བོད་ཀྱི་ཧའོ་ལའེ་ཝུའུ་བུད་མེད་གཙོ་འཁྲབ་པ་ཐོག་མ།

Lhakpa Tsamchoeནི་1972ལོར་རྒྱ་གར་ལྷོ་ཕྱོགས་ཀྱི་བོད་ཁྱིམ་ཞིག་ནས་སྐྱེས།  རྗེས་སུ་རྒྱ་གར་ལྷོ་ཕྱོགས་པཱན་ཅ་ལོ་ཨར་གྲོང་ཁྱེར་གྱི་གཞུང་བཙུགས་སློབ་གྲྭ་དང་སློབ་གྲྭ་ཆེན་མོ་ནས་དེང་རབས་སློབ་གསོ་མྱོང་ཐུབ་པ་བྱུང་།    རྫས་འགྱུར་དང་སྐྱེ་དངོས་རིག་པ།  སྲོག་ཆགས་རིག་པའི་དངོས་གཞིའི་བསླབ་གནས་བླངས། 1997ལོར་འཁྲབ་སྟོན་པ་གྲགས་ཅན་པའོ་ལཱ་ཏིག་ཕིས་ཐིག་དང་ཏཱ་ཝའེ་ཞིག་ལིས་སུའུ་མཉམ་དུ་བོད་རིགས་བརྗོད་བྱ་ཡིན་པའི་ཧའོ་ལའེ་ཝུའུ་གློག་བརྙན་འཁྲབ་ཏེ། འཛམ་གླིང་སྟེང་ཧའོ་ལའེ་ཝུའུ་གློག་བརྙན་འཁྲབ་མཁན་བོད་རིགས་བུད་མེད་གཙོ་འཁྲབ་པ་ཐོག་མ་རུ་གྱུར། 

《ཧི་མ་ལ་ཡ》གློག་བརྙན་ཁྲོད་ཀྱིLhakpa Tsamchoe།

1999ལོར་བསྟན་པའི《ཧི་མ་ལ་ཡ》གློག་བརྙན་ཁྲོད་འཁྲབ་སྟོན་བྱས་པ་ལ་སྐབས72པའི་ཨའོ་སི་ཁཱ་ཕྱི་སྐད་གློག་བརྙན་རྩེ་གྲའི་བྱ་དགའི་མིང་འདོན་ཐོབ་ལ།  སྐབས13པའི་ཡོ་རོབ་གླིང་གློག་བརྙན་བྱ་དགའི་བརྙན་ཕབ་རྩེ་གྲའི་མིང་འདོན་ཐོབ་པ་དང་སྐབས25བའི་ཧྥ་རན་སི་ཨའོ་སི་ཁཱ་བྱ་དགའི་བརྙན་ཕབ་རྩེ་གྲས་དང་སྒྲ་སྦྱོར་རྩེ་གྲའི་བྱ་དགའ་ཐོབ།  

ཁོ་མོས་བཤད་རྒྱུར།   “ངས་གློག་བརྙན་འཁྲབ་སྟོན་བྱེད་ཐུབ་པ་ཞིག་རྩ་བ་ནས་དྲན་མ་མྱོང་།  སློབ་ཆེན་མཐར་ཕྱིན་རྗེས་སྐབས་དེར་ང་རང་རྩིས་འཁོར་སློབ་ཁྲིད་ཀྱི་གསོ་སྦྱོང་ཞིག་ལ་ཞུགས་ཡོད། དགོང་མོ་ཞིག་ལ་ང་རང་གྲོགས་པོ་སྐོར་ཞིག་མཉམ་དུ་ཏིས་སི་ཁུ་གླུར་གར་ཁང་དུ་རྩེད་རུ་སོང་།   བོད་ལྗོངས་བརྗོད་བྱ་ཡིན་པའི་གློག་བརྙན་བརྙན་ཕབ་ཀྱི་ལས་ཚབ་པ་ཞིག་ཁོ་མོའི་གམ་དུ་ཡོང་ནས་བཅར་འདྲི་བྱས་ཏེ་དུས་ཚོད་གསུམ་ལྷག་འགོར།  དེ་ནས་བརྙན་ཐུང་དང་པར་ཞིག་བླངས་ནས་བུད་སོང་།   གཟའ་འཁོར་གཉིས་ཀྱི་རྗེས་ནས་ང་རང་ལོན་ཏོན་དུ་བརྙན་མིག་ཚོད་ལྟ་བྱེད་དུ་ཡོང་བར་རེ་བ་བཏོན།དེ་ནི་ང་རང་རྒྱ་གར་ནས་ཐོག་དང་པོར་ཕྱི་ལ་སོང་བ་ཡིན། ”

