ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཚོགས་ཀྱིས་ལས་བྱེད་པའི་ཚོགས་འདུ་ཐེངས་དང་པོ་བསྡུས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཟླ2ཚེས10ཉིན་གྱི་སྔ་དྲོ་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཚོགས་ཀྱིས་ལས་བྱེད་པའི་ཚོགས་ཆེན་ཐེངས་དང་པོ་བསྡུས་པ་དང་སྔར་ལས་གོམ་གང་མདུན་སྤོས་སྒོས་བསམ་བློ་ངོས་འཛིན་སྒོས་དམིགས་འབེན་འགན་འཁྲི་གཏན་ཁེལ་བྱས་ཤིང་། འགན་འཁྲི་ལ་ཤུགས་བསྣན་ནས་བྱ་བའི་བརྩེ་སེམས་ལ་ངར་སློང་བ། ཞིང་ཆེན་ཡོངས་ཀྱི་ཏང་གི་སྤྱོད་གཙང་སྲིད་ཇུས་འཛུགས་བསྐྲུན་དང་རུལ་སུངས་འཐབ་རྩོད་དེ་སྔར་ལས་གཏིང་ཟབ་སྒོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་གྱི་ཧྲུའུ་ཅི། ཞིང་ཆེན་ལྟ་སྐུལ་ཨུ་ཡོན་གྱི་ཀྲུའུ་རེན་ཐུན་ཅ་ཚེ་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད་གནང་བ་རེད།

ཐུན་ཅ་ཚེ་ཡིས་ཞིང་ཆེན་ཡོངས་ཀྱི་ལྟ་སྐུལ་སྒྲིག་གཞི་བཅོས་སྒྱུར་གྱི་ཚོད་ལྟ་བྱ་བའི་ཐད་བླངས་བའི་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ལ་གདེང་འཇོག་བྱས་པ་མ་ཟད། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་ཀྱིས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པ། ཞིང་ཆེན་ཏང་གི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་བཅས་ལ་ཚད་མཐོ་ས་ནས་སློབ་སྦྱོང་གཏིང་ཟབ་བྱས་པ་དང་དུས་རབས་གསར་བའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་བྱ་བར་འགྲེལ་བཤད་གསལ་བོ་ཞིག་བྱས་པ་རེད།

ཐུན་ཅ་ཚེ་ཡིས་ནན་གྱིས་བསྟན་དོན། དུས་རབས་གསར་བའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་རྟོག་བྱ་བ་དང་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དེ་མཛུབ་སྟོན་དུ་བཟུང་ནས་བྱ་བའི་གཞི་རྩའི་དམིགས་འབེན་དམ་འཛིན་དང་འགན་འཁྲི་གཙོ་བོ། བྱ་བའི་བརྗོད་དོན་བཅས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་ཀྲུང་དབྱང་དང་ཏང་ཡོངས་ཀྱི་སྲོག་ཤིང་ལ་སྲུང་སྐྱོབ་རྒྱུན་འཁྱོངས་ཀྱིས་ཏང་ཀྲུང་དབྱང་གི་དབང་ཆ་དང་གཅིག་བསྡུས་ཀྱི་འགོ་ཁྲིད་བྱ་བ་རྒྱུན་འཁྱོངས། ཏང་ནང་ཁུལ་གྱི་ཆབ་སྲིད་གནས་བབ་སྤྱོད་གཙང་ཅན་ལ་འགེབས་སྲུང་བྱེད་པ་བཅས་རྒྱུན་འཁྱོངས་བྱ་དགོས།

ཐུན་ཅ་ཚེ་ཡིས་ནན་གྱིས་བསྟན་དོན། གནས་བབ་གསར་བའི་འོག་གི་འགན་འཁྲི་གསར་བ་དང་བླང་བྱ་གསར་བར་ཁ་གཏད་ནས་ལས་བྱེད་པ་ལ་རང་སྟེང་ནས་སྒྲིག་ཁྲིམས་ཞིབ་བཤེར་འཛུགས་བསྐྲུན་བྱེད་པ། འདུ་ཤེས་བརྟན་སྲུང་ལ་ཧུར་ཐག་གིས་བརྩོན་པ་བྱེད་པ། ཏང་ལ་བློ་དཀར་བ་དང་དོན་དངོས་ལ་གཞོལ་བ། འགན་འཁྲི་དང་དུ་ལེན་ཕོད་པ། སློབ་སྦྱོང་ལ་འབད་བརྩོན་བྱེད་པ། དུས་དང་བསྟུན་ཤེས་བྱེད་པ། སྒྲིག་ཁྲིམས་དམ་སྲུང་བྱེད་པ། སྲིད་གཙང་སྤྱོད་གཙང་བཅས་ཀྱི་རྣམ་འགྱུར་གྱིས་ཁྱོན་ཡོངས་ནས་སྒྲིག་ཁྲིམས་ལྟ་རྟོག་གི་འགན་འཁྲི་གཉིས་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་དང་སྔར་ལས་འབྱོར་ཕྱུག་དཔལ་ཡོན་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་ཞིག་འཛུགས་བསྐྲུན་བྱེད་པར་ཁག་ཐེག་རང་བཞིན་ལ་ཁག་ཐེག་ངེས་ཅན་བྱས་ཡོད།

ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་གྱི་རྒྱུན་ཨུ་དང་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་ལས་ཁུངས་ཀྱི་གནས་སྡོད་ལས་ཁུངས། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་གཞུང་སྒྲུབ་ཁང་གི་ལས་བྱེད་པ་བཅས་ཚོགས་འདུར་ཞུགས་ཡོད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།