ཞིང་ཆེན་ཡོངས་ཀྱི་རོང་འབྲོག་ཁུལ་བྱ་བའི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ།

ཞིང་ཆེན་ཡོངས་ཀྱི་རོང་འབྲོག་ཁུལ་བྱ་བའི་ཚོགས་འདུ་ལས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། བློ་མཐུན་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་སྣེ་སྟོན་དུ་བྱས་ཏེ། ཀྲུང་དབྱང་ཞིང་སྡེའི་བྱ་བའི་ཚོགས་འདུ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ། ཞིང་ཆེན་ཚོགས་ཆེན་གཉིས་ཀྱི་བཀོད་སྒྲིག་བླང་བྱ་སོགས་མཐའ་འཁྱོངས་བྱེད་པ། ཞིང་སྡེའི་དར་རྒྱས་སུ་གཏོང་བའི་འཐབ་ཇུས་ལས་འགན་ལ་བཀོད་སྒྲིག ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་ཁྲི་ལྷག་གཞི་རིམ་དུ་བཀོད་སྒྲིག་བྱེད་པ། ཐེངས་འདིའི་ཚོགས་འདུ་བསྡུས་པ་ཡིས། ང་ཚོའི་བསམ་བློ་གཅིག་གྱུར་དང་། ངོས་འཛིན་གསལ་བོ། དུས་རབས་གསར་བའི་མཚོ་སྔོན་གྱི་ཞིང་སྡེའི་དར་རྒྱས་སུ་འགྲོ་བའི་རྣམ་པ་གསར་བ་དང་། དུས་རབས་གསར་བའི་མཚོ་སྔོན་གྱི་ཞིང་གསུམ་དང་ཕྱུགས་གསུམ་བྱ་བའི་རྣམ་པ་གསར་གཏོད་པ་བཅས་ཀྱི་ཐད་ལ་དོན་སྙིང་གལ་ཆེན་ལྡན་པ་རེད།

ཞིང་གསུམ་ཕྱུགས་གསུམ་ཐད་ཀྱི་གནད་དོན་ནི་རྒྱལ་ཁབ་ཀྱི་འཐབ་ཇུས་དང་དམངས་ཚིས་ལས་དོན་དང་འབྲེལ་བ་དམ་ཟབ་ཡོད། རོང་འབྲོག་ཁུལ་དེང་རབས་ཅན་དུ་མ་ཕྱོགས་ཚེ། མཚོ་སྔོན་སྤྱི་ཡོངས་དེང་རབས་ཅན་དུ་ཕྱོགས་མི་ཐུབ་ལ། རྒྱལ་ཁབ་དེང་རབས་ཅན་དུ་ཕྱོགས་མི་ཐུབ། རོང་འབྲོག་ཁུལ་དར་རྒྱས་སུ་འགྲོ་མ་ཐུབ་ཚེ། འབྱོར་ཕྱུག་དཔལ་ཡོན་དར་ཞིང་ཞི་མཐུན་མཛེས་སྡུག་ལྡན་པའི་མཚོ་སྔོན་གསར་བ་བསྐྲུན་མི་ཐུབ་ལ། ཀྲུང་ཧྭའི་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་ཀྱང་ཡོང་མི་སྲིད། ཞིང་ཕྱུགས་ལས་འཕེལ་རྒྱས་སུ་བཏང་ནས་རྨང་གཞི་བརྟན་པོ་འདིངས་བ་དང་། རོང་འབྲོག་ཁུལ་བརྟན་ལྷིང་བྱུང་ན་སྤྱི་ཚོགས་བདེ་བ། རོང་འབྲོག་མང་ཚོགས་ཕྱུག་འགྱུར་བྱུང་ཚེ་རྒྱལ་ཁབ་སྟོབས་ལྡན་དུ་འགྱུར་ཐུབ། དེ་བས། ཞིང་གསུམ་ཕྱུགས་གསུམ་ལས་དོན་དམ་འཛིན་བྱས་ཏེ། ཞིང་གསུམ་ཕྱུགས་གསུམ་གྱི་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་། མི་འདང་ས་ཁ་གསབ་བྱ་དགོས་ལ། སྤྱི་ཡོངས་ལ་འགན་སྲུང་བྱེད་པ་དང་། འཕེལ་རྒྱས་ཀྱི་མདུན་ལྗོངས་ཡག་པར་བྱ་རྒྱུ།

ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་སླེབས་པ་དང་། མཚོ་སྔོན་འཕེལ་རྒྱས་ཀྱི་མགོ་འཛུགས་ས་གསར་བའི་སྟེང་ནས། ང་ཚོའི་ངེས་པར་དུ་རིག་པ་གསལ་ཞིང་ངོས་འཛིན་གསལ་བའི་སྒོ་ནས། རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་འགལ་ཟླ་གཙོ་བོ་ནི་ རིམ་བཞིན་ཇེ་བཟང་དུ་འགྲོ་བཞིན་པའི་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་དང་དོ་མཉམ་མིན་པ་དང་། ཆ་ཚང་མིན་པ་སོགས་ཀྱི་འཕེལ་འགྱུར་དབར་གྱི་འགལ་ཟླ་གཙོ་བོ་དེ་ཡིན། འཕེལ་རྒྱས་དོ་སྙོམས་མིན་པའི་གནད་དོན་ཐག་གཅོད་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཞིང་གསུམ་ཕྱུགས་གསུམ་བྱ་བར་བརྩི་མཐོང་བྱེད་པ། རང་ཞིང་གི་ཞིང་ལས་འཕེལ་རྒྱས་ཀྱི་རྨང་གཞི་སྔར་བཞིན་ཞན་པ་དང་། རོང་འབྲོག་ཁུལ་གྱི་འཕེལ་རྒྱས་སྔར་བཞིན་རྗེས་ལུས་ཡིན་ལ། རོང་འབྲོག་པའི་ཡོང་འབབ་དམའ་བ།རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་བསྡུར་ན་བར་ཁྱད་ཆེན་པོ་ཡོད་པ། དེར་བརྟེན། ཞིང་གསུམ་ཕྱུགས་གསུམ་ལས་དོན་ནི་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་པའི་ཞན་ཆ་རུ་གྱུར་ཡོད་པ་རེད། ང་ཚོའི་འགལ་ཟླའི་མི་འདང་ས་དང་ཞན་ཆ་ངོས་འཛིན་གསལ་བོ་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་ཞིང་གསུམ་ཕྱུགས་གསུམ་ལས་དོན་དམ་འཛིན་བྱེད་པ་དང་། རོང་འབྲོག་མིའི་ལས་དོན་སྣ་རྐྱང་ནས་འདེབས་འཛུགས་དང་གསོ་སྤེལ། སྐྱེ་ཁམས་ལྟ་སྐྱོང་སོགས་ཀྱི་ཕྱོགས་སུ་འཕེལ་རྒྱས་སུ་གཏོང་དགོས།

ལོ་ཙཱ་བ། ཀླུ་མོ།