རྡོ་སྦིས་ཡུལ་གྱི"དཔྱིད་བསུ་བུམ་པ"རྟགས་ཅན་གྱི་ལྒང་ལི་འགྲན་ཚོགས་སྐབས་ཉེར་བཞི་བ་དངོས་སུ་འགོ་བརྩམས་པ།


གསར་འགོད་པས་ཡུལ་དངོས་ནས་རྒྱུས་ལོན་པ་ལྟར་ན།རྡོ་སྦིས་ཡུལ་གྱི"དཔྱིད་བསུ་བུམ་པ"རྟགས་ཅན་གྱི་ལྒང་ལི་འགྲན་ཚོགས་སྐབས་ཉེར་བཞི་བ་དེ་ཟླ2པའི་ཚེས23སྟེ་ལུགས་རྙིང་གི་རྒྱ་ལོའི་ཚེས་བརྒྱད་ཉིན་རྡོ་སྦིས་ཡུལ་ཚོའི་རིག་གནས་ཐང་ཆེན་ནས་གཟབ་རྒྱས་ངང་འགོ་བརྩམས་བྱུང་།


ཐེངས་འདིའི་འགྲན་བསྡུར་གྱི་གཙོ་སྒྲུབ་ལས་ཁུངས་ནི་རྡོ་སྦིས་ཡུལ་ཚོ་མི་དམངས་སྲིད་གཞུང་ཡིན་ལ། འགན་སྒྲུབ་ལས་ཁུངས་ནི་ཉ་མོ་སྡེ་བ་ཡིན།ཚེས23ཉིན་གྱི་སྔ་དྲོའི་ཆུ་ཚོད་བཅུ་དང་སྐར་མ་སུམ་ཅུའི་སྟེང་འགོ་བརྩམས་པའི་མཛད་སྒོ་བསྡུས་ཤིང་། ཚོགས་ཞུགས་ཆོ་ག་དང་རིག་རྩལ་འཁྲབ་སྟོན་སོགས་རྒྱ་ཆེ་བར་བྱས་ཚར་རྗེས་འགྲན་བསྡུར་དངོས་ཀྱི་གོ་རིམ་ལ་ཞུགས།


མཛད་སྒོའི་སྟེང་རང་ས་གནས་དང་ཕྱོགས་ཡོང་གི་ལྟད་མོ་བ་ཁྲི་གཉིས་ལྷག་འདུས་ཡོད་པ་དང་རྡོ་སྦིས་ཡུལ་ཚོའི་སྡེ་བ་སོ་སོའི་འཐུས་ཚབ་རུ་ཁག30ལྷག་གིས་དུས་ཡུན་ཉིན5ཡི་རིང་ལ་འགྲན་བསྡུར་བྱེད་རྒྱུ་ཡིན་འདུག


ཐེངས་འདིའི་འགྲན་བསྡུར་གྱིས་ལྒང་ལིའི་ལུས་རྩལ་གྱིས་བསྟབས་པའི་སྤྲོ་སྐྱིད་སྟེར་ཞིང་ས་གནས་མང་ཚོགས་ཀྱི་རིག་གནས་འཚོ་བ་གྲ་རྒྱས་སུ་བཏང་བར་མ་ཟད།མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དང"ལྒང་ལིའི་ཕ་ས"ཡི་སྙན་གྲགས་སྔར་བས་རྒྱས་པར་བྱས་ཡོད།

གསར་འགོད་པ། སྐལ་བཟང་རིན་ཆེན།