ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཝང་ཅན་ཅོན་གྱིས་རྒྱལ་སྨན་སློབ་དཔོན་ཆེན་མོ་བློ་བཟང་ཉི་མར་ལོ་སར་གྱི་འཚམས་འདྲི་བྱས་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན།  ལོ་སར་ཐོན་ལ་ཉེ་བའི་དུས་འདིར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཝང་ཅན་ཅོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་།  ཧྲུའུ་ཅི་ཝང་གོ་ཧྲེང་གི་ཚབ་བྱས་ཏེ་རྒྱལ་སྨན་སློབ་དཔོན་ཆེན་མོ་བློ་བཟང་ཉི་མར་ལྟ་རུ་སོང་སྟེ་ལོ་སར་གྱི་འཚམས་འདྲི་དང་སྨོན་འདུན་ཞུས།

ཧྲིན་ཀྲང་ཝང་ཅན་ཅོན་གྱིས་སློབ་དཔོན་ཆེན་མོ་བློ་བཟང་ཉི་མ་དང་ཁ་བརྡ་བྱས་ཏེ།སློབ་དཔོན་བློ་བཟང་ཉི་མའི་བོད་ཀྱི་གསོ་རིག་ལས་དོན་ཐད་ལ་བཞག་པའི་མཛད་རྗེས་ལ་བཀའ་དྲིན་ཞུས།  ཝང་ཅན་ཅོན་གྱིས་སློབ་དཔོན་བློ་བཟང་ཉི་མའི་ལུས་ཕུང་བདེ་ཐང་གི་གནས་ཚུལ་དང་འཚོ་བའི་གནས་ཚུལ་དྲིས་ཏེ་སློབ་དཔོན་བློ་བཟང་ཉི་མ་ནི་རང་ཞིང་གི“རྒྱལ་སྨན་སློབ་དཔོན་ཆེན་མོའི”མཚན་སྙན་ཐོབ་པའི་མི་གཅིག་པུ་ཡིན་ལ།   འདི་སློབ་དཔོན་བློ་བཟང་ཉི་མའི་སྨན་བཅོས་ལག་རྩལ་དང་བླ་ན་མཐོ་བའི་སྨན་པའི་ཀུན་སྤྱོད་དང་འབྲེལ་བ་དམ་ཟབ་ཡོད་པས་མཚན་སྙན་འདི་ལྟ་བུ་ཐོབ་པར་ལས་སླ་བོ་ཞིག་མིན།   ཀྲུང་བོད་གསོ་རིག་ལས་དོན་གྱི་འཕེལ་རྒྱས་ལ་སློབ་དཔོན་བློ་བཟང་ཉི་མ་ལྟ་བུའི་འཇོན་མི་དགོས་པས་འཇོན་མི་ནི་གནད་འགག་ཡིན།མི་རབས་ནས་མི་རབས་ཀྱི་འཇོན་མིས་ང་ཚོའི་ཀྲུང་བོད་གསོ་རིག་ལས་དོན་ལ་བྱས་རྗེས་འཇོག་དགོས་ཞེས་བཤད་པར་མ་ཟད་ཡོན་ཀྲང་ཀླུ་བྱམས་རྒྱལ་དང་ཁྲིད་སྟོན་བྱས་པའི་སློབ་མ་ཚོར་སློབ་དཔོན་བློ་བཟང་ཉི་མའི་བྱ་བ་དང་འཚོ་བར་སེམས་ཞིབ་མོས་ལྟ་རྟོག་བྱེད་དགོས་ཟེར།  

སློབ་དཔོན་བློ་བཟང་ཉི་མ་ད་ལོར་དགུང་ལོ85ཡིན་ལ་གསོ་བཅོས་ལག་ལེན་གྱི་བྱ་བ་གཉེར་ནས་ལོ་ངོ་60ལྷག་འགོར་ཡོད། གཞུང་ལུགས་ཀྱི་ཤེས་བྱ་དང་ནད་ཐོག་ལག་ལེན་གྱི་ཉམས་མྱོང་ཕུན་སུམ་ཚོགས་པར་ལྡན་ལ་ཁྱད་པར་དུ་ཀླད་སྙིང་དང་དབང་རྩའི་ནད་རིགས།འཇུ་བྱེད་མ་ལག་དང་མཆིན་མཁྲིས་ཀྱི་ནད་རིགས་བཅས་ཁོང་ནད་སྣ་ཚོགས་ལ་ཐུན་མོང་མ་ཡིན་པའི་གསོ་ཐབས་ཡོད་པ་དང་གཞན་སྨན་གྱི་སྦྱོར་སྡེ་དང་སྨན་རྫས་ཀྱི་དུག་འདོན་སོགས་ལ་བྱང་ཆུབ་པར་ཡོད།“མཚོ་སྔོན་ཞིང་ཆེན་གྱི་ཕུལ་བྱུང་ཆེད་མཁས་པ”དང“མཚོ་སྔོན་ཞིང་ཆེན་གྱི་མིང་གྲགས་ཀྲུང་ལུགས་སྨན་པ”། “ཀྲུང་ཧྭའི་མངོན་མིན་ཤུལ་བཞག་རིག་གནས་རྒྱུན་འཛིན་ཁག་དང་བོའི་རྒྱུན་འཛིན་བྱ་དགའ”སོགས་ཀྱི་མཚན་སྙན་ཐོབ་མྱོང་བར་མ་ཟད། སྔ་གཞུག་ཏུ་འབྲེལ་ཡོད་ཀྱི་དཔེ་ཆ་དང་དཔྱད་རྩོམ་སོགས་མི་ཉུང་བ་ཞིག་སྤེལ་ལ་འབྲས་བུ་ཀྱང་གཟེངས་སུ་ཐོན་ཡོད།

ཞིང་ཆེན་འཕྲོད་བསྟེན་འཆར་ལྡན་བུ་སྐྱེས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཏེན་པཱང་སོགས་ཀྱང་ཝང་ཅན་ཅོན་དང་ལྷན་དུ་འཚམས་འདྲིར་ཕེབས་པ་རེད།  

ལོ་ཙཱ་བ། ལྷ་ཆེན་རྒྱལ།