ཁྲིམས་ཁང་གིས་ཞིང་པ་ལས་མི37ལ་རྒྱབ་རྟེན་བྱས་ནས་གླ་ཕོགས་ཆད་འགྱངས་བྱས་པ་ལག་སོན་བྱུང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། བློ་ཡུལ་ལས་འདས་པ་ཞིག་ལ་ཁྲིམས་དཔོན་གྱིས་འདི་འདྲའི་དུས་ཚོད་མགྱོགས་པོ་ཞིག་གི་ནང་དུ་ངེད་ཅག་གིས་སེན་མགོ་ཁྲག་དང་སེན་གཏིང་བརྣག་བྱས་པའི་གླ་ཕོགས་སྒོར་ལེན་རོགས་བྱས་སོང་།ངོ་མ་ཅན་གྱིས་བཀའ་དྲིན་ཆེ། མིག་སྔར། ཀའོ་ག་གེ་མོ་སོགས་ཞིང་པ་ལས་མི37གྱིས་ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་གྱི་ལག་ནས་གླ་ཕོགས་ལེན་དུས་ཧ་ཅང་སེམས་འགུལ་ཐེབས་སོང་བ་རེད།

ཟླ1པའི་ཚེས15ཉིན། མཁར་ཤར་ཁུལ་མི་དམངས་ཁྲིམས་ཁང་གིས་གྱོད་ཐོ་འགོད་ཁང་གི་ཁྲིམས་དཔོན་ལ་ཞིང་པ་ལས་མི37གྱི་ཁེ་དབང་སྲུང་སྐྱོང་གི་གྱོད་དོན་ཞིག་འབྱོར་བྱུང་།ཞིང་བ་ལས་མི37འདི་ལ་ངལ་རྩོལ་འགོ་བ་ལི་ག་གེ་མོས་གླ་ཆ་ཁྱོན་བསྡོམས་སྒོར166420ཆད་འགྱངས་བྱས་ཡོད་པ་དང་། གྱོད་ཐོ་འགོད་ཁང་གིས་དེ་མ་ཐག་གྱོད་དོན་ཐོ་འགོད་བྱས་ཏེ། སྔོན་ལ་འདུམ་འགྲིག་གི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ།གྱོད་གཞི་ཞིབ་གཅོད་ཀྱི་ཁྲིམས་དཔོན་གྱིས་དེ་མ་ཐག་ལས་ཀའི་འགོ་དཔོན་ལི་ག་གེ་མོ་དང་འགན་གཙང་སྤྲོད་ཕྱོགས་ཀྱི་ཙོང་ཁ་རྫོང་གི་ཀུང་སི་ག་གེ་མོ་ལ་འབྲེལ་བ་བྱས་པ་རེད།

གྱོད་ཡ་ལི་ག་གེ་མོར་གཅིག་ནས་མ་རྩ་རྡིབ་པ་དང་།གཉིས་ནས་འགན་གཙང་སྤྲོད་ཕྱོགས་ཀྱིས་ཀྱང་ཁོ་ལ་ལས་གཞིའི་དངུལ130000ཆད་འགྱངས་བྱས་སོང་བས་ཞིང་བ་ལས་མི་ལ་གླ་ཕོགས་སྟེར་མ་ཐུབ་པ་རེད། ཁུངས་སྣེ་འདི་རྙེད་པ་ནས་བཟུང་། འདྲི་གཅོད་གཙོ་འགན་ཁུར་བའི་ཁྲིམས་དཔོན་གྱིས་དེ་མ་ཐག་འགན་གཙང་སྤྲོད་ཕྱོགས་ཀྱི་ཙོང་ཁ་རྫོང་གི་ཀུང་སི་ག་གེ་མོ་ཡི་འབྲེལ་ཡོད་གནས་ཚུལ་ཞིབ་གཅོད་བྱས།

ཙོང་ཁ་རྫོང་གི་ཀུང་ཟི་ག་གེ་མོ་ཡིས་གྱོད་ཡ་ལ་སྒོར130000ཆད་འགྱངས་བྱས་པ་ཐག་གཅོད་བྱས་རྗེས། འདྲི་གཅོད་གཙོ་འགན་ཁུར་བའི་ཁྲིམས་དཔོན་གྱིས་ཀུང་ཟིས་ཁྲིམས་བཀོད་འཐུས་ཚབ་པ་ཅཱང་ག་གེ་མོ་ལ་འགན་གཙང་སྤྲོད་མཁན་ཕྱོགས་ཀྱིས་ལས་གཞིའི་དངུལ་ཆད་འགྱངས་བྱས་པའི་ཁྱབ་ཁོངས་ནང་གི་འགན་འཁྲིའི་སྐོར་གྱི་གཞི་འཛིན་སའི་བཅའ་ཁྲིམས་ཚང་མ་གསལ་བཤད་བྱས།

འདྲི་གཅོད་གཙོ་འགན་ཁུར་བའི་ཁྲིམས་དཔོན་གྱི་འདུམ་འགྲིག་འོག ཅཱང་ག་གེ་མོ་ཡིས་ཆད་འགྱངས་བྱས་པའི་ལས་གཞིའི་དངུལ་ཁྲིམས་ཁང་ལ་སྤྲད་པ་དང་། དེ་ནས་ལི་ག་གེ་མོས་ཞིང་པ་ལས་མི37ལ་སྤྲད་པ་རེད། དེའི་ལྷག་འཕྲོ་སྒོར36420ལི་ག་གེ་མོ་ཡིས་རྗེས་ནས་མ་དངུལ་གྲབས་གསོག་བྱས་རྗེས2018ལོའི་ཟླ3པའི་ནང་གྱོད་འབྲེལ་ཡོད་པའི་ཞིང་བ་ལས་མིར་སྤྲོད་དགོས་པ་རེད།

ལོ་ཙཱ་བ།རྟ་མགྲིན་དཔལ།