རང་རྒྱལ་གྱི་རྒྱལ་ཁབ་རིམ་པའི་ཆིང་ནུས་ཐོན་ལས་མནའ་འབྲེལ་དང་པོ་དེ་བཙུགས་པ།

རང་རྒྱལ་གྱི་རྒྱལ་ཁབ་རིམ་པའི་ཆིང་ནུས་ཐོན་ལས་མནའ་འབྲེལ་དང་པོ་དེ་བཙུགས་པ་དང་། རང་རྒྱལ་གྱི་ཆིང་ནུས་ཐོན་ལས་གོང་འཕེལ་མགྱོགས་སུ་འགྲོ་རྒྱུ་རེད།

ཆིང་ནུས་ནི་སྦགས་བཙོག་མེད་པ་དང་ནུས་འབྲས་ཆེ་བའི་ནུས་རྒྱུ་ཞིག་རེད། བཟོ་འཕྲིན་པུའུ་ཡི་པུའུ་ཀྲང་མེའོ་ཝི་ཡིས། མནའ་འབྲེལ་བཙུགས་པ་དེ་ནི་ཐོན་ལས་ཀྱི་མུ་མཁྱུད་ཧྲིལ་པོའི་བལྟ་ཕྱོགས་ནས་རླངས་འཁོར་དང་། ནུས་རྒྱུ། རྫས་འགྱུར་བཟོ་ལས། རྒྱུ་ཆ་སོགས་ལས་རིགས་བར་གྱི་སྤེལ་རེས་དང་། མཉམ་ལས་རོགས་ལས་ལ་སྐུལ་འདེད་དང་། ཆིང་ནུས་ཐོན་ལས་གོང་འཕེལ་ཐད་དོན་སྙིང་ཆེན་པོ་ལྡན་ཡོད་ཅེས་གསུངས་འདུག མེའོ་ཝི་ཡིས། རང་རྒྱལ་གྱི་རྨང་གཞིའི་རྒྱུ་ཆ་དང་། འགག་རྩའི་ལྷུ་ལག མ་ལག་འདུས་གྲུབ་སོགས་ཐད་སྔར་བཞིན་ཧེ་བག་ཆེན་པོ་ཡོད། འབར་རྒྱུའི་གློག་རྫས་དང་། མ་ལག་གི་ནུས་པ། ལག་རྩལ་གྱི་བྱང་ཆུབ་ཚད་དང་རྒྱལ་སྤྱིའི་ཆུ་ཚད་རྩེ་གྲའི་བར་ད་དུང་ཧེ་བག་ཆེན་པོ་ཡོད། གོམ་སྟབས་རྗེས་མར་ང་ཚོས་ཞིབ་འཇུག་གསར་སྤེལ་ལ་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚོད་ལྟ་དཔེ་སྟོན་སྤེལ་ནས། ཆིང་འབར་རྒྱུར་བྱས་པའི་གློག་རྫས་རླངས་འཁོར་ཐོན་ལས་ཅན་ལ་བསྒྱུར་རྒྱུ་དང་། ཚོང་ལས་ཅན་ལ་བསྒྱུར་བའི་དཀའ་གནད་སེལ་དགོས། མནའ་འབྲེལ་དེ་རྒྱལ་ཁབ་ནུས་རྒྱུ་མ་འཇོག་ཚོགས་པ་ཚད་ཡོད་ཀུང་སིས་སྣེ་ཁྲིད་པ་དང་། ཆིང་ནུས་ཐོན་སྐྱེད་དང་བེད་སྤྱོད་ཐོན་སྐྱེད་ལས་རིགས་མུ་མཁྱུད་ཀྱི་ཚན་པ་བཅོ་བརྒྱད་དང་མཉམ་འབྲེལ་ཐོག་བཙུགས་པ་ཞིག་ཡིན་ཞིང་། དེ་ནི་རང་རྒྱལ་གྱི་རིག་ཚན་ལས་བརྒལ་བ་དང་། ལས་རིགས་ལས་བརྒལ་བ། སྡེ་ཚན་ལས་བརྒལ་བ་བཅས་ཀྱི་ཆིང་ནུས་ཐོན་ལས་མནའ་འབྲེལ་ཐོག་མ་དེ་ཡིན་པ་རེད།