མཚོ་སྔོན་གྱི་གཙང་གསུམ་མགོ་ཁུངས“ཀྲུང་གོའི་སྤུས་ལེགས་ཆུའི”གྲས་སུ་བདམས་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན།    ཉེ་སྔོན་ཀྲུང་གོ་ཁོར་ཡུག་ཚན་རིག་སློབ་ཚོགས་དང《ཁོར་ཡུག་དང་འཚོ་བ》ཞེས་པའི་དུས་དེབ་ཀྱིས་གྲོས་མགོ་བཏོན་པས“ཀྲུང་གོའི་སྤུས་ལེགས་ཆུ་འཚོལ་བ”དང་སྐབས་གཉིས་པའི“ཀྲུང་གོའི་སྤུས་ལེགས་ཆུའི”མགོ་ཁུངས་ཁྱབ་སྤེལ་ཚོགས་འདུ་པེ་ཅིང་ནས་བསྡུས།      གྲོས་ཚོགས་སྟེང་སྐོར་གཉིས་པའི“ཀྲུང་གོའི་སྤུས་ལེགས་ཆུའི”མགོ་ཁུངས་སྤྱི་བསྒྲགས་བྱས་ལ། དེའི་ཁྲོད་དུ་མཚོ་སྔོན་གྱི་གཙང་གསུམ་མགོ་ཁུངས་དང་ཀོའི་ཀྲུའུ་ཁྲི་ཧྲེའི་གཙང་བོ།  ཅིང་ཞིས་དབྱིང་མེན་མཚོ། ཨཱན་ཧོས་ཧྥུའུ་ཙའེ་ལིན་ཆུ་མཛོད་དང་ཧུའུ་ནན་ལིས་ཧྲའེ་གཙང་བོ་སོགས་འབྲི་ཆུའི་དཔལ་འབྱོར་ས་རྒྱུད་ཀྱི་གཙང་བོ་དང་མཚེའུ་ཆུ་མཛོད་སོགས་ཆུའི་མགོ་ཁུངས་ལྔ་བདེ་བླག་གིས་བདམས་ཐོན་བྱུང་།  

སྐབས་གཉིས་པའི“ཀྲུང་གོའི་སྤུས་ལེགས་ཆུ་འཚོལ་བའི”ཁོར་སྲུང་ལས་འགུལ་དེ2017ལོའི་ཟླ་བཞི་བ་ནས་ཀོའི་ཀྲུའུ་ཁྲི་ཧྲེའི་གཙང་བོའི་ས་ཁོངས་ནས་མགོ་བརྩམས་ཏེ།  རིམ་བཞིན་མཚོ་སྔོན་དང་ཅིང་ཞིས། ཧུའུ་ནན།  ཨཱན་ཧོས་སོགས་ཀྱི་ས་ཁུལ་དུ་རྟོབ་ཞིབ་བྱས།  བྱ་འགུལ་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གི་དཔྱད་ཞིབ་ཆེད་མཁས་པས་ཀྲུང་གོ་ཚན་རིག་གླིང་སྐྱེ་ཁམས་ཁོར་ཡུག་ཞིབ་འཇུག་ལྟེ་གནས་ཁོར་ཡུག་ཆུའི་སྤུས་ཚད་རིག་པ་རྒྱལ་ཁབ་ཀྱི་ཚོད་ལྟ་ཁང་གཙོ་བོ་དང་ཁོར་སྲུང་པུའུ་ཧྭ་ལྷོའི་ཁོར་ཡུག་ཚན་རིག་ཞིབ་འཇུག་ཁང་གིས་ཡུལ་དངོས་འཚོལ་བསྡུ་ཆུ་འདྲའི་ཚོད་ལྟ་བྱས་པའི་ཆུ་སྤུས་གཞི་གྲངས་གཞིར་བཟུང་སྟེ།  ཕྱོགས་བསྡུས་དཔྱད་ཞིབ་དང་ཆུའི་མགོ་ཁུངས་ཀྱི་མི་རེའི་ཆ་སྙོམས་ཀྱི་ཆུའི་ནུས་ཁུངས་ཚད་དབྱེ་ཞིབ། སྐྱེ་ཁམས་ཁོར་ཡུག་གནས་ཚུལ།  ཁོར་སྲུང་གི་མ་དངུལ་གཏོང་ཚད་ཀྱི་རྒྱལ་ནང་དཔལ་འབྱོར་གྱི་བསྡུར་ཚད་དང་ཆུ་ཁོངས་སྲུང་སྐྱོབ་སྒྲིག་གཞི་སོགས་ཀྱི་ཕྱོགས་ནས་གཟབ་ནན་གྱིས་དཔྱད་ཞིབ་བྱས་པ་མ་ཟད་སྨྱན་བྱད་གསར་འགོད་པས་བཅའ་འདྲི་རྟོག་ཞིབ་བརྙན་སྒྲོན་སོགས་ལ་ཟུར་ལྟ་བྱས་ཏེ།   མཇུག་མཐར་སྐབས་གཉིས་པའི“ཀྲུང་གོའི་སྤུས་ལེགས་ཆུའི”མཁོ་ཁུངས་བདམས་པ་རེད།

ཕྱོགས་བསྡུས་གཞི་གྲངས་ལས་མངོན་པ་ལྟར་ན།  2017ལོའི་ཆུའི་ཁོར་སྲུང་གི་ཕྱོགས་ནས་རང་ཞིང་གི་ཆུ་སྤུས་ལེགས་ཚད (རིགས་གསུམ་པ་ལས་མཐོ་བ) 94.7%སླེབས་ཡོད་པས། རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་དཔྱད་ཞིབ་དམིགས་འབེན84.2%ལས་10.5%མཐོ་ལ་སྦགས་བཙོག་ཆུ་རིགས་ལྔ་བོའི་སྤུས་ཚད་ཀྱི་བསྡུར་ཚད་གོར་ཐིག་རེད།  འབྲི་ཆུ་དང་རྨ་ཆུ། རྫ་ཆུ། ནག་ཆུ་བཅས་ཞིང་ཆེན་བརྒལ་བའི་ཆུའི་སྤུས་ཚད་རྒྱུན་མཐུད་བརྟན་བརླིང་གིས་རིགས་གཉིས་པའི་ཡན་ལ་སླེབས་ཡོད།   མཚོ་སྔོན་པོའི་ཆུ་ཁོངས་དང་ཚྭ་འདམ་གཞོངས་གཙང་བོ།  མཚེའུ་གཙོ་བོའི་ཆུའི་སྤུས་ཚད་ཆ་སྙོམས་ཀྱིས་རིགས་གསུམ་པར་རྒྱུན་འཁྱོངས་བྱས་ཡོད།  ཙོང་ཆུའི་སྤུས་ཚད་རྒྱུན་མཐུད་ཀྱིས་ལེགས་བཅོས་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་རྫོང་རིམ་པ་ཡན་གྱི་མཁར་གྲོང་གཅིག་བསྡུས་རྣམ་པའི་འཐུང་ཆུའི་མགོ་ཁུངས་ཀྱི་ཆུའི་སྤུས་ཚད་ཡོང་རྫོགས་ཚད་ལྡན་ཡིན་པའམ་ཆུ་རིགས་གསུམ་པ་ལས་ལེགས་པ་རེད།