ཧྥ་རན་སིའི་འཁྲབ་ཁྲིད་པ་ཨེ་རོའི་ཁུ་ཝཱ་ལིས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་《ཧི་མ་ལ་ཡ》ཡིས་བརྙན་ཕབ་ས་གནས་དེ་བལ་བོའི་ཏའོ་པའོ་ས་ཆ་ཡིན། “ གློག་བརྙན་དེའི་ནང་རི་བོ་ཧི་མ་ལ་ཡ་སྟེང་གནའ་བོའི་ཚོ་བ་ཞིག་གིས་ནོར་གནག་ལ་ཚྭ་བཀལ་ནས་སྐྱེལ་འདྲེན་བྱེད་པའི་ཚྭ་སྐྱེལ་རུ་ཁག་ཞིག་གི་གཏམ་རྒྱུད་བཤད་ཡོད།  ཐེངས་དེའི་བརྙན་ཕབ་དེ་སྔོན་གྱི་བོད་ལྗོངས་བརྗོད་བྱ་ཡིན་པའི་གློག་བརྙན་དང་བསྡུར་ན་དཀའ་ཁག་ཧང་ཅང་མང་བོ་ཞིག་ལ་འཕྲད།    གློག་མེད་ལ་ལམ་དང་རླངས་འཁོར་ཡང་མེད།      ཁག་དང་བོ་བརྙན་ཕབ་བྱས་རྗེས་སུ། བརྙན་ཕབ་ཚན་ཆུང་ཁག་ཅིག་ཕ་ཡུལ་དུ་ལོ་སར་རོལ་དུ་སོང་སྟེ་དེའི་ཁྲོད་མི་མང་བོ་ཞིག་ཕྱིར་མ་ཡོང་། ཐེངས་དེའི་བརྙན་ཕབ་ལ་ལུས་སེམས་གཉིས་ཀྱི་ཐད་ནས་ཧ་ཅང་དཀའ་ཚེགས་ཆེ་བས་ཚང་མ་ངུས་བྱུང་ལ་ཐ་ན་སྐྱེས་པ་དག་གིས་ཀྱང་མིག་ཆུ་ཤོར།   སྤྱིར་ན་བརྙན་ཕབ་དུས་ཡུན་ནི་ཟླ་གསུམ་ཡིན་ཡང་ང་ཚོས་ཟླ་བ་བརྒྱད་ལ་བརྙན་ཕབ་བྱས། ཡིན་ནའང་ཐེངས་དེའི་བརྙན་ཕབ་དེས་ང་ལ་མཚོན་ན།  ཚེ་འདིར་ཆེས་བརྗེད་མི་ཐུབ་ཅིང་བླ་ན་མཐོ་བའི་ཉམས་མྱོང་ཐེངས་ཤིག་བསྩལ།   ངས《ཧི་མ་ལ་ཡ》བརྙན་ཕབ་ཁྲོད་ངས་སེམས་ཁོངས་ཀྱི་བོད་ལྗོངས་ངོ་མ་དེ་རྙེད་བྱུང་།   གློག་བརྙན་ཧྲིལ་བོ་བརྙན་ཕབ་བྱས་རྗེས་ངས་སེམས་སུ་དོན་དག་ཅི་སྒྲུབ་ཀྱང་ཧུར་བརྩོན་དང་སེམས་ཞིབ་བུས་བསྒྲུབ་ན་བསམ་པའི་ཡུལ་སྐོར་ཐེངས་ཤིག་རེད་བསམ།

ཁོ་མོས་བཤད་རྒྱུར2001ལོའི་ཟླ11པར་ཁོ་མོ་རྒྱ་གར་ནས་ལོ33ཅན་གྱི་ཨ་རིའི་སངས་ཆོས་ལ་དད་མོས་བྱེད་མཁན་མཱེ་ཁུར་ཀུའུ་ལའེ་ཧུའུ་ལིས་དང་འཕྲད་དེ་གཉེན་སྒྲིག་བྱས་རྗེས་ཁུའུ་ལའོ་ལཱ་ཏའོ་ཀྲུའུ་ལ་གནས་སྤར།    Lhakpaབཤད་རྒྱུར་“གལ་ཏེ་སངས་རྒྱས་ཆོས་ལུགས་མིན་ཚེ་ངས་ཁོ་རང་ལ་གཉེན་སྒྲིག་མི་སྲིད།”འདི་ཡང་ཁོ་བཟའ་ཟླ་གཉིས་ཀྱིས་པའོ་ཨར་ཏིག་སྲང་ལམ30ཡི་དཔེ་ཁང་རྙིང་བ་ནས་གཟའ་འཁོར་རེར་ནང་བསྟན་མཚན་ཉིད་རིག་པའི་སློབ་ཁྲིད་བྱས་ཏེ།  འཇིག་རྟེན་ཟང་ཟིང་ལས་ཁ་བྲལ་ཏེ་ལྷིང་འཇགས་ཀྱི་འཚོ་བ་སྐྱེལ་སྟངས་ཞིག་བདམས་པའི་རྒྱུ་རྐྱེན་ཡང་ཡིན།

ལོ་རྒྱུས་སྟེང་གི་ཧའོ་ལའེ་ཝུའུ་བོད་རིགས་བུད་མེད་ཐོག་མ་སྟེ Lhakpaཡིས་གློག་བརྙན་ཁྲོད་བཤད་པ་ལྟར་ཧའོ་ལའེ་ཝུའུ་མཛེས་སྡུག་གི་འཚོ་བ་དོར་ཏེ་མེས་རྒྱལ་དང་རི་ཚོགས་ཀྱི་པང་དུ་ལོག་ཡོད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།