རྟ་ཐང་རྫོང་གིས་བཟའ་བཏུང་དང་སྨན་རྫས་ཐད་ལ་ཞིབ་བཤེར་ནན་མོ་བྱས་པ།

ཉེ་སྔོན། རྟ་ཐང་རྫོང་བཟའ་བཏུང་དང་སྨན་རྫས་ལས་ཁུངས། ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་གཉིས་ཀྱིས་སྟོབས་ཤུགས་གཅིག་བསྡུས་སྒོས་དུས་ཆེན་གཉིས་དང་ཚོགས་ཆེན་གཉིས་རིང་གི་ཟས་རིགས་དང་སྨན་རྫས་ཐད་ལ་ཞིབ་བཤེར་རྒྱ་ཆེན་སྤེལ། ཟས་རིགས་དང་སྨན་རྫས་ཚོང་གཉེར་སྡེ་ཚན་དང་ཟས་རིགས་དང་སྨན་རྫས་གསོག་འཇོག་ཆ་རྐྱེན།ནང་འདྲེན་ཐབས་ལམ། ཚོང་གཉེར་ཁོར་ཡུག་དང་ཚོང་རྫས་སྤུས་ཚད་བཅས་ཀྱི་ཐད་ལས་ཞིབ་བཤེར་ནན་མོ་བྱས་པ་རེད། ཞིབ་བཤེར་བརྒྱུད་དེ། ཚོང་ཁང29ལ་ཡོ་བསྲང་དག་ཐེར་བྱེད་དགོས་པའི་བཀའ་རྒྱ་བཏང་བ་དང་། སྲིད་འཛིན་ལས་ཁུངས4ལ་བཀའ་བཀྱོན་དང་། གྱོད་དོན2རྩད་ཆོད་པ་དང་འཛད་སྤྱོད་པའི་ཞུ་གཏུག་གྱོད་དོན8ཐག་གཅོད་བཅས་བྱས་ཏེ། འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱས་པ་དང་། ཉེ་འཁོར་མང་ཚོགས་ཀྱི་བཟའ་བཏུང་བདེ་འཇགས་ལ་འགན་སྲུང་ལེགས་པོ་བྱས་པ་རེད།

ལོ་ཙཱ་བ། ཀླུ་མོ།