ཡན་ཅིན་ཧེ་ཡིས་མཚོ་སྔོན་རང་ས་གནས་ཀྱི་ཤོག་སྦག་ཐོན་སྐྱེད་ཀུང་ཟིའི་བྱ་བར་ཞིབ་བཤེར་བྱས།

ཟླ་གཉིས་པའི་ཚེས་དགུ་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་མཚོ་ཤར་གྲོང་ཁྱེར་ཕིན་ཨན་ས་ཁུལ་གྱི་ཞིང་ཆེན་ཤོག་སྦག་ཐོན་སྐྱེད་ཀུང་ཟིའི་མཛོད་ཁང་དུ་སོང་ནས། ཤོག་སྦག་གསོག་འཇོག་དང་སྐྱེལ་འདྲེན། ཉོ་ཚོང་སོགས་ཀྱི་ལས་རིམ་སོ་སོའི་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱས།

ཡན་ཅིན་ཧེ་ཡིས་ནན་གྱིས་བསྟན་དོན། དཔྱིད་ལུགས་ལོ་སར་ཚེས་ལ་ཉེ་བའི་དུས་སྐབས་འདི་ནི། ཤོག་སྦག་མཁོ་འདོན་དང་ཉོ་ཚོང་གི་ཚ་རླབས་ཆེ་ཤོས་ཡིན་པར་མ་ཟད། བདེ་འཇགས་དོན་རྐྱེན་བྱུང་མང་པའི་དུས་སྐབས་ཤིག་ཀྱང་ཡིན་པས། དུས་ལྟར་ཉེན་ཟོན་གྱི་འདུ་ཤེས་མཐོན་པོ་བཟུང་ནས། དུས་རྟག་པར་བདེ་འཇགས་བྱ་བ་ལས་དོན་ཡོངས་ཀྱི་ཐོག་མར་འཛིན་དགོས། འགལ་རྐྱེན་ནི་དོན་རྐྱེན་ཡིན་པ་དང་བདེ་འཇགས་ཐོན་སྐྱེད་ལ་ལྷོད་གཡེང་མེད་པའི་འདུ་ཤེས་ཡིད་ལ་དམ་པོར་བཟུང་ནས། ཁེ་ལས་ཐོན་སྐྱེད་ཀྱི་བདེ་འཇགས་བྱ་བ་བཟང་བོར་འཛིན་དགོས། ཤོག་སྦག་གསོག་འཇོག་དང་སྐྱེལ་འདྲེན། ཉོ་ཚོང་བཅས་ཀྱི་ལས་རིམ་སོ་སོའི་བདེ་འཇགས་བྱ་བ་གནད་སར་བཟུང་ནས། དཔྱིད་ལུགས་ལོ་སར་གྱི་སྐབས་སུ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་ལེགས་པོ་བྱེད་ཐུབ་དགོས་ཟེར།