རང་བྱུང་སྲུང་སྐྱོང་ཁུལ་གྱི་མི་སྟོང་ལྷག་ལ་འགན་འཁྲི་བདའ་འདེད་བྱས་ནས་ཁེ་ལས༢༤༦༠གྱི་སྒོ་བརྒྱབ་པ།

ན་ནིང་གི་ཟླ༡༢པའི་བར་ལ།  ཁོར་སྲུང་པུའུ་སོགས་སྡེ་ཚན་གྱིས་མཉམ་འབྲེལ་ཐོག་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་ཕབ་ལྗང་ཞེས་པའི་ཆེད་དོན་རྟོག་ཞིབ་ཀྱི་ལས་འགུལ་སྤེལ་ནས་རང་བྱུང་སྲུང་སྐྱོང་ཁུལ་དང་འབྲེལ་བའི་ཁོངས་སྣེ་གནད་དོན་ཅན་༢༠༨༠༠ཐག་གཅོད་བྱས།  ཉེ་ལམ་ཁོར་སྲུང་པུའུ་ནས་གནས་ཚུལ་གསར་བ་བསྒྲགས་དོན།  ས་གནས་ཁག་གིས་མི་༡༡༠༠ལྷག་གི་འགན་དེད་པའི་ཁྲོད་དུ་ཐིང་རིམ་པའི་ལས་བྱེད༦༠དང་།ཁྲུའུ་རིམ་པའི་ལས་བྱེད༢༤༠ལྷག་བཅས་ལ་ཁོར་སྲུང་པུའུ་ཡི་ངོ་སྤྲོད་འོག   ཕབ་ལྗང་ཞེས་པའི་ཆེད་དོན་ལས་འགུལ་སྤེལ་ཏེ།  ཚད་མིན་ཁེ་ལས༢༤༦༠ ཡི་སྒོ་རྒྱག་ཏུ་བཅུག་པ་དང་།  ཁང་པའི་སྒྲིག་བཀོད་སྨི་གྲུ་བཞི་མ་ཁྲི༥༩༠ལྷག་བཙན་གྱིས་བཤུག་ཏུ་བཅུག་ནས་གནད་དོན་༡༣༡༠༠ལྷག་དག་ཐེར་བྱས་པ་དང་། དག་ཐེར་གྱི་ཚད་བརྒྱ་ཆའི༦༢.༨རེད།

ལས་འགུལ་འདི་ནི་༢༠༡༧ལོའི་ཟླ༧པའི་ཚེས༡༢ཉིན་ལ་ཁོར་སྲུང་པུའུ་དང་། རྒྱལ་དབང་ས་ཞིང་ཐོན་ཁུངས་པུའུ། ཆུ་བེད་པུའུ། ནགས་ལས་ཅུས།  ཀྲུང་གོའི་ཚན་རིག་གླིང་། རྒྱ་མཚོ་ཅུས་སོགས་སྡེ་ཚན་བདུན་གྱིས་མཉམ་འབྲེལ་ཐོག་བསྒྲུབས་པ་ཞིག་རེད།

ཐེངས་འདིའི་ལས་འགུལ་ཡོངས་སུ།  རྒྱང་ཚོར་བརྙན་པར་དང་།  རང་འཕུར་གནམ་གྲུ།  སྤོ་འགུལ་ལྟ་རྟོག་APPལ་སོགས་པའི་ལག་རྩལ་སྣ་མང་པོ་སྤྱད་ཡོད་ཅིང་།  ཁོར་སྲུང་པུའུ་སོགས་སྡེ་ཚན་བདུན་གྱི་གྲུབ་པའི་སྐོར་ཞིབ་ཚན་ཆུང་༡༠ཡིས་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་ཆུས།  གྲོང་ཁྱེར་བཅས༣༡གི་རང་སྐྱོང་སྲུང་སྐྱོང་ཁུལ་༡༣༠༠ལྷག་གི་ཡུལ་དངོས་སུ་བསྐྱོད་དེ་སྐོར་ཞིབ་བྱས་ཡོད་པ་རེད།

ལོ་ཙཱ་བ། ཁོན་ཐར་འཚོ།