རང་ཞིང་གིས་ནོར་སྲིད་མ་དངུལ་དུང་ཕྱུར169བཀོད་སྒྲིག་བྱས་ཏེ་སྐྱེ་ཁམས་བཟོ་སྐྲུན་གལ་ཆེན་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན།    གསར་འགོད་པས་ཞིང་ཆེན་ནོར་སྲིད་ཐིན་ནས་རྒྱུས་ལོན་པ་ལྟར་ན།     རང་ཞིང་གིས་ནོར་སྲིད་མ་དངུལ་དུང་ཕྱུར169བཀོད་སྒྲིག་བྱས་ཏེ་སྐྱེ་ཁམས་བཟོ་སྐྲུན་གལ་ཆེན་འཛུགས་སྐྲུན་སྐུལ་འདེད་བྱེད་པར་རྒྱབ་སྐྱོར་བྱས། སྦགས་བཙོག་འགོག་སྲུང་བཅོས་སྐྱོང་གི་མཁྲེགས་གཏོར་འཐབ་ཇུས་ལ་འགན་སྲུང་དང་སྐྱེ་ཁམས་དཔལ་ཡོན་བཅོས་སྒྱུར་ལ་རོགས་འདེགས་བྱས་ཏེ་ལྗང་མདོག་འཕེལ་རྒྱས་ཀྱི་གནས་བབ་གསར་བ་ཤུགས་ཆེན་པོས་གསར་སྐྲུན་བྱས།  

སྐྱེ་ཁམས་བཟོ་སྐྲུན་གལ་ཆེན་དང་ལྔང་མདོག་ཐོན་ལས་ཕྱོགས་ནས་རང་ཞིང་གིས་ནོར་སྲིད་མ་དངུལ་དུང་ཕྱུར6.3བཀོད་སྒྲིག་བྱས་ཏེ།   གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞིའི་ཚོད་ལྟའི་ས་ཚུགས་ཀྱི་བྱ་བ་དང་གླིང་ཁུལ་གྱི་གཞི་གྲངས་ཆེན་མོ་འཛུགས་སྐྲུན།   རྒྱལ་ཁབ་སྤྱི་གླིང་ཚན་རིག་ཁྱབ་རྡལ་སློབ་གསོ་ཞབས་ཞུའི་སྒྲིག་ཆས།   རྒྱལ་ཁབ་ནགས་ཚལ་སྤྱི་བདེ་མངགས་གཏོང་ཁང་དང་ཁོར་ཡུག་བཅོས་སྐྱོང་སོགས་ལ་རྒྱབ་སྐྱོར་བྱས།      ནུས་ཁུངས་གསར་བ་རྒྱབ་སྐྱོར་བྱེད་ཐུབ་པའི་གློག་འདོན་འཕྲུལ་འཁོར་ཆན་ཝྭ་ཁྲི1000ཉེ་བ་ཞིག་བཙུགས་ནས་གློག་འདོན་ཚད་20%སླེབས་ཡོད།    རྒྱལ་ཡོངས་ནས་ཐོག་དང་པོར་བསྟུད་མར་དུས་ཚོད168ལ་ནུས་རྒྱུ་གཙང་མའི་གློག་འདོན་མངོན་འགྱུར་བྱས་ལ། ན་གོར་མོ་དང་གཏེར་ལེན་ཁ་གཉིས་རྒྱལ་ཁབ་འོད་ཤུགས་གློག་གཏོང་གི་སྣེ་ཁྲིད་རྟེན་གཞི་རུ་ཚུད་ནས་རྒྱལ་ཁབ་ཀྱི་ནུས་ཁུངས་གསར་བའི་རྟེན་གཞི་བརྟན་བརླིང་གིས་འཛུགས་སྐྲུན་བྱེད་ཐུབ་པ་བྱུང་།  

མདོ་ལ་རི་བོའི་རི་ཆུ་ནགས་གསུམ་གྱི་སྐྱེ་ཁམས་སྲུང་སྐྱོབ་སླར་གསོ་ཚོད་ལྟའི་ས་ཚུགས་ཀྱི་རྣམ་གྲངས་ལ་རྒྱབ་སྐྱོར་བྱས།    “རི་ཆུ་ནགས་གསུམ་ནི་ཚེ་སྲོག་ཞིག་གི་ཐུན་མོང་གི་སྒྲིག་གཞི་ཡིན་པའི”འདུ་ཤེས་གཞིར་བཟུང་སྟེ་ཆེད་སྤྱོད་མ་དངུལ་དུང་ཕྱུར20གཤམ་སྤྲོད་བྱས་ཏེ།   མདོ་ལ་རི་བོའི་རི་ཆུ་ནགས་གསུམ་གྱི་སྐྱེ་ཁམས་སྲུང་སྐྱོབ་སླར་གསོ་ཚོད་ལྟའི་ས་ཚུགས་ཀྱི་རྣམ་གྲངས་ཐད་དང་མདོ་ལ་རི་བོའི་ས་ཁོངས་ཡོངས་ཀྱི་གནམ་ས་གཞི་གཅིག་ཅན་གྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་མ་ལག་འཛུགས་སྐྲུན་ཁྱོན་ཡོངས་ལ་ཁེབས་པར་བྱེད་པའི་ཐད་བཀོལ་ནས།    སྐྱེ་ཁམས་སྲུང་སྐྱོབ་དང་སྐྱེ་ཁམས་བདེ་ཐང་དཔྱད་ཞིབ།  སྐྱེ་ཁམས་དཔལ་ཡོན་བཅོས་སྒྱུར་ལམ་ལུགས་དོན་འཁྱོལ་སོགས་ཀྱི་རྣམ་གྲངས་ལ་སྐུལ་འདེད་བྱས།