མཚོ་ནུབ་ཁུལ་རྒྱ་གྲམ་དམར་པོ་ཚོགས་པས་ཀུན་བྱམས་རོགས་སྐྱོར་ཐེམ་ཆེན་དུ་བསྐྱོད་པ་ཞེས་པའི་བྱ་འགུལ་སྤེལ་བ།

ཟླ2པའི་ཚེས9ཉིན། མཚོ་ནུབ་ཁུལ་རྒྱ་གྲམ་དམར་པོ་ཚོགས་པས་ཀུན་བྱམས་རོགས་སྐྱོར་ཐེམ་ཆེན་དུ་བསྐྱོད་པ་ཞེས་པའི་བྱ་འགུལ་རྫོང་གློག་བརྙན་ཐང་ཆེན་ནས་སྤེལ། ཐེངས་འདིའི་བྱ་འགུལ་ལ་ཐེམ་ཆེན་གྱི་དཀའ་ཁག་ཅན་གྱི་ཁྱིམ་ཚང32ལ་འཚོ་བའི་ཡོ་བྱད་དང་སྨན་རིགས། དགུན་ལྭ་སོགས་མ་དངུལ་སྒོར་ཁྲི13གྱི་དངོས་པོ་བྱིན། ཁུལ་རྒྱ་གྲམ་དམར་པོ་ཚོགས་པའི་ཚོགས་གཙོ་གཞོན་པ་ཧྥོ་ཆིང་དང་ཁུལ་དབུལ་སྐྱོར་ཅུའུ་ཅུའུ་ཀྲང་གཞོན་པ་ཡངས་ཧོ་ཏུག ད་དུང་ཐེམ་ཆེན་རྫོང་གི་འབྲེལ་ཡོད་ལས་ཁུངས་དང་འགོ་ཁྲིད་བྱ་འགུལ་ལ་ཞུགས།


བྱ་འགུལ་གྱི་ཡུལ་དངོས།

ཁུལ་རྒྱ་གྲམ་དམར་པོ་ཚོགས་པའི་ཚོགས་གཙོ་གཞོན་པ་ཧྥོ་ཆིང་གིས་རོགས་སྐྱོར་དངོས་པོ་སྟེར་བཞིན་པ།

ཐེམ་ཆེན་རྫོང་འཕྲོད་བསྟེན་ཅུའུ་ཅུའུ་ཀྲང་གཞོན་པ་ཀྲའོ་པང་པེན་གྱི་རོགས་སྐྱོར་དངོས་པོ་སྟེར་བཞིན་པ།

ལས་སྒྲུབ་མི་སྣས་རོགས་སྐྱོར་དངོས་པོ་སྟེར་བའི་ཚུལ།

བྱ་འགུལ་གྱི་ཟུར་ཞིག

གསར་འགོད་པ། གཅོད་པ་ཐར།