ཁྲིམས་ལུགས་ཁྱབ་བརྡལ་དུ་བཏང་ནས་དཔེ་ལེགས་ཅན་གྱི་གྲོང་མི་བྱེད་ཅེས་པའི་གཏམ་བཤད་འགྲན་བསྡུར་སྤེལ་བ།


ཉེ་ལམ། ཀུའུ་ཁྲིན་ཐེ་སྲང་ལམ། གྲོང་ནུབ་ཆུའུ་ཁྲིམས་འཛིན་ཅུའུ། ཀུའུ་ཁྲིན་ཐེ་ཁྲིམས་འཛིན་ཅུའུ་བཅས་ཀྱིས་མཉམ་འབྲེལ་སྒོས་ཀུའུ་ཁྲིན་ཐེ་རུ་ཁྲིམས་ལུགས་ཁྱབ་བརྡལ་དུ་བཏང་ནས་དཔེ་ལེགས་ཅན་གྱི་གྲོང་མི་བྱེད་ཞེས་པ་དང་ཁྲིམས་ལུགས་ཀྱི་རྨི་ལམ་ཞེས་པ་བརྗོད་གཞི་བྱས་ནས་གཏམ་བཤད་འགྲན་བསྡུར་སྤེལ་བ་རེད། ལས་ཁུངས་དང་སྡོད་ཁུལ་གྱི་བྱ་བ་སྒྲུབ་མཁན་གྱིས་རང་ཉིད་ཀྱི་བྱ་བའི་གནས་ཚུལ་དངོས་ལ་གཞིགས་ནས། ཇི་ལྟར་བྱས་ནས་ཁྲིམས་ལུགས་བཀོལ་ཐབས་སོགས་རང་ཉིད་ཀྱི་འདོད་ཚུལ་ལྟར་ཁྲིམས་སྐྱོང་འཛུགས་སྐྱོང་གི་གལ་ཆེའི་རང་བཞིན་གསལ་བཤད་བྱས་ཡོད་པ་དང་། ཁོ་ཚོའི་གཏམ་བཤད་ལ་ལྟད་མོ་བ་ཚོའི་དགའ་བསུ་ཐོབ་ཡོད།པར་འདི་ནི་གཏམ་བཤད་མཁན་ལ་བྱ་དགའ་གནང་བཞིན་པ་རེད།

ལོ་ཙཱ་བ།རྟ་མགྲིན་དཔལ།