རང་རྒྱལ་གྱི་མེ་ཤུགས་འཕུར་མདའ་གཅིག་དང་སྲུང་སྐར་གཉིས་ཀྱིས་བྱང་སྐར་གསུམ་པ་རྟགས་ཅན་གྱི་འཛམ་གླིང་ཧྲིལ་པོའི་ཚོགས་ཆུང་གི་དྲ་བའི་སྲུང་སྐར་གཉིས་འཕེན་གཏོང་བྱས་པ།

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༡༢ཉིན་གྱི་ཉིན་དགུང་ཆུ་ཚོད་དང་པོ་དང་སྐར་མ་གསུམ་གྱི་ཐོག རང་རྒྱལ་གྱི་ཤི་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་རྒྱང་བསྐྱོད་ཨང་གསུམ་པ་རྟགས་ཅན་གྱི་མེ་ཤུགས་འཕུར་མདའ་སྤྱད་དེ། མེ་ཤུགས་འཕུར་མདའ་གཅིག་དང་སྲུང་སྐར་གཉིས་ཀྱི་ཐབས་ལ་བརྟེན་ནས་བྱང་སྐར་ཕྱོགས་སྟོན་སྲུང་སྐར་ཐེངས་༢༨དང་། ཐེངས་༢༩འཕེན་གཏོང་བྱས་ཡོད། དེ་ནི་རང་རྒྱལ་གྱི་བྱང་སྐར་གསུམ་པ་རྟགས་ཅན་གྱི་ལས་གྲྭའི་ཚོགས་ཆུང་དྲ་བའི་སྲུང་སྐར་ཨང་ལྔ་པ་དང་། དྲུག་པ་ཡང་ཡིན་པ་དང་། སྤྱི་ལོ་༢༠༢༠ལོར་འཛམ་གླིང་ཧྲིལ་པོའི་ཞབས་ཞུ་མཁོ་འདོན་བྱེད་པར་ཡང་བསྐྱར་གོམ་པ་བརྟན་པོ་ཞིག་སྤོ་ཐུབ་པ་བྱུང་ཡོད་པ་རེད།