མཚོ་སྔོན་གྱིས་དེང་རབས་ཅན་བསྡོམས་རྩིས་རྟོག་ཞིབ་མ་ལག་མགྱོགས་མྱུར་གྱིས་བསྐྲུན་རྒྱུ་ཡིན་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན།   ཉེ་སྔོན།   གསར་འགོད་པས་ཞིང་ཆེན་ཡོངས་ཀྱི་བསྡོམས་རྩིས་རྟོག་ཞིབ་བྱ་བའི་གྲོས་ཚོགས་སྟེང་རྒྱུས་ལོན་པ་ལྟར་ན།  ད་ལོར་རྒྱལ་ཁབ་བསྡོམས་རྩིས་ཅུའུ་མཚོ་སྔོན་རྟོག་ཞིབ་སྤྱི་རུ་ཁག་གིས་བསྡོམས་རྩིས་སྒྲིག་གཞི་འཐུས་ཚང་དུ་བཏང་སྟེ། རུ་ཁག་གི་ལས་ཀ་བགོས་ནས་ལེགས་སྒྲིག་བྱེད་རྒྱུ་དེ་དམ་འཛིན་བྱས་ནས་ཚན་རིག་དང་མཐུན་པའི་སྒོ་ནས་ཐོན་ཁུངས་བཀོད་སྒྲིག་ཇེ་ལེགས་སུ་བཏང་།   བསྡོམས་རྩིས་བཅོས་སྒྱུར་གསར་སྐྲུན་ཤུགས་ཆེན་པོས་སྐུལ་འདེད་བྱས་ཏེ་རྟོག་ཞིབ་རུ་ཁག་གི་ལེགས་ཆ་འདོན་སྤེལ་གང་ལེགས་དང་རྒྱུན་སྲོལ་བསྡོམས་རྩིས་རྟོབ་ཞིབ་ཀྱི་ཆུ་ཚད་མུ་མཐུད་དུ་མཐོ་རུ་བཏང་སྟེ་དུས་རབས་གསར་བའི་དེང་རབས་ཅན་བསྡོམས་རྩིས་རྟོག་ཞིབ་མ་ལག་མགྱོགས་མྱུར་གྱིས་བསྐྲུན་རྒྱུ་རེད།

ངོ་སྤྲོད་བྱས་པ་ལྟར་ན།     མཚོ་སྔོན་གྱིས་ངལ་རྩོལ་ནུས་ཤུགས་རྟོག་ཞིབ་ཀྱི་རྩ་འཛུགས་ལག་བསྟར་དང་ལས་འགན་གསོ་སྦྱོང་།   གཞི་གྲངས་བསྡུ་ཉར།    དཔྱད་ཞིབ་ཡར་ཞུ་སོགས་ཀྱི་བྱ་བ་ནན་གྱིས་བསྒྲུབ་པ་དང་།    ངལ་རྩོལ་ནུས་ཤུགས་རྟོག་ཞིབ་གཞི་གྲངས་ཐག་གཅོད་དང་དབྱེ་ཞིབ་བྱ་བ་ལེགས་པོར་བསྒྲུབ་པ།     ལས་ཤོར་ཚད་རྟོག་ཞིབ་བྱས་པའི་གཞི་གྲངས་ཁྱབ་བསྒྲགས་དང་སྒྲོག་འདོན་བྱ་བ་ལེགས་པོར་བསྒྲུབ་ཏེ་རྟོག་ཞིབ་རུ་ཁག་གི་ཚོང་རྟགས་གསར་བ་གསར་སྐྲུན་བྱེད་རྒྱུ་རེད།      དུད་ཁྱིམ་རྟོག་ཞིབ་བཀོལ་སྤྱོད་སྟེགས་བུ་ལ་བརྟེན་སྔོན་ལ་ལག་བསྟར་དང་ཚོད་ལྟ་བྱེད་པའི་རྩ་དོན་གཞིར་བཟུང་སྟེ་ཆ་རྐྱེན་ཡོད་ལ་མོས་འདུན་ཡོད་པའི་དུད་ཁྱིམ་ཀྱིས་གློག་རྡུལ་ཟིན་འགོད་ཚོད་ལྟ་བྱེད་པར་སྐུལ་འདེད་བྱས་ཏེ།   ཕུན་སུམ་ཚོགས་པའི་ཉམས་མྱོང་བསགས་པའི་རྨང་གཞིའི་སྟེང་ཞིང་ཆེན་ཡོངས་ལ་ཁྱབ་བརྡལ་དུ་བཏང་སྟེ་སྡོད་དམངས་ཀྱི་ཡོང་འབབ་ཆ་འཕྲིན་ལྟ་ཞིབ་ཚད་ལེན་གྱི་ཆུ་ཚད་ཇེ་མཐོར་བཏང་རྒྱུ་རེད།