གེ་སར་སྒྲུང་བ་གྲགས་ཅན་ཚེ་རིང་དབང་འདུས་ལགས་ཀྱིས་བཤད་པའི་སྒྲུང་ཡོངས་དག་སྒྲིག་པར་འགྲེམས་ཚར་བ།

གསར་འགོད་པས་མཚོ་སྔོན་ཞིང་ཆེན་གེ་སར་ཞིབ་འཇུག་ཁང་ནས་ཤེས་གསལ་ལྟར་ན། ཉེ་ལམ་མཚོ་སྔོན་ཞིང་ཆེན་གྱི་སྒྲུང་བ་གྲགས་ཅན་ཚེ་རིང་དབང་འདུས་ལགས་ཀྱིས་བཤད་པའི་《ཕྱི་གླིང་གཡུལ་འགྱེད་》དང་། 《ལྷོ་བདུད་ཆམ་འབེབས》༼ སྟོད་ཆ་དང་སྨད་ཆ༽ 《མེ་མོ་རོང་གི་ཤེལ་རྫོང་》སོགས་གེ་སར་རྒྱལ་བོ་སྒྲུང་གི་ནང་ཚན་སྒྲུང་དཔེ་ཁག་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་འགྲེམས་བྱས་པས། ད་ནི་སྒྲུང་བ་ཁོང་ཉིད་ཀྱི་བཤད་པའི་སྒྲུང་ཁག༡༡དང་སྒྲུང་དཔེ༡༢ཡོད་པ་ཚང་མ་པར་འགྲེམས་བྱས་ཚར། 


སྒྲུང་བ་འདི་སྐུ་འཚོ་བཞུགས་སྐབས་སུ་གེ་སར་རྒྱལ་བོའི་སྒྲུང་དཔེ་ཁག་བརྒྱ་ལྷག་བཤད་པ་ལ་མཁྱེན་རྒྱ་ཡངས་པས། དུས་རབས་སྔོན་མའི་ལོ་རབས་༩༠བའི་མགོ་ནས་བཟུང་སྟེ་མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་འབྲེལ་ཡོད་སྡེ་ཚན་ནས་ཁོང་གི་བཤད་པའི་སྒྲུང་རྣམས་ཟིན་བྲིས་དག་སྒྲིག་བྱེད་པའི་འགོ་བརྩམས། ཐེངས་འདིར་པར་འགྲེམས་བྱས་པའི་གེ་སར་རྒྱལ་བོའི་སྒྲུང་གི་ནང་ཚན་སྒྲུང་དཔེ་འདི་ལ་སྡོམ་པའི་ཁག་གསུམ་དང་དེབ་བཞི། ཡིག་འབྲུ་ཁྲི༡༥༠བཅས་ཡོད་ཅིང་། ལོ་ངོ་བཞིའི་རིང་ལ་མཚོ་སྔོན་ཞིང་ཆེན་གེ་སར་ཞིབ་འཇུག་ཁང་གི་ཆེད་ལས་པས་སྒྲུང་བ་ཁོང་ཉིད་ཀྱི་བཤད་ཟིན་པ་རྣམས་དག་སྒྲིག་པར་སྐྲུན་བྱས་པའི་སྒྲུང་དཔེ་ཐ་མ་ལགས་སོ། །  


ལོ་ཙཱ་བ། ཁོན་ཐར་འཚོ།