རྒྱལ་ཁབ་ཀྱིས་ཙོང་ཆུ་བཅོས་སྐྱོང་བཟོ་སྐྲུན་གྱི་འཛུགས་བསྐྲུན་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ།

ཆུ་བོ་ཆེ་འབྲིང་གསུམ་གྱི་འབབ་རྒྱུད་ལ་བཅོས་སྐྱོང་བྱེད་པ་ལག་བསྟར་ཁྲོད་ཀྱི་བཟོ་སྐྲུན་ནི་གནོད་འཚེ་རྗེས་ཀྱི་ཆུ་བེད་ཞན་པའི་བརྒྱུད་རིམ་ཁྲོད་ཀྱི་འཛུགས་བསྐྲུན་གལ་ཆེན་ཞིག་ཡིན་ཞིང་། ཡང་གཅིག་བཤད་ན་ཆུ་བེད་གྱི་རྨང་གཞི་བརྟན་པོ་དང་ཞན་ཆ་ཁ་གསབ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན། ཉེ་ལམ་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་གྱིས་ཡང་བསྐྱར་རང་ཞིང་གི་ཆུ་བོ་ཆེ་འབྲིང་ཆུང་གསུམ་གྱི་བཅོས་སྐྱོང་བཟོ་སྐྲུན་ཁྲོད་ཀྲུང་དབྱང་གི་སྔོན་དཔག་ཚོད་རྩིས་མ་དངུལ་སྒོར་དུང་ཕྱུར1.6གཏོང་རྒྱུ་ཡིན་ཞིང་། རང་ཞིང་གི་དགུ་ཆུ་དང་ཙོང་ཆུ། རོང་བོའི་ཆུ། རྩེ་ཆུ་བཅས་ཀྱི་བཅོས་སྐྱོང་བཟོ་སྐྲུན་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་རེད།

དགུ་ཆུ་དང་ཙོང་ཆུ། རོང་བོ་ཆུའི་འབབ་རྒྱུད་དེ་ས་གནས་ཀྱི་འབབ་རྒྱུད་གཙོ་བོ་ཞིག་ཡིན་པས་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཁྲོད་གོ་གནས་གལ་ཆེན་ཞིག་བཟུང་ཡོད་ལ། ཁྱབ་ཁོངས་ཀྱི་ཆུ་ལོག་སྔོན་འགོག་བདེ་འཇགས་དེ་གལ་ཆེན་དུ་བཟུང་ཡོད། ཉེ་བའི་ལོ་འདི་དག་གི་རིང་ལ། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་གྱིས་འབབ་རྒྱུད་འདིའི་ཆུ་ལོག་སྔོན་འགོག་རྨང་གཞིའི་སྒྲིག་ཆས་འཛུགས་བསྐྲུན་དེ་གཙོ་བོར་བཟུང་ནས་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་བྱེད་པ་བརྩོན་ལེན་བྱས། 2011ལོ་ནས་བཟུང་རྒྱལ་ཁབ་ཀྱི་མ་དངུལ་བརྩོན་ལེན་དང་ཙོང་ཆུ། ན་གོར་མོའི་ཆུ་བོ། དགུ་ཆུ་བཅས་ཀྱི་འབབ་རྒྱུད་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ3000ཡན་གྱི་ཆུ་བོ་ཆུང་འབྲིང་གི་འབབ་རྒྱུད་ལ་བཅོས་སྐྱོང་གང་ལེགས་ཀྱིས་ཆུ་བོའི་འབབ་རྒྱུད་ཀྱི་ཡུར་ལམ་བཅོས་སྐྱོང་ལ་དུས་རིམ་བཀར་བ་རེད། དེས་ས་གནས་ཀྱི་ཆུ་ལོག་སྔོན་འགོག་ནུས་པ་མཐོར་འདེགས་སུ་བཏང་བ་མ་ཟད། ནང་སྒོས་སུ་ཙོང་ཆུའི་འབབ་རྒྱུད་དེ་རང་ཞིང་གི་མི་གྲངས་འདུས་སྡོད་མོད་པོའི་ས་གནས་ཤིག་ཡིན་པའི་ཆ་ནས། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཁྲོད་གོ་གནས་གལ་ཆེན་ཞིག་བཟུང་ཡོད། མིག་སྔར་རང་ཞིང་གི་ཙོང་ཆུའི་འབབ་རྒྱུད་ཀྱི་ཡུར་ལམ་ལ་བཅོས་སྐྱོང་བྱེད་བཞིན་ཡོད། འབབ་རྒྱུད་འདི་དག་གི་ཡུར་ལམ་བཅོས་སྐྱོང་ཕན་འབྲས་ཀྱིས་བྱེད་ནུས་ངེས་ཅན་ཞིག་ཡོད་ལ། ཆུ་ལོག་སྔོན་འགོག་གི་ནུས་པ་དང་ཆུ་ལོག་གི་འཇིགས་སྣང་ཇེ་ཉུང་དུ་བཏང་ནས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ཐད་ལ་འགན་སྲུང་ངེས་ཅན་ཞིག་ཐོབ་ཡོད།

མིག་སྔར་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་གྱིས་གང་མགྱོགས་སྒོས་མ་དངུལ་འཆར་གཞི་བསྡུ་རུབ་བྱས་ཤིང་བཟོ་སྐྲུན་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་གྱིས་བྱ་བ་སྙོམས་སྒྲིག་གིས་ས་ཁུལ་གྱི་བཟོ་སྐྲུན་མྱུར་ཚད་ལ་མགྱོགས་མྱུར་གྱིས་སྐུལ་འདེད་བྱས་ཏེ་ཉིན་རེར་ཕན་འབྲས་བདེ་ཐང་ཅན་ལ་སྐུལ་འདེད་བྱས་ཡོད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།