དགོས་འདོད་ལྟར་ཞབས་ཞུའི་རྣམ་པ་དང་སྤྱི་གཞུང་ཐོན་ཁུངས་བརྗེ་རེས་ཀྱི་སྒྲིག་སྲོལ་བྱ་སྤྱོད་གཞིར་བཟུང་ནས་ལྟ་རྟོག་དོ་དམ་ལ་མུ་མཐུད་དུ་ཤུགས་སྣོན་གྱིས་བྱེད་ཐབས་ནུས་ལྡན་སྤྱད་ནས་སྲིད་གཞུང་གི་འགན་ནུས་སྒྱུར་བཅོས་དང་དོ་དམ་གསར་གཏོད་ལ་སྐུལ་འདེད་བྱས། ཞབས་ཞུའི་རང་བཞིན་གྱི་སྲིད་གཞུང་འཛུགས་བསྐྲུན་ལ་སྐུལ་འདེད་བྱས་པ་དང་ཕན་འབྲས་ནུས་ལྡན། དམངས་བདེ་དམངས་ཕན་གྱི་སྲིད་དོན་ཞབས་ཞུའི་ཁོར་ཡུག་ལེགས་པོ་ཞིག་ཆགས་སུ་བཅུག་པ་རེད།

འདས་ཟིན་པའི་ལོ་ངོ་གཅིག་གི་རིང་ལ། ཞིང་ཆེན་སྲིད་གཞུང་གིས་སྲིད་དོན་ཞབས་ཞུ་དང་སྤྱི་གཞུང་ཐོན་ཁུངས་བརྗེ་རེས་ལྟེ་གནས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཅོས་སྒྱུར་སྒྲིག་གཞི་དམ་འཛིན་གྱིས་སྲིད་གཞུང་གི་བྱེད་ནུས་དགོས་མཁོ་རིམ་བསྒྱུར་དང་སྔོག་འདོན་གཏིང་ཟབ་སྒོས་རང་འགུལ་སྒོས་ཞིང་ཆེན་ཡོངས་ཀྱི་སྲིད་དོན་ཞབས་ཞུའི་བྱ་བ་དེ་སྐས་རིམ་གསར་བ་ཞིག་ལ་གོམ་པ་སྤོས་ནས་སྲིད་དོན་ཞབས་ཞུའི་མ་ལག་དེ་འཕེལ་རྒྱས་གཏིང་ཟབ་ཅན་དུ་སྤེལ། མིག་སྔའི་བར་ཞིང་ཆེན་ཡོངས་ཀྱི་ཁུལ་དང་གྲོང་ཁྱེར8གྱི་རྫོང་དང་ས་ཁུལ46གི་སྲིད་དོན་ཞབས་ཞུའི་ལྟེ་གནས་ཁྱོན་ཡོངས་ནས་ཡོངས་འགྲུབ་བྱས་ཤིང་། ཁྱོན་བསྡོམས་ཤང་དང་གྲོང་བརྡལ་སྲང་ལམ407 སྡེ་བ་དང་གཞིས་ཁུལ153ལ་དམངས་ཕན་ཞབས་ཞུའི་ལྟེ་གནས་དང་དམངས་ཕན་ཞབས་ཞུའི་གནས་གཏན་ཁེལ་བྱས་ཤིང་། ལྟེ་གནས་ཁྱོན་ཡོངས་ནས་འཛུགས་བསྐྲུན་བྱེད་པ་མངོན་འགྱུར་བྱས། ཟླ1ནས་ཟླ12པའི་བར་ཞིང་ཆེན་རིམ་པའི་ཞབས་ཞུའི་ཚོམས་ཆེན39ལ་གནས་སྡོད་ལས་ཁུངས52གྱི་སྒེའུ་ཁུང་དོན་གཅོད་སྲིད་དོན་དོ་དམ་ལས་དོན་རིགས་མི་འདྲ་བ་ཁྲི10ལྷག་སྒྲུབ་པ་དང་དེ་ནི་ལོ་སྔོན་མ་དང་སྡུར་ན་བརྒྱ་ཆའི19འཕར་ཡོད་ལ། གཞུང་དོན་སྒྲུབ་པའི་ཚད་གཞི་དེ་བརྒྱ་ཆའི94དང་མང་ཚོགས་ཀྱིས་ཡིད་ཚིམས་པའི་ཚད་གཞི་བརྒྱ་ཆའི95ཡི་ཡན་ལ་སླེབས་ཡོད།

གྲུབ་འབྲས་འདི་དག་གིས་ཞབས་ཞུའི་བརྡ་འཕྲིན་སྤྱི་བསྒྲགས་ཅན་ལ་ཕན་པ་དང་སྲིད་འཛིན་ཞིབ་བཤེར་དོན་ཚན་ལས་སྒྲུབ་ཞབས་ཞུའི་ས་ཚིགས་གཅིག་གི་རྣམ་པ་ལྟར་ཞིབ་བཤེར་ཆོག་མཆན་བརྒྱུད་རིམ་སྟབས་བདེ་ཅན་དང་འཁོར་སྐྱོད་དོ་དམ་སྒྲིག་གཞི་ཅན་ཁྱོན་ཡོངས་ནས་མངོན་འགྱུར་བྱས། མིག་སྔར་ཆོག་མཆན་རིམ་པ་གཅིག་གི་ཞབས་ཞུའི་རྣམ་པ་ལྟར་སྲིད་དོན་ཆོག་མཆན་བྱ་བའི་སྒྲིག་གཞི་ཡོངས་འགྲུབ་བྱས་ཤིང་། དོན་དག་གཅིག་གི་སྒྲུབ་བྱ་ལ་ཚད་བཀག་ཡོད་པ་དང་སྒྲིག་གཞི་དོན་སྒྲུབ་ཀྱིས་དྲ་སྟེང་ནས་སྒྲུབ་པའི་ཞབས་ཞུའི་རྣམ་པ་དེ་མི་སེམས་ལ་ཟུག་པར་བྱས། མུ་མཐུད་དུ་སྲིད་དོན་ཞབས་ཞུའི་ཤེས་ནུས་ཅན་གྱི་ཆུ་ཚད་མཐོར་འདེགས་སྒོས་ཁེ་ལས་དང་མང་ཚོགས་ཀྱི་དོན་དག་སྔར་ལས་སྟབས་བདེ་དང་སྔར་ལས་མགྱོགས་མྱུར། སྔར་ལས་ཕན་འབྲས་ལྡན་པའི་ངང་མང་ཚོགས་ཀྱི་ཡིད་ཚིམས་པའི་ཚད་དོན་དངོས་ཐོག་མཐོར་འདེགས་སུ་བཏང་བ་རེད།

དུས་མཉམ་དུ་སྤྱི་གཞུང་ཐོན་ཁུངས་བརྗེ་རེས་དོ་དམ་དེ་རིམ་བཞིན་འཐུས་ཚང་ཅན་དུ་བཏང་ཞིང་། བརྗེ་རེས་རྣམ་གྲངས་དེ་མདུན་སྐྱོད་འཕེལ་རྒྱས་ཅན་དང་གློག་རྡུལ་ཅན་གྱི་བརྗེ་རེས་བརྒྱུད་རིམ་རྒྱ་བསྐྱེད་སྒོས་བེད་སྤྱད་བྱས་ཏེ། རྒྱང་རིང་གི་ས་གནས་མི་འདྲ་བ་ནས་དམིགས་འབེན་མངོན་འགྱུར་བྱས་ཤིང་། རིམ་པ་སོ་སོའི་བྱ་བའི་འཕེལ་རིམ་གསར་བ་དེ་མངོན་འགྱུར་བྱུང་། 2017ལོར་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྤྱི་གཞུང་ཐོན་ཁུངས་བརྗེ་རེས་ལྟེ་གནས་ཀྱིས་ཁྱོན་བསྡོམས་ཡུལ་དངོས་ཐད་ཀྱི་བརྗེ་རེས་རྣམ་གྲངས12967སྒྲུབ་པ་དང་བརྗེ་རེས་བྱས་པའི་མ་དངུལ་གྱི་ཁ་གྲངས་སྒོར889.27ལ་སླེབས་ཡོད། དེའི་ཁྲོད་ཞིང་ཆེན་རིམ་པའི་སྟེགས་བུ་ཡི་བརྗེ་རེས་རྣམ་གྲངས5081ཡོད་ལ། བརྗེ་རེས་ཀྱི་ཁ་གྲངས་སྒོར་དུང་ཕྱུར332.92ལ་སླེབས། དེ་ལས་གཞན་སྦྲེལ་དྲ+སྲིད་དོན་ཞབས་ཞུ་ངོ་བོ་གཅིག་ཅན་གྱི་སྟེགས་བུའི་འཛུགས་བསྐྲུན་གྱི་བརྟན་འཇགས་ལ་སྐུལ་འདེད་བྱས་ཤིང་། དྲ་ཐོག་གི་སྲིད་དོན་ཞབས་ཞུའི་ཐད་ནུས་ཤུགས་གང་ཡོད་མུར་འཕེལ་གྱིས་མཐོར་འདེགས་ཅན་ལ་བཏང་བ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།