ཞིང་ཆེན་རིག་གནས་གསར་འགྱུར་པར་སྐྲུན་ཐིན་གྱིས་སློབ་སྦྱོང་བྱ་བའི་བཞུགས་མོལ་གྲོས་ཚོགས་བསྡུས་ཤིང་། སྤྱི་གཞུང་དཔེ་མཛོད་ཁང་གི་བཅའ་ཁྲིམས་ལ་ཁྱོན་ཡོངས་ནས་སློབ་སྦྱོང་དང་དྲིལ་སྒྲོག་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། སྤྱི་གཞུང་དཔེ་མཛོད་ཁང་གི་བཅའ་ཁྲིམས་ནི་རང་རྒྱལ་གྱི་ཆེས་ཐོག་མའི་དཔེ་མཛོད་ཁང་གི་ཆེད་བཟོས་བཅའ་ཁྲིམས་ཤིག་སྟེ། དེས་རྒྱ་ཆེའི་ཀློག་མཁན་དག་ལ་སྔར་ལས་ཕུལ་དུ་བྱུང་བའི་རིག་གནས་ཀྱི་ཞབས་ཞུ་གང་ལེགས་འདོན་སྤྲོད་བྱས་ཡོད། དེ་ཡང2018ལོའི་ཟླ1ཚེས1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱས་ཤིང་། ཟླ2ཚེས9ཉིན་ཞིང་ཆེན་རིག་གནས་གསར་འགྱུར་པར་སྐྲུན་ཐིན་གྱིས་བྱ་བའི་བཞུགས་མོལ་གྲོས་ཚོགས་བསྡུས་ཤིང་། ཞིང་ཆེན་དམངས་ཆེན་དང་ཞིང་ཆེན་བཅའ་ཁྲིམས་གཞུང་སྒྲུབ་ཁང་གི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་མི་སྣ། རིམ་པ་སོ་སོའི་དཔེ་མཛོད་ཁང་གི་འགོ་བ་དང་དཔེ་མཛོད་ཁང་གི་ལས་རིགས་ཐད་ཀྱི་ཆེད་མཁས་རིག་གནས་པ་བཅས་གདན་འདྲེན་སྒོས་བཞུགས་མོལ་གྲོས་ཚོགས་བསྡུས་པ་དང་སྤྱི་གཞུང་དཔེ་མཛོད་ཁང་གི་བཅའ་ཁྲིམས་དེ་རང་ཞིང་གིས་སློབ་སྦྱོང་དང་དྲིལ་སྒྲོག་མཐའ་འཁྱོལ་བྱེད་པར་སྐུལ་འདེད་བྱས་ཡོད།

བཞུགས་མོལ་གྲོས་ཚོགས་སྟེང་ཚོགས་འདུར་ཞུགས་པའི་མི་སྣ་དག་གིས་སྤྱི་གཞུང་དཔེ་མཛོད་ཁང་གི་བཅའ་ཁྲིམས་ནི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་འཚོག་པའི་རྗེས་སུ་རྒྱལ་ཡོངས་ཀྱི་དམངས་ཆེན་ཨུ་ཡོན་ལྷན་ཚོགས་གྲོས་མཐུན་བྱུང་བའི་རིམ་པ་དང་པོའི་རིག་གནས་ཐད་ཀྱི་བཅའ་ཁྲིམས་ཤིག་སྟེ། དེས་རང་རྒྱལ་གྱི་དཔེ་མཛོད་ཁང་གི་ལས་རིགས་དེས་རིག་གནས་བཅའ་ཁྲིམས་ཐད་ཀྱི་སྟོང་ཆ་གསར་བ་ཞིག་གསར་སྐོང་བྱས་ཡོད་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཁྱོན་ཡོངས་ནས་རྒྱལ་ཁབ་ཁྲིམས་ཀྱིས་སྐྱོང་བའི་འདུ་ཤེས་གལ་ཆེན་སྐུལ་འདེད་བྱེད་པ་དེ་ཡང་མངོན་འགྱུར་འཐུས་ཚང་བྱས་ཡོད། དེ་མིན་སྤྱི་གཞུང་དཔེ་མཛོད་ཁང་གི་ལས་རིགས་འཕེལ་རྒྱས་དང་མི་དམངས་མང་ཚོགས་ཀྱི་གཞི་རྩའི་རིག་གནས་ཀྱི་ཁེ་དབང་། རིག་གནས་ཐད་ཀྱི་ཆོད་སེམས་བརྟན་པོ་བཅས་ལ་སྐུལ་འདེད་ཀྱིས་སྤྱི་ཚོགས་རིང་ཞུགས་ཀྱི་རིག་གནས་དར་རྒྱས་ཐད་ལ་དོན་སྙིང་གལ་ཆེན་ལྡན་པར་སྐུལ་འདེད་ངེས་ཅན་ཞིག་བྱས་ཡོད། ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོའི་རིག་གནས་སྲིད་འཛིན་སྡེ་ཁག་གིས་བྱ་བའི་མཛུབ་སྟོན་དང་ལས་དོན་དོ་དམ་ལ་ཤུགས་སྣོན་བྱས་ཡོད། རིམ་པ་སོ་སོའི་དཔེ་མཛོད་ཁང་གིས་དྲང་བདེན་དང་སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་དགོས་མཁོ་གཞིར་བཟུང་ནས་སྤྱི་ཚོགས་ཀྱི་སྤྱི་གཞུང་ཞབས་ཞུ་མཁོ་སྤྲོད་ཀྱིས་རང་ཞིང་གི་དཔེ་མཛོད་ཁང་གི་བྱ་གཞག་དེ་སྐས་རིམ་གསར་བ་ཞིག་ལ་སྤོ་བར་སྐུལ་འདེད་བྱས་ཡོད།

ཚོགས་འདུར་ཞུགས་པའི་མི་སྣ་དག་གིས་བསྟན་དོན། རིམ་པ་སོ་སོའི་སྤྱི་གཞུང་དཔེ་མཛོད་ཁང་གིས་རང་སྟེང་གི་བྱེད་ནུས་ལེགས་པོ་འདོན་སྤེལ་གང་ལེགས་ཀྱིས་ཕྱིར་མངོན་ནས་འཛམ་གླིང་དཔེ་ཀློག་ཉིན་མོར་ཟུང་འབྲེལ་བྱས་ཏེ། དཔེ་མཛོད་ཁང་གི་ཞབས་ཞུའི་དྲིལ་སྒྲོག་ཉིན་མོ་སོགས་དུས་ཆེན་གལ་ཆེན་དང་དུས་ཚོད་གལ་ཆེན་གཞིར་བཟུང་ནས་ཡོངས་ཁྱབ་བཅའ་ཁྲིམས་བྱ་བ་དེ་རིགས་མི་འདྲ་བའི་ཀློག་མཁན་དག་གི་ཞབས་ཞུའི་བྱ་འགུལ་ཁྲོད་དྲིལ་སྒྲོག་བྱ་དགོས། གསར་གཏོད་ལ་བརྟེན་ནས་སྒྲིག་གཞི་འཁོར་སྐྱོད་བྱེད་པ་དང་བྱེད་ཐབས་ལ་འགན་སྲུང་དང་འཐུས་ཚང་དུ་གཏོང་བ། ཞབས་ཞུའི་ཕན་འབྲས་མཐོར་འདེགས་སུ་གཏོང་བ། སྒྲིག་གཞི་ལ་ཤུགས་སྣོན་གྱིས་ཞིང་ཆེན་དཔེ་མཛོད་ཁང་དེ་འགོ་ཁུངས་དང་། ཁུལ་དང་གྲོང་ཁྱེར། རྫོང་བཅས་ཀྱི་དཔེ་མཛོད་ཁང་རུས་རྐང་དུ་བཟུང་ནས་ཞིང་སྡེ་དཔེ་མཛོད་ཁང་གིས་སྤྱི་གཞུང་དཔེ་མཛོད་ཁང་གི་ཞབས་ཞུའི་མ་ལག་དེ་འཐུས་ཚང་ཅན་ལ་གཏོང་དགོས་ཟེར།དེ་མིན་སྒྲིག་གཞི་འཐུས་ཚང་དང་བཅའ་ཁྲིམས་ཟུང་འབྲེལ་གྱི་ཞིབ་འཇུག་ལ་ཤུགས་བསྣན་ནས་ས་གནས་ཀྱི་དོན་དངོས་དང་འབྲེལ་བའི་སྤྱི་གཞུང་དཔེ་མཛོད་ཁང་གི་ཞབས་ཞུའི་ཐད་ཀྱི་རིགས་སོ་སོའི་སྲིད་ཇུས་བྱེད་ཐབས་ལ་ཟུང་འབྲེལ་གྱིས་དུས་རབས་གསར་བའི་མི་དམངས་མང་ཚོགས་ཀྱིས་ཆེས་མཛེས་པའི་དཔེ་ཀློག་གི་དགོས་མཁོ་དེ་མུ་མཐུད་དུ་ཚིམས་པར་བྱ་དགོས།

ལོ་ཙཱ་བ། ལྷ་དཔལ་སྐྱབས།