ད་ལོ་རང་ཞིང་གི་མེ་གསོད་སྡེ་ཁག་གིས་བཅའ་ཁྲིམས་མཐོར་འདེགས་སུ་བཏང་ནས་མེ་སྐྱོན་བཅོས་སྐྱོང་ཆུ་ཚད་མཐོར་འདེགས་སུ་གཏོང་རྒྱུ་ཡིན་པ།

ཉེ་ལམ་གསར་འགོད་པས་ཞིང་ཆེན་མེ་གསོད་བྱ་བའི་གྲོས་ཚོགས་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། ན་ནིང་རང་ཞིང་གི་མེ་གསོད་རུ་ཁག་ཞིང་ཆེན་ཡོངས་ཀྱི་མེ་གསོད་རོགས་སྐྱོར2960ལྷག་ལ་ཟབ་ཞུགས་བྱས་ཤིང་། དཀའ་ཁག་ལ་འཕྲད་པའི་མི930མྱུར་སྐྱོབས་དང་མི་གྲངས9470ཁ་འཐོར་དུ་བཏང་སྟེ། ནོར་སྲིད་རྒྱུ་ནོར་རིན་ཐང་སྒོར་ཁྲི7685མྱུར་སྐྱོབས་བྱས་ཤིང་། མང་ཚོགས་ཀྱི་ཁྲོད་དུ་མེ་སྐྱོན་བྱུང་བ་དང་རྐྱེན་འདས་སུ་སོང་བ་སོགས་ཀྱི་དོན་དག་ཅི་ཡང་བྱུང་མེད། ད་ལོ་རང་ཞིང་གི་མེ་གསོད་སྡེ་ཁག་གིས་མེ་གསོད་བཅོས་སྐྱོང་ཆུ་ཚད་སྔར་ལས་མཐོར་འདེགས་སུ་བཏང་སྟེ་ནུས་ཤུགས་གང་ཡོད་སྒོས་ལོ་འདིའི་དམིགས་འབེན་འགན་འཁྲི་ལག་བསྟར་བྱེད་པར་སྐུལ་འདེད་དང་མེ་སྐྱོན་མི་འབྱུང་བའི་གནས་བབ་བརྟན་པོ་མུ་མཐུད་དུ་རྒྱུན་འཁྱོངས་ཀྱིས་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་མེ་གསོད་བདེ་འཇགས་བྱ་བའི་ཁོར་ཡུག་ལེགས་པོ་ཞིག་གསར་སྐྲུན་བྱ་རྒྱུ་ཡིན་པ་རེད།

རྒྱུས་ལོན་བྱུང་བ་ལས་ཤེས་གསལ་ལྟར་ན། ད་ལོ་རང་ཞིང་གི་མེ་གསོད་སྡེ་ཁག་གིས་མུ་མཐུད་དུ་དབྱར་དུས་དང་དགུན་དཔྱིད་དུས་ཚིགས་ཀྱི་མེ་སྐྱོན་སྔོན་འགོག་ཚོད་འཛིན་བྱེད་པའི་རྨང་གཞིའི་སྟེང་མེ་གསོད་བདེ་འཇགས་དབྱེ་ཞིབ་དཔྱད་འཇོག་ལ་ཤུགས་སྣོན་བྱས་ཤིང་། མེ་སྐྱོན་སྔོན་འགོག་གི་ཁྱབ་ཁོངས་འབུར་དུ་གཏོད་ནས་མི་ཚོགས་སྟུག་སར་ལྟ་རྟོག་བྱེད་པ། འབར་སླ་བ་དང་འགས་སླ་བ། ཆོས་ལུགས་དགོན་སྡེ་བཅས་ལ་གསུམ་གཅིག་ཟུང་འབྲེལ་གྱིས་ཁང་བ་གླས་མ་དང་སྡོད་ཁང་རྙིང་བ། ཤང་གྲོང་སོགས་ཀྱི་ཡུལ་དངོས་དེ་གཙོ་བོར་བཟུང་ནས་འབྲེལ་ཡོད་སྡེ་ཁག་སོ་སོར་ཟུང་འབྲེལ་གྱིས་མཐོ་གནོན་རྣམ་པའི་དག་སྒྲིག་རྒྱུན་འཁྱོངས་བྱས་ཤིང་། ནོར་འཁྲུལ་གྱི་ཆ་རེ་རེ་ཡོ་བསྲང་གང་ལེགས་ཀྱིས་གཞི་རིམ་གྱི་མེ་གསོད་བྱ་བར་རྨང་གཞི་བརྟན་པོ་ཞིག་བཏིངས་རྒྱུ་ཡིན་པ་རེད། བཅོས་སྐྱོང་སྟེགས་བུར་བརྟེན་ནས་མེ་གསོད་དྲ་རྒྱ་ཅན་དེ་གཞི་རིམ་སྣ་འཛོམས་ཞབས་ཞུའི་དོ་དམ་སྟེགས་བུའི་ཁྲོད་བཞག་ནས་མེ་གསོད་བདེ་འཇགས་ཅན་གྱི་གཞིས་ཁུལ་གསར་སྐྲུན་བྱེད་པ། མེ་གསོད་ས་ཚིགས་ཆུང་ངུའི་འཛུགས་བསྐྲུན་ལ་སྐུལ་འདེད་བྱས་ཤིང་། ལོ་གཅིག་གི་ནང་ཤང་དང་གྲོང་བརྡལ་གྱི་སྲང་ལམ་སོ་སོའི་མེ་གསོད་དྲ་རྒྱ་བར་སྒྲིག་སྲོལ་ཅན་དུ་བསྒྱུར་བའི་དོ་དམ་ལ་ཤུགས་སྣོན་བྱས་ནས་ལས་ཁུངས་གཙོ་བོ་དང་གཞིས་ཁུལ་ཡོངས་སུ་མེ་གསོད་ས་ཚིགས་ཆུང་ངུ་གསར་འཛུགས་བྱེད་པ། དེ་མིན་མེ་གསོད་བདེ་འཇགས་དོ་དམ་ཚད་གཞི་མངོན་འགྱུར་བྱེད་པ། མུ་མཐུད་དུ་སྡོད་དམངས་འདུས་སའི་ཁྱིམ་ཚང་དང་གླ་གཏོང་ཁང་བའི་མེ་གསོད་ཐད་ལ་མེ་གསོད་ཡོ་ཆད་སྒྲིག་ཆས་འདྲ་མིན་སྣ་ཚོགས་སྒྲིག་འཇུག་བྱེད་པ། སྣ་འཛོམས་རང་བཞིན་གྱི་གཞི་གྲངས་ཆེན་མོ་བེད་སྤྱོད་དང་མེ་གསོད་ཐད་ཀྱི་སྤྱི་ཚོགས་མེ་གསོད་དྲིལ་སྒྲོག་སློབ་གསོ་ལ་སྐུལ་འདེད་བྱས་ཏེ་སྤྱི་ཚོགས་སྟེང་མེ་གསོད་བདེ་འཇགས་ཀྱི་གསབ་སྦྱོང་ལ་ཤུགས་སྣོན་དང་སྤྱི་དམངས་ཀྱི་མེ་གསོད་རྒྱུན་ཤེས་རིམ་བཞིན་མཐོར་འདེགས་སུ་གཏོང་དགོས།

ལོ་ཙཱ་བ། ལྷ་དཔལ་སྐྱབས།