༢༠༡༧ལོའི་དམར་གཙང་སོགས་རྫོང་བདུན་དབུལ་བོ་ཐར་བའི་སྐོར་གྱི་སྤྱི་བསྒྲགས།

ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུང་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིང་གིས་དབུལ་བོ་ལས་ཐར་བའི་ལམ་ལུགས་འཛུགས་པའི་སྐོར་གྱི་བསམ་འཆར་དང་མཚོ་སྔོན་ཞིང་ཆེན་གྱི་དབུལ་བོའི་ཡིག་ཚགས་བཟོས་པའི་མི་འབོར་དང་གྲོང་ཚོ་དབུལ་བོ་ལས་ཐར་བ། རྫོང་དབུལ་བོའི་ཞྭ་མོ་ཕུད་པའི་ལག་བསྟར་འཆར་ཇུས་བཅས་ཀྱི་འབྲེལ་ཡོད་གཏན་འབེབས་དང་བླང་བྱ་གཞིར་བཟུང་། རྫོང་གིས་སྙན་ཞུ་དང་། ཁུལ་རིམ་པའི་ཐོག་མའི་ཞིབ་དཔྱད།  ཞིང་ཆེན་རིམ་པའི་ཞིབ་བཤེར་བཅས་བརྒྱུད་དེ། མཚོ་ཤར་གྲོང་ཁྱེར་གྱི་དམར་གཙང་ཁུལ་དང་། ཡ་རྫི་རྫོང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ན་གོར་མོ་གྲོང་ཁྱེར། གཏེར་ལེན་ཁ་གྲོང་ཁྱེར།  དབུས་ལམ་རྫོང་། ཐེམ་ཆེན་རྫོང་བཅས་དང་། མཚོ་བྱང་བོད་རིགས་སྐྱོང་ཁུལ་རྐང་ཚ་རྫོང་སོགས་རྫོང་དང་གྲོང་ཁྱེར་ཆུས་བཅས་བདུན་༢༠༡༧ལོའི་འཆར་འགོད་ལྟར་དབུལ་སྒྲོལ་གྱི་འོས་འགན་དུས་ལྟར་ལེགས་འགྲུབ་བྱུང་ནས་རྫོང་དབུལ་བོའི་ཞྭ་མོ་ཕུད་པའི་ཚད་གཞི་དང་ཡོངས་སུ་མཐུན་པས།  དབུལ་བོ་ལས་ཐར་སོང་བའི་གནས་ཚུལ་འདིར་ཡོངས་བསྒྲགས་བྱས་པ་ཡིན།

ཡོངས་བསྒྲགས་ཀྱི་དུས་ཚོད་ནི༢༠༡༨ལོའི་ཟླ༢པའི་ཚེས༢༦ཉིན་ནས་ཟླ༣པའི་ཚེས༤ཉིན་བར་ཡིན་ཞིང་། ཡོངས་བསྒྲགས་ཀྱི་སྐབས་སུ་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་ལས་རིགས་ཁག་དང་རྒྱ་ཆེའི་ཞིང་འབྲོག་པས་ལྟ་རྟོག་གནང་རྒྱུ་གལ་ཆེ། གལ་ཏེ་མི་སྒེར་དང་ལས་ཁུངས་གང་རུང་ལ་བསམ་ཚུལ་དང་བསམ་འཆར་ཡོད་ཚེ་ཁ་པར་དང་། འབྲེལ་གཏུག་བྱེད་སྟབས་གང་རུང་སྤྱད་དེ་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ལས་དོན་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་ལ་བསམ་འཆར་བཏོན་ཆོག

འབྲེལ་གཏུག་བྱ་ཡུལ། ཟི་ལིང་གྲོང་ཁྱེར་སྲང་ཆེན་ནུབ་མའི་ཨང་རྟགས༡༢བ་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུས། འབྲེལ་གཏུག་ཁ་པར། (0971)12317,8214675བཅས་ཡིན་ནོ། །

གཤམ་ནི་༢༠༡༨ལོའི་རྫོང་དབུལ་བོ་དང་གྲོང་ཁྱེར། ཆུས་བཅས་དབུལ་ཐར་ལེགས་འགྲུབ་བྱུང་ཚུལ་གྱི་རེའུ་མིག་ཡིན།

ལོ་ཙཱ་བ། ཁོན་ཐར་འཚོ།