རང་ཞིང་གིས་རྫོང་ཁྱབ་ཁོངས་ཀྱི་གསར་གཏོད་སྐུལ་འདེད་འཕེལ་རྒྱས་ལ་སྐུལ་འདེད་བྱ་རྒྱུ་ཡིན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཞིང་ཆེན་ཡོངས་ཀྱི་བརྒྱ་ཆའི་བདུན་བཅུ་ཡན་གྱི་རྫོང་དང་གྲོང་ཁྱེར། ས་ཁུལ་བཅས་ཀྱིས་ཞིང་ཆེན་རིམ་པའི་མཐོ་གསར་ལག་རྩལ་ཐོན་ལས་འཕེལ་རྒྱས་གསར་སྤེལ་ས་ཁུལ་དང་ཞིང་ལས་ཚན་རྩལ་གླིང་གསར་འཛུགས་ཀྱིས་རྫོང་ཁྱབ་ཁོངས་ཀྱི་ལས་ཞུགས་གསར་གཏོད་ཀྱི་དཀའ་ཁག་ཇེ་དམའ་རུ་བཏང་ཞིང་། དབུལ་ཕོངས་ས་ཁུལ་གྱི་རྫོང་ཁྱབ་ཁོངས་ཀྱི་ཐོན་ལས་གཙོ་བོ་དེ་ལྗང་མདོག་ཚོང་རྫས་ཅན་ལ་བསྒྱུར་བ་རེད། མིག་སྔར་རང་ཞིང་གིས་ཁྱོན་ཡོངས་ནས་རྫོང་ཁྱབ་ཁོངས་ཀྱི་ཚན་རྩལ་གསར་གཏོད་སྒུལ་ཤུགས་འཕེལ་རྒྱས་ལ་སྐུལ་འདེད་བྱས་ཤིང་། ཚན་རྩལ་གསར་གཏོད་ཀྱི་འདོན་སྤེལ་དེ་རྫོང་ཁྱབ་ཁོངས་སུ་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ཁྲོད་མཁོ་སྤྲོད་བྱེད་པར་རྒྱབ་རྟེན་སྣེ་ཁྲིད་ཀྱི་བྱེད་ནུས་ཐོན་ཞིང་། མང་ཚོགས་ཀྱི་ལས་གཏོད་ལས་ཞུགས་ལ་སྐུལ་འདེད་ངེས་ཅན་གྱིས་རིམ་པ་མང་པོའི་ཐད་ཀྱི་སྒྲིག་གཞི་དང་སྣ་མང་རང་བཞིན་གྱིས་རྫོང་ཁྱབ་ཁོངས་ཀྱི་གསར་གཏོད་འཕེལ་རྒྱས་ཀྱི་སྒྲིག་གཞི་ལ་སྐུལ་འདེད་བྱས་ཤིང་རྫོང་ཁྱབ་ཁོངས་སུ་སྒུལ་ཤུགས་གསར་བའི་འཕེལ་རྒྱས་ལ་སྐུལ་འདེད་བྱས་ཡོད།

རྒྱུས་ལོན་བྱུང་བ་ལས་ཤེས་གསལ་ལྟར་ན། རང་ཞིང་གིས་རྫོང་ཁྱབ་ཁོངས་ཀྱི་སྒུལ་ཤུགས་གསར་བའི་འཕེལ་རྒྱས་ཀྱི་ཁོར་ཡུག་ལ་སྐུལ་འདེད་བྱས་ནས་ལེགས་བཅོས་མངོན་གསལ་བླངས་ཞིང་། ཁྱད་ལྡན་ཐོན་ལས་ཀྱི་སྒྲིག་གཞི་ཤིག་ཆགས་ཡོད། སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པའི་རྫོང་ཁྱབ་ཁོངས་ཀྱི་མ་ལག་གསར་འཛུགས་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་བརྒྱ་ཆའི་བདུན་བཅུ་ཡན་གྱི་རྫོང་དང་གྲོང་ཁྱེར། ས་ཁུལ་བཅས་ཀྱི་ཁྱབ་ཁོངས་སུ་ཞིང་ཆེན་རིམ་པའི་མཐོ་གསར་ལག་རྩལ་ཐོན་ལས་གསར་སྤེལ་ཁུལ་དང་ཞིང་ལས་ཚན་རྩལ་འཛུགས་བསྐྲུན་བྱས་ཞིང་། རྫོང་སོ་སོ་དང་གྲོང་ཁྱེར། ས་ཁུལ་བཅས་ཀྱི་ལས་གཏོད་བར་སྟོང་དང་ལས་གཏོད་གླིང་སོགས་ལས་གཏོད་ཀྱིས་ཁྱོན་ཡོངས་ལ་ཁེབས་པ་མངོན་འགྱུར་བྱས། རྫོང་སོ་སོ་དང་གྲོང་ཁྱེར། ས་ཁུལ་བཅས་ཀྱི་ཚན་རྩལ་མདུན་སྐྱོད་ཀྱིས་དཔལ་འབྱོར་འཕེལ་རྒྱས་ཀྱི་བྱས་རྗེས་ཚད་གཞི་དེ་བརྒྱ་ཆའི55ལ་སླེབས་པ་དང་རྫོང་ཁྱབ་ཁོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་ལ་སྐུལ་འདེད་ཀྱིས་ལས་གཏོད་སྒུལ་ཤུགས་གསར་བའི་འཕེལ་རྒྱས་ཀྱི་དུས་སྐབས་སུ་སླེབས་པ་དང་ཞིང་ཆེན་རིམ་པའི་རྣམ་པ་གསར་བའི་འཛུགས་བསྐྲུན་གྱི་དམིགས་འབེན་དེ་མངོན་འགྱུར་བྱེད་པར་རྒྱབ་རྟེན་འདོན་སྤྲོད་བྱས་ཡོད།

དེར་བརྟེན། རང་ཞིང་གིས་ལས་གཏོད་བསྡུས་གཟུགས་ཀྱི་འཛུགས་བསྐྲུན་ལ་ཤུགས་སྣོན་དང་གསར་གཏོད་ཐོན་ཁུངས་གཅིག་བསྡུས་ཀྱིས་མཐོ་འཛུགས་ས་དང་ཚད་གཞི་མཐོན་པོའི་འཆར་འགོད་འཛུགས་བསྐྲུན་ཐད་ཀྱི་མཐོ་གསར་ཐོན་ལས་ལག་རྩལ་གསར་སྤེལ་ས་ཁུལ་དང་ཞིང་ལས་ཚན་རྩལ་གླིང་ཁུལ་འཛུགས་བསྐྲུན་གྱིས་གོམ་གང་མདུན་སྤོས་སྒོས་དེང་རབས་ཞིང་ཕྱུགས་ལས་ཐོན་ལས་མཐོར་འདེགས་སུ་བཏང་ཞིང་། བཟོ་ལས་གླིང་ཁུལ་གྱི་ལག་རྩལ་ཆུ་ཚད་དང་རང་རྟོགས་གསར་གཏོད་ནུས་པ་བཅས་ཀྱིས་རྫོང་ཁྱབ་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བྱས་ཤིང་སྦྲེལ་དྲ+གི་བྱེད་ནུས་བེད་སྤྱད་བྱས། ལག་རྩལ་གསར་བའི་ཁྱབ་འགྱེད་ལ་ཤུགས་སྣོན་གྱིས་ཞིང་ཕྱུགས་ལས་ས་ཁུལ་གྱི་ཐོན་སྐྱེད་རྣམ་པའི་འགྱུར་ལྡོག་ལ་སྐུལ་འདེད་བྱས་ཤིང་། འཚོ་བའི་སྤུས་ཚད་མཐོར་འདེགས་ཀྱིས་ཐོན་ལས་ཀྱི་ལེགས་ཆ་འཕེལ་རྒྱས་སུ་བཏང་། ལས་གཏོད་ཁོར་ཡུག་གི་ལེགས་སྒྱུར་གསར་གཏོད་ཀྱིས་མ་རྩ་དམའ་ཞིང་སྟབས་བདེ་ཅན། གཞི་རྒྱུ་ཡོངས་ཁྱབ་ཅན། སྒོ་འབྱེད་རང་བཞིན་གྱི་ལས་གཏོད་གླིང་འཛུགས་བསྐྲུན་གྱིས་རྫོང་ཁྱབ་ཁོངས་ཀྱི་ལས་གཏོད་དང་ཚན་རྩལ་དབུལ་སྐྱོར་ལ་སྐུལ་འདེད་ཀྱིས་དབུལ་ཕོངས་ས་ཁུལ་གྱི་རྫོང་ཁྱབ་ཁོངས་ཀྱི་གཙོ་ཁྲིད་ཐོན་ལས་ཀྱི་ལྗང་མདོག་ཅན་ལ་སྐུལ་འདེད་བྱས་ཤིང་། ཐོན་ལས་ཅན་དང་གཅིག་བསྡུས་ཅན་གྱིས་དབུལ་ཕོངས་ས་ཁུལ་གྱི་ཕྱི་ནང་གི་སྒུལ་ཤུགས་དང་མུར་འཕེལ་འཕེལ་རྒྱས་ནུས་པ་མཐོར་འདེགས་སུ་བཏང་ཡོད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།