ཟླ2པའི་ཚེས18ཉིན་འགྲིམ་འགྲུལ་དོན་རྐྱེན་སློང་མཁན་བྲོས་བྱོལ་བྱས་པའི་གྱོད་དོན་རྩད་ཆོད་བྱུང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ2པའི་ཚེས24ཉིན། ཟི་ལིང་འགྲིམ་འགྲུལ་ཉེན་རྟོག་གི་སྐད་འཕྲིན་སྤྱི་སྟེགས་སུ་ཟླ2པའི་ཚེས18ཉིན་ཟི་ལིང་གྲོང་ཁྱེར་མཁར་བྱང་ཁུལ་ཚྭ་འདམ་ལམ་གྱི་མཚོ་བོད་ས་མཐོའི་བསྡུ་འགྲེམས་ལྟེ་གནས་ཀྱི་སྒོ་རྟགས2པའི་ཤར་ཕྱོགས་སུ་མི་མང་པོར་རྨས་སྐྱོན་ཕོག་རྗེས་འགྲིམ་འགྲུལ་དོན་རྐྱེན་སློང་མཁན་བྲོས་བྱོལ་བྱས་པའི་གྱོད་དོན་ཞིབ་བཤེར་བརྡ་ཁྱབ་བཏང་བ་བརྒྱུད། ཟླ2པའི་ཚེས27ཉིན་གྱི་སྔ་དྲོར་གྱོད་དོན་འདི་བདེ་ལེགས་ངང་རྩད་ཆོད་བྱུང་སོང་།

རྒྱུས་ལོན་བྱུང་བ་ལྟར་ན། ཟླ2པའི་ཚེས18ཉིན་གྱི་དུས་ཚོད18སྟེང་། མཁར་བྱང་ཁུལ་ཚྭ་འདམ་ལམ་གྱི་མཚོ་བོད་ས་མཐོའི་བསྡུ་འགྲེམས་ལྟེ་གནས་ཀྱི་སྒོ་རྟགས2པའི་ཤར་ཕྱོགས་སུ་མི་མང་པོར་རྨས་སྐྱོན་ཕོག་རྗེས་འགྲིམ་འགྲུལ་དོན་རྐྱེན་སློང་མཁན་བྲོས་བྱོལ་བྱས།གྲོང་ཁྱེར་གྱི་འགྲུམ་འགྲིལ་སྡེ་ཁག་གིས་ཞིབ་བཤེར་བྱས་པ་བརྒྱུད། དོན་རྐྱེན་སློང་མཁན་གྱི་རླངས་འཁོར་དེ་ནི་བོའོ་ལུན་རྟགས་ཅན་གྱི་ཟོང་སྐྱེལ་རླངས་འཁོར་ཆུང་བ་ཞིག་ཡིན་པ་དང་། རླངས་འཁོར་དེས་ཨང་རྟགས་རྫུན་མ་ཡིན་པ་དང་། དོན་རྐྱེན་བྱུང་རྗེས་རླངས་འཁོར་འདི་ཚྭ་འདམ་ལམ་གྱི་ཤར་ཕྱོགས་སུ་བྲོས་བྱས་པ་དང་། གྲོང་ཁྱེར་འགྲུམ་འགྲིམ་འགྲུལ་དོ་དམ་ཅུའུ་ཡི་ལས་འཛོལ་རུ་ཆེན་གྱི་བྲོས་འདེད་རུ་འབྲིང་གིས་འབད་བརྩོན་ལྷོད་མེད་ངང་རྟོག་དཔྱོད་དང་བདེན་དཔང་བླངས་པ་བརྒྱུད། ཟླ2པའི་ཚེས27ཉིན་གྱི་དུས་ཚོད10སྟེང་། པའོ་ཅྭ་སྡེ་བའི་དོགས་ཡོད་ཉེས་ཅན་མཱ་ག་གེ་མོ་ཡུལ་ནས་འཛིན་བཟུང་བྱས་པ་དང་།དོགས་ཡོད་ཉེས་ཅན་མཱ་ག་གེ་མོ་ཡིས་ཉེས་སྐྱོན་ཚང་མ་ངོས་ལེན་བྱས་སོང་།

མིག་སྔར། གྱོད་དོན་སྔར་ལས་ལྷག་པའི་སྒོ་ནས་ཞིབ་དཔྱོད་བྱེད་སྒང་ཡིན་ནོ།།

ལོ་ཙཱ་བ།རྟ་མགྲིན་དཔལ།