འབྲི་སྟོད་རྫོང་གི༼ གསུམ་མེད ༽ལོ་ལོན་དག་ལ༼ ལྔ་སྲུང ༽ཡོད་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དྲིན་བཟོའི་རྒན་གསོ་ཁང་དུ། ཉིན་གུང་གི་རྗེས་སུ་ལོ་ལོན་རྣམས་ཉི་མར་ལྡེ་ཞོར་ལས་ལས་མ་ཎི་སྐོར་བཞིན་ཁ་འདོན་བྱེད་ཀྱི་ཡོད་པ་དང་། ལ་ལས་སྐྱིད་པའི་སྐོར་བྲོ་འཁྲབ་ཀྱི་འདུག ད་དུང་མང་པོ་ཞིག་གིས་ཁ་བརྡ་བྱེད་ཞོར་ཇ་འཐུང་བཞིན་པ་དང་མིག་མངས་རྩེད་ཀྱི་ཡོད་པ་མ་ཟད། ལ་ཤས་ཀྱི་དཔེ་ཀློག་བྱེད་ཀྱི་འདུག

དྲིན་བཟོ་རྒན་གསོ་ཁང་ནི་འབྲི་སྟོད་རྫོང་རྒྱ་རྗེ་གྲོང་བརྡལ་ན་ཡོད་པ་དང་། ཡུལ་འདི་ནི་མཚོ་ངོས་མཚོ་ཚད་ལ་རྨི4500ཅན་གྱི་འབྲི་ཆུའི་འགོ་ཁུངས་ཡིན་འདུག དྲིན་བཟོ་རྒན་གསོ་ཁང་ནི་ཡུལ་ཤུལ་གྱི་ས་འགུལ་རྗེས་སུ་སྲིད་གཞུང་གིས་མ་དངུལ་བཏང་ནས་སླར་སྐྲུན་བྱེད་སྐབས་གྲོང་བརྡལ་གྱི་རྒན་གསོ་ཁང་དང་མཉམ་དུ་བསྲེས་པ་རེད། ད་ལྟའི་རྒྱ་ཁྱོན་ལ་རྨི་གྲུ་བཞི་མ9000ཡོད་པ་དང་། བསྡོམ་པས་ལོ་ལོན༼   ལྔ་སྲུང  ༽ 95ཡོད་པ་དང་། དེའི་ཁྲོད་ལོ་ན་ཆེས་མཐོ་བ་ནི93དང་། ཆེས་ཆུང་བ་ནི52ཡིན་པ་རེད།

ལྔ་སྲུང་ནི་ཟ་མ་དང་གྱོན་པ། སྨན་བཅོས། སྡོད་ཁང་། དུར་མཆོད་བཅས་ལ་འགན་སྲུང་བྱེད་པ་རེད། རྒྱལ་ཁབ༼ ཞིང་སྡེ་ལྔ་སྐྱོང་འགན་གསོ་བྱ་བའི་སྲོལ་ཡིག༽གྱི་ བཅའ་ཁྲིམས་ཀྱི་ཐོག་ནས་རྒྱ་ཆེ་བའི་ཞིང་སྡེ་ཡི་ངལ་རྩོལ་ནུས་ཤུགས་མེད་པ་དང་། དཔལ་འབྱོར་ཡོངས་ཁུངས་མེད་པ། བུ་དང་བུ་མོ་མེད་པའི་ལོ་ལོན་རྣམས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་བྱེད་པ་རེད།

 འབྲི་སྟོད་རྫོང་རྡོ་ཚེར་ཞང་ལྷ་རི་སྡེ་བ་ཡི་ལོ་ལོ་ན73ཅན་གྱི་བོད་རིགས་རྒན་པ་ཡུང་ཡེ་ནི་ཆུང་དུས་ནས་ཕ་མ་གཉིས་ཚེ་ལས་འདས་རྗེས་ཨ་ཅེ་དང་ཁོ་གཉིས་ཀྱིས་གཅིག་ལ་གཅིག་བརྟེན་གྱི་འཚོ་བ་རོལ་ནས་ནར་སོན་པ་ཞིག་རེད། ཨ་ཅེ་གཉེན་སྒྲིག་བྱས་རྗེས་ཁོ་མོ་གཅིག་པུའི་ད་ལྟའི་བར་ཁེར་རྐྱང་གི་འཚོ་བ་རོལ་བ་རེད། དྲིན་བཟོ་རྒན་གསོ་ཁང་གིས་ཁོ་མོ་ལ་འཚོ་བའི་རྟེན་གཞི་ཕྱུགས་ཟོག་དང་ཞིང་ས་སོགས་གང་ཡང་མེད་པ་ཤེས་རྗེས་ཁོ་མོ་ལ་འབྲེག་གཏུག་བྱས་ཏེ་ཚུར་དྲིན་བཟོ་ཁང་དུ་བླངས་པ་རེད། 

འདི་ནི་ང་ཡི་ཕ་ཡུལ་ཡིན། བདག་གིས་སྐར་མ་གང་གི་འགྲོ་སྒོ་གཏོང་མི་དགོས་པ་མ་ཟད། ད་དུང་ཟླ་རེར་སྒོར་མོ་བྱིན་གྱི་འདུག ངོ་མ་བཀའ་དྲིན་ཆེ་ཞེས་ཡང་ཡེ་ཡིས་གསར་འགོད་པར་བཤད།

  2015ལོར་རྫོང་འདི་ཡིས་དམངས་འཚོར་སྒོར་དུང་ཕྱུར4ལྷག་བཏང་བ་རེད། སྤྱིར་བཏང་གི་སྔོན་རྩིས་བྱས་པ་ལྟར་ན་ནོར་སྲིད་ཕྱོགས་སུ89%བཏང་འདུག འབྲི་སྟོད་རྫོང་གི་དྲིན་བཟོ་རྒན་གསོ་ཁང་གི་འགོ་གཙོ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། ལོ་ལོན་དག་དྲིན་བཟོ་རྒན་གསོ་ཁང་གི་ནང་ལ་ཡོང་བའི་ཉིན་དེ་ནས་བཟུང་གྱོན་པ་དང་ཟ་མ། འགྲོ་འདུག སྨན་བཅོས་སོགས་ཚང་མ་སྲིད་གཞུང་གིས་རྩིས་རྒྱག་གི་ཡོད་པ་མ་ཟད། ལོ་ལོན་དག་གི་དུར་མཆོད་ལ་ཡང་འབྲེལ་ཡོད་ལས་བཟོ་མི་སྣ་ཡིས་འགན་ཁུར་བྱེད་ཀྱི་ཡོད་པ་རེད།

མིག་སྔར།དྲིན་བཟོ་རྒན་གསོ་ཁང་ནི་སྐར་གསུམ་རིམ་པ་ཡིན་པ་དང་། རྒན་གསོ་ཁང་འདི་ཡི་ལོ་ལོན་དག་གིས་སྐར་གང་གི་ འགྲོ་སྒོ་གཏོང་མི་དགོས་པ་མ་ཟད། ཁོ་ཚོ་ལ་བདག་སྐྱོང་བྱེད་མཁན་གྱི་ལས་བཟོ་བ21གི་གླ་ཕོགས་ཀྱང་སྲིད་གཞུང་གིས་གནང་གི་ཡོད་པ་རེད།

ལོ་ཙཱ་བ།རྟ་མགྲིན་དཔལ།