སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས་བརྒྱ་དང་བཅུ་གཅིག་པེ་ཅིན་དུ་སྐོང་འཚོགས་བྱས་པ།

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༡༡ཉིན་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས་བརྒྱ་དང་བཅུ་གཅིག་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོར་སྐོང་འཚོགས་བྱས་པ་རེད། གྲོས་ཚོགས་ཐོག་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་གསུམ་པ་དེ་སྤྱི་ཟླ་༢པའི་ཚེས་༢༣ཉིན་ནས་ཚེས་༢༤ཉིན་བར་སྐོང་ཚོགས་བྱ་རྒྱུའི་གཏན་འཁེལ་བ་རེད། ཨུ་ཡོན་ཀྲང་ཀྲང་ཏེ་ཅང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ་རེད།

སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་གསུམ་པའི་ལས་འགན་གལ་ཆེན་ཞིག་ནི་སྐོང་ཚོགས་བྱ་ལ་ཉེ་བའི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་གྲོས་ཚོགས་ཐེངས་དང་པོའི་གྲ་སྒྲིག་ལས་དོན་ལེགས་པོ་བསྒྲུབ་རྒྱུ་དེ་ཡིན། ཨུ་ཡོན་ཀྲང་གིས་རྒྱུན་ལས་གྲོས་ཚོགས་ཐེངས་སོ་གསུམ་པས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུའི་མ་ཟིན་ལ་གྲོས་ཞིབ་བྱ་རྒྱུ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་ལས་ཐིན་གྱི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་འདེམས་བསྐོའི་ལས་དོན་གནས་ཚུལ་གྱི་སྙན་ཞུར་གསན་རྒྱུ། སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་འཐུས་མིའི་ཐོབ་ཐང་གི་ཞིབ་བཤེར་སྙན་ཞུར་གྲོས་ཞིབ་བྱ་རྒྱུ། ཨུ་ཡོན་ཀྲང་གྲོས་ཚོགས་ནས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་གྲོས་ཚོགས་ཐེངས་དང་པོར་གྲོས་ཞིབ་བྱ་རྒྱུར་སྐྱེལ་རྒྱུའི་གྲོས་རིམ་མ་ཟིན་གྱི་གྲོས་གཞིར་གྲོས་ཞིབ་བྱ་རྒྱུ། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞིའི་ཚོགས་པ་དང་དྲུང་ཡིག་ཆེན་མོའི་མིང་ཐོའི་མ་ཟིན་གྲོས་ཞིབ་བྱ་རྒྱུར་སྐྱེལ་རྒྱུའི་གྲོས་གཞིར་གྲོས་ཞིབ་བྱ་རྒྱུ། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་གྲོས་ཚོགས་ཐེངས་དང་པོའི་ཟུར་བཞུགས་མི་སྣའི་མིང་ཐོའི་མ་ཟིན་ལ་གྲོས་ཞིབ་བྱ་རྒྱུར་སྐྱེལ་རྒྱུའི་གྲོས་གཞིར་གྲོས་ཞིབ་བྱ་རྒྱུ་བཅས་ཀྱི་གྲོས་འགོ་སྟོན་པ་རེད།

ཨུ་ཡོན་ཀྲང་གི་གྲོས་ཚོགས་ནས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་གསུམ་པའི་གྲོས་རིམ་ནང་ད་དུང་ཨུ་ཡོན་ཀྲང་གྲོས་ཚོགས་ནས་རྩ་ཁྲིམས་དམ་འཇོག་ལམ་ལུགས་ལག་ལེན་བསྟར་རྒྱུའི་གཏན་འབེབས་སྐོར་གྱི་བཟོ་བཅོས་མ་ཟིན་གྲོས་ཞིབ་བྱ་རྒྱུར་སྐྱེལ་རྒྱུའི་གྲོས་གཞིར་གྲོས་ཞིབ་བྱ་རྒྱུ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་བསྟར་ཞིབ་བཤེར་ཚོ་ཆུང་གིས་ས་བོན་བཅའ་ཁྲིམས་ལག་བསྟར་གནས་ཚུལ་ལ་ཞིབ་བཤེར་བྱས་པའི་སྙན་ཞུར་གྲོས་ཞིབ་བྱ་རྒྱུ། སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་འགའ་རེའི་འཐུས་མིའི་ཐོབ་ཐང་གི་ཞིབ་བཤེར་སྙན་ཞུར་གྲོས་ཞིབ་བྱ་རྒྱུ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་མི་དམངས་བཅིངས་འགྲོལ་དམག་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ཁ་གསབ་བྱ་རྒྱུར་གྲོས་ཞིབ་བྱ་རྒྱུར་བསྐྱལ་བའི་གྲོས་གཞིར་གྲོས་ཞིབ་བྱ་རྒྱུ། འབྲེལ་ཡོད་བསྐོ་འཐེན་གྱི་གྲོས་གཞིར་གྲོས་ཞིབ་བྱ་རྒྱུ་བཅས་ཀྱི་གྲོས་འགོ་སྟོན་པ་རེད།

ཨུ་ཡོན་ཀྲང་གྲོས་ཚོགས་ཐོག རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་དང་དྲུང་ཡིག་ཆེན་མོ་གཅིག་ལྕོགས་ཝང་ཁྲེན་གྱིས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་གསུམ་པའི་གྲོས་རིམ་གྱི་མ་ཟིན་དང་ཉེན་རེའི་ལས་རིམ་བཀོད་སྒྲིག་གི་བསམ་འཆར་ཐད་ཀྱི་སྙན་ཞུ་གནང་བ་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ལས་དོན་ཨུ་ཡོན་ལྷན་ཁང་དང་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འགན་འཁུར་མི་སྣས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་གསུམ་པའི་འབྲེལ་ཡོད་གྲོས་གཞི་སོགས་ཀྱི་ཐད་ལ་སྙན་ཞུ་གནང་བ་རེད།