ཝང་ཀྲིན་ཧྲིན་གྱིས་ཡུལ་དངོས་ནས་རྒྱ་ལོའི་ལོ་སར་སྐབས་ཀྱི་བདེ་འཇགས་ཐོན་སྐྱེད་བྱ་བར་ལྟ་སྐུལ་ཞིབ་བཤེར་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན།སྤྱི་ཟླ་2པའི་ཚེས་11ཉིན་ནས་ཚེས་12ཉིན་བར། ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། སྤྱི་བདེ་ཐིན་གྱི་ཐིན་ཀྲང་ཝང་ཀྲིན་ཧྲིན་སྔ་གཞུག་ཏུ་ཟི་ལིང་གྲོང་ཁྱེར་མཁར་ཤར་ས་ཁུལ་ཤོག་སྦག་ཉོ་ཚོང་ཁང་དང་ཟི་ལིང་ཝན་ཏ་ཚོང་ཁྲོམ་ཆེན་མོ། སྤྱི་བདེ་ཐིན་དང་འགྲིམ་འགྲུལ་ཉེན་རྟོག་སྤྱིའི་རུ་ཁག་སོགས་སུ་སོང་ནས། ཡུལ་དངོས་ནས་རྒྱ་ལོའི་ལོ་སར་སྐབས་ཀྱི་བདེ་འཇགས་ཐོན་སྐྱེད་བྱ་བར་ལྟ་སྐུལ་ཞིབ་བཤེར་བྱས་པར་མ་ཟད། ཤོག་སྦག་ཉོ་ཚོང་དང་མེ་འགོག་བདེ་འཇགས། རྒྱ་ལོའི་ལོ་སར་སྐབས་ཀྱི་བདེ་སྲུང་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པ་རེད།

ཝང་ཀྲིན་ཧྲིན་གྱིས་བསྟན་དོན། ས་གནས་དང་སྡེ་ཁག་སོ་སོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། སྤྱི་བདེ་པུའུ་བཅས་ཀྱི་བཀོད་སྒྲིག་བླང་བྱ་ལྟར་དུ། ཤོག་སྦག་ཉོ་ཚོང་དང་སྐྱེལ་འདྲེན། གསོག་འཇོག་བཅས་ཀྱི་བདེ་འཇགས་ཐོན་སྐྱེད་འགན་འཁྲི་དངོས་འབེབས་ནན་མོ་བྱས་ཏེ། བདེ་འཇགས་འགོག་སྲུང་དང་དོ་དམ་ཚོད་འཛིན་གྱི་བྱེད་ཐབས་གཟབ་ནན་ངང་འཛིན་དགོས་ལ། འགལ་རྐྱེན་སེལ་བ་དང་རྐྱེན་ངན་ཅི་རིགས་མི་འབྱུང་བར་ཁག་ཐེག་བྱེད་དགོས་པར་མ་ཟད། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་བྱ་བ་ལས་དོན་ཡོངས་ཀྱི་ཐོག་མར་བརྩིས་ཏེ། མེ་འགོག་བདེ་འཇགས་ཀྱི་རང་བདག་འགན་འཁྲི་ལག་བསྟར་ནན་མོ་བྱེད་དགོས་ལ། མེ་འགོག་བྱ་བའི་ཆ་འཕྲིན་ཅན་དང་ཤེས་ནུས་ཅན་གྱི་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་དགོས་ཟེར།

ལོ་ཙཱ་བ། ཤ་མོ་འཚོ